དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་ནོར་ཤ་དང་ལུག་ཤ་ལ་ཤང་ཀངSTCཡིས་ངོས་འཛིན་ཐོབ་སྟེ། མདོ་ལའི་ཞིང་ཕྱུགས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཞུགས་པར་འདེགས་ཤུགས་བསྩལ།

2025-08-21 13:46:42   |   1765

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། མདོ་ལ་རྫོང་གི་སྤུས་ལེགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་མདོ་ལའི་བོད་ལུག་ལུག་ཤ་དང་མདོ་ལའི་ནོར་ཤ་ལ་ཤང་ཀང་གི་ཚད་གཞི་དང་བཤེར་འབེབས་ལྟེ་གནས(STC)སྤུས་ལེགས་ཀྱི་ཁས་ལེན་བདེན་དཔང་ཐོབ་པ་འདིས་མདོ་ལ་རྫོང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་འཛུགས་སྐྱོང་ཐད་ལམ་ཚད་རྡོ་རིང་ལྟ་བུའི་རྒྱལ་ཁ་བླངས་པ་མཚོན། མཐོ་སྒང་གི་སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་རྒྱལ་སྤྱིའི་ཁེ་དབང་གི་ཁས་ལེན་ཐོབ་སྟེ་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན།

01.jpg

02.jpg

ཤང་ཀངSTCསྤུས་ལེགས་ཀྱི་ཁས་ལེན་ནི་རྒྱལ་སྤྱིའི་སྟེང་སྤྱི་མཐུན་གྱི་ཁས་ལེན་པའི་སྤུས་ཚད་དང་བདེ་འཇགས་ཀྱི་ཁེ་དབང་མཚོན་རྟགས་ཡིན་ལ། ཚད་གཞི་ནན་མོ་ཐོན་རྫས་ཀྱི་བདེ་འཇགས་དང་འཕྲོད་བསྟེན། སྤུས་ཚད། ཐོན་སྐྱེད་བརྒྱུད་རིམ་གྱི་ཚོད་འཛིན་སོགས་ཟུར་ཚད་མང་པོ་ལ་ཁྱབ་ཡོད། ཐེངས་འདིའི་ཁས་ལེན་ཐོབ་པ་ནི་མདོ་ལའི་བོད་ལུག་ལུག་ཤ་དང་ནོར་ཤའི་རང་བྱུང་སྤུས་ཀ་མཐོན་པོ་དང་ལྗང་མདོག་བདེ་འཇགས་ཐོན་སྐྱེད་མ་ལག་གི་ཁེ་དབང་ཁས་ལེན་ཡིན་པར་མ་ཟད། ཐོན་རྫས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་དང་ཆས་རྟགས་ཀྱི་རིན་འཕར་ནུས་པ་སྔར་བས་མངོན་གསལ་མཐོ་རུ་སོང་སྟེ་རྩེར་སོན་ཁྲོམ་རར་བསྐྱོད་པའི“གསེར་གྱི་ལྡེ་མིག”ཏུ་གྱུར། དུས་མཉམ་དུ་རང་རྫོང་གི་ཕྱུགས་ལས་ནི་ཚད་གཞི་ཅན་དང་ཆས་རྟགས་ཅན། རྒྱལ་སྤྱིའི་ཅན་དུ་སྤོ་སྒྱུར་བྱུང་བར་མགྱོགས་མྱུར་སྐུལ་འདེད་བཏང་ལ། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་རིན་ཐང་མཐོར་འདེགས་དང་འབྲོག་པའི་རྒྱུན་མཐུད་འབབ་འཕར་ལ་རོགས་འདེགས་བྱས་ནས“མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་སྐྱེ་ཁམས་མིང་བྱང་སྔར་བས་གསལ་བོར་བཟོས་ཤིང་མདོ་ལའི་ཡུལ་ཁོངས་ཀྱི་སྤྱི་སྤྱོད་རྟགས་མའི་སྐད་གྲགས་དང་མཚན་སྙན་ལ་ཤུགས་བསྣན།



མཉམ་སྤྱོད།