དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཐོན་ལས་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐོན་ལས་གྲུབ་སྟངས་ཀྱི་ལེགས་སྒྲིག་ལ་ཕན་འབྲས་མངོན་གསལ་ཐོན།

2025-08-25 19:56:24   |   57

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འདི་དག་གི་རིང་ལ་མདོ་ལ་རྫོང་གིས་གཅིག་གྱུར་འཆར་འགོད་དང་གསར་གཏོད་སྒུལ་སྐུལ་གྱིས་སྦྲེལ་ཐག་གི་འཁོར་རིམ་ཧྲིལ་བོར་ཤུགས་བསྣན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་མགྱོགས་མྱུར་རྒྱ་ཆེར་བཏང་། 

ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་བརྟན་ཐོག་ལེགས་ཕྱོགས་སུ་འཕེལ། “གླིང་གཉིས་ཁུལ་གཉིས་གནས་གསུམ་རྒྱུད་བཞི་རྟེན་གཞི་ལྔ”ཡི་ཐོན་ལས་འཕེལ་རྒྱས་གྲུབ་སྟངས་ལ་རྒྱུན་མཐུད་ལེགས་སྒྱུར་བཏང་ཞིང་། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཚན་དགུ”ཡི་ཆ་སྒྲིག་ལས་གྲྭ་གཞི་རྩའི་ཆ་ནས་བཀོད་སྒྲིག་འདང་ཡོད། རྨོ་ཞིང་སྲུང་སྐྱོང་འགན་འཁྲི་ཁྱོན་ཡོངས་ནས་ནན་མོར་བཏང་སྟེ“ཞིང་མིན་ཅན”“འབྲུ་མིན་ཅན”གྱི་བཅོས་སྒྲིག་ལ་ནུས་པ་ཐོན། ལྗང་མདོག་སྐྱེ་ལྡན་ཁས་ལེན་རྫོང་ཡོངས་ལ་ཁྱབ། མདོ་ལའི་བོད་ལུག་གི་ཚོགས་ཁག་ཚད་གཞི6ཁྱབ་བསྒྲགས་བྱས་ལ། “མདོ་ལའི་ལུག”རྒྱལ་ཁབ་ཀྱི་ཕྱུགས་རིགས་རྒྱུད་འཛིན་ཐོན་ཁུངས་མིང་གཞུང་ནང་ཚུད་དེ་རང་ཞིང་གི་གསར་དུ་ཁས་ལེན་ཐོབ་པའི་ས་གནས་ཀྱི་ཁྱད་ལྡན་ལུག་རྒྱུད་ཤུལ་བཞག་ཐོན་ཁུངས་སུ་གྱུར། རྒྱལ་ཡོངས་ཀྱི་ལུག་ཤ་བྲོ་ཞིམ་ཆེན་མོ་བཅུ་ཡི་གྲས་སུ་བདམས་ཤིང་ཨའོ་མོན་ཁྲོམ་རར་བསྐྱོད་ཐུབ་པ་བྱུང་། 《རྩྭ་ཐང་གི་འབྲོག་གླུ་གསར་བ》ཡི་ལེ་ཚན་མདོ་ལར་བསྐྱོད་པའི་ཆེད་དོན་གསར་འགོད་བྱས་ཤིང་། མདོ་ལའི་ནོར་ཤ་ཤ་མོའི་བག་སོབ་ཤང་ཀང་གི་ཟས་མཆོག་གསོལ་ཅོག་ཏུ་བཤམས། ནོར་ལུག་སྡོམ་པའི་ཁྲི16.45ཕྱིར་འཚོང་བྱས། ཞིང་ཆེན་ཕྱི་ནང་དུ་མདོ་ལའི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་ཐད་གཉེར་ཁང7བཙུགས་པ་བཅས་བརྒྱུད“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོ”ཡི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་སྔར་བས་གྲགས་ཆེན་བྱུང་།

བཟོ་ཚོང་ལས་རིགས་བརྟན་ཐོག་ཡར་འཕེལ་བྱུང་། བཟོ་སྐྲུན་ཁེ་ལས2གསོ་སྐྱོང་བྱས་ཤིང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྔོན་དང་བསྡུར་ན100%ཡི་འཕར། གསེར་ལྡན་མདོ་ལའི་འོ་ལས་ཐོན་རྫས་ཞིང་ཆེན་དམག་ཁུལ་གྱི་ཉོ་སྒྲུབ་སྟེགས་བུ་དང“832”དབུལ་ཐར་ས་ཁུལ་ཞིང་ཞོར་ཐོན་རྫས་ཀྱི་དྲ་ལམ་ཕྱིར་ཚོང་སྟེགས་བུ་རུ་བཅུག འཛད་སྤྱོད་ལ་སྐུལ་བའི་བརྗོད་དོན་རིགས་མི་མཚུངས་པའི་བྱེད་སྒོ་སྣ་མང་སྤེལ། འཛད་སྤྱོད་ལ་སྐུལ་བའི་མ་དངུལ་སྒོར་ཁྲི26བཏང་ཞིང་འཛད་སྤྱོད་སྒོར་ཁྲི150ལྷག་སྐུལ་ཁྲིད་བྱས། “རྙིང་པ་གསར་བརྗེ”ཡི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྲིད་གཞུང་ཁ་གསབ་སྒོར་ཁྲི200ལྷག་བཏང་། ལྷ་ཁམས་མེ་ལན་ཕྱུགས་ལས་ཐོན་རྫས་བཟའ་བཅའི་ཀུང་སི་དང་ལྷད་མེད་ཤྭ་བའི་ཐོན་རྫས་གསར་སྤེལ་ཀུང་སི་སོགས་ཁེ་ལས་ཆུང་གྲས་ལས་རིགས་གསར་གཏོད་གསོ་ཚགས་གླིང་དུ་ཞུགས་ཤིང་གླིང་ཁུལ་གྱི་ཐོན་ལས་གཅིག་སྡུད་ནུས་པ་ལ་མཐོར་འདེགས་ནུས་ལྡན་བྱུང་། 

རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་བྲིན་པོ་བྱུང་། རྒྱལ་ཡོངས་རི་འཛེག་ལུས་སྦྱོང་ཚོགས་ཆེན་དང་རྒྱལ་ཡོངས་སྒར་འདེབས་ཚོགས་ཆེན། མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་རྒྱུགས། “ལྔ་གཅིག”གཟའ་འཁོར་གྱི་མུ་འབྲེལ་བྱེད་སྒོ། “མདོ་ལར་བསྐྱོད་ནས་རྒྱུས་སྲེག་ཟ་བ”ཡི་ཟས་ཞིམ་ཉམས་ལེན་སོགས་རིག་གནས་གནས་སྐོར་གལ་ཆེའི་བྱེད་སྒོ20ལྷག་རྒྱལ་ཁའི་ངང་སྤེལ། ཆིན་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་གྲགས་ཆེན་གྱི་སློབ་མ་མདོ་ལར་བསྐྱོད་པའི་སྤྱི་ཚོགས་གྱི་ཉམས་ལེན་དང་སྐྱེ་ཁམས་ཞིབ་སློབ་བྱེད་སྒོ་སྤེལ། ཡུས་མིང་ཧོང་ཚོགས་པ་མདོ་ལ་རུ་བསྐྱོད་ནས་འོས་སྦྱོར་བྱས་ཤིང་མཉམ་ལས་ཀྱི་འདུན་པ་མངོན། སྐྱེ་ཁམས་ཞིབ་སློབ་བརྗོད་དོན་གྱི་མཁའ་འགྲུལ་དངོས་སུ་གཏོང་མགོ་ཚུགས་ཤིང་ཟླ8པའི་བར་དུ་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི140རུ་ཐོན་ཏེ་ལོ་སྔོན་མ་བསྡུར་ན31%གི་འཕར། ཉིན་གཅིག་གི་ཆེས་མང་བའི་གནས་སྐོར་བའི་མི་ཐེངས་ཁྲི6ལས་བརྒལ། “རྒྱལ་ཡོངས་རྫོང་ཁོངས་ཀྱི་སྒེར་གཏོང་གནས་སྐོར་མ་དཔེ་རྫོང”དུ་བདམས་ཤིང་། “རྒྱལ་ཡོངས་རྫོང་ཁོངས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བོགས་ཤུགས་སྟོབས་ལྡན100ཡི་མིང་ཐོའི”ཨང13པར་སླེབས། ཀྲུང་གོའི་གནས་སྐོར་དུས་དེབ་ཀྱིས་ལྔ་གཅིག་རིང“ཧ་ཅང་དགའ་བསུ་ཐོབ་པའི་རྫོང་ཁོངས་གཅིག”ཏུ་བདམས། “བྱང་གི་མདོ་ལར་བསྐྱོད། གཞུང་ལམ9བར་རོལ”ཅེས་པའི་སྒེར་གཏོང་ལམ་ཐིག་ནུས་ཤུགས་ཡོད་རྒུས་བཏོད། 2025ལོའི་ཚུན་དུ་མདོ་ལ་རིང་མོའི་རྩྭ་ཐང་ནི“ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་དྲུག”གི་ཡ་གྱལ་དུ་བདམས་པ་ནས་ཡང་བསྐྱར《ཀྲུང་གོ་རྒྱལ་ཁབ་ས་ཁམས》ཀྱིས“ཀྲུང་གོའི་ཆེས་མཛེས་པའི་སྒེར་གཏོང་ལམ་ཐིག་ཆེན་མོ་ལྔ”ཡི་གྲས་གཅིག་ཏུ་བདམས།



མཉམ་སྤྱོད།