དེ་རིང་ནི2025ལོའི་ཟླ08པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཐོན་ལས་རིམ་སྤོར་གྱི་སྤུས་འབྲས་མཐོར་འདེགས་ལ་སྐུལ་འདེད་བཏང་བ།

2025-08-26 21:37:18   |   18

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་གིས་སྐྱེ་ཁམས་སྔོན་ཐོན་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་སྒོས་རི་ཆུ་ནགས་ཞིང་དང་། མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོ་ལ་སྤྱི་འདོམས། ཐཱན་འཕྲི་སྦགས་ཉུང་གི་ལྗང་བསྐྱེད་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་། 

སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་བཏང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམ་སྒུག་ཁུལ)མཚོ་བྱང་ཡུག་ཁུལ་མཉམ་སྐྲུན་མཉམ་དོམ་མཉམ་སྤྱོད་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རྩྭ་ཐང་སྐྱེ་ཁམས་ཞིབ་འཇུག་གླིང་དང་འབུམ་རམས་པའི་ལས་དོན་ས་ཚིགས་ཀྱི་སྒོ་བྱང་བཀལ་ནས་གཞི་ཚུགས། བེ་རུག་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་ཐད་སྤྱིའི་མ་དངུལ་སྒོར་ཁྲི8354བཏང་བའི་ལས་གཞི་སོགས་སྐྱེ་ཁམས་ལས་གྲྭ་ཆེན་པོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང“ཕྱིར་མིག་བལྟ་བ”ཡི་བྱ་སྤྱོད་ཏན་ཏིག་སྐུལ་འདེད་བཏང་ནས་བཅོས་སྐྱོང་གནས11ལ་སྲ་བརྟན་མཐོར་འདེགས་བྱུང་། རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱ་ཁྱོན་མུའུ721.57ལྗང་བསྒྱུར་བྱས། སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་ལས་དོན་ནི་བརྟན་ལྷིང་གོ་རིམ་ལྡན་ཞིང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་གཙོ་བོའི་ཁུལ་ཁོངས་སུ་བདམས། 

སྦགས་བཙོག་འགོག་བཅོས་ཆུ་ཚད་ལ་རྒྱུན་མཐུད་མཐོར་འདེགས་བྱུང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཐབ་ལེགས་པོར་བརྒྱབ་ནས་རྫོང་མཁར་གྱི་མཁའ་དབུགས་སྤུས་ལེགས་ཉིན་གྲངས96%ཡན་དུ་རྒྱུན་འཁྱོངས་བྱས། གཙང་བོར་འདྲེས་པའི་བཙོག་འབུད་མཚམས་ཀྱི་ལོ་འཁོར་ཁུངས་འདེད་ལྟ་སྐུལ་དང་བཅོས་སྒྲིག་ལས་དོན་ལེགས་འགྲུབ་བྱས། བར་དམ་གཙང་བོ་དང་གསེར་ལྡན་ཆུ་བོའི་བཅད་ངོས་དང་གཅིག་སྡུད་བཏུང་ཆུའི་ཆུ་ཁོངས་ཀྱི་ཚད་གཞི100%རུ་རྒྱུན་འཁྱོངས་བྱས། མཚོ་མཚེའུའི“རྩིང་བཞི་སེལ་བ”ཏན་ཏིག་གིས་སྐུལ་འདེད་བཏང་སྟེ་གསེར་ལྡན་ཆུ་བོ་རྒྱལ་ཡོངས་བདེ་སྐྱིད་མཚོ་མཚེའུ་འཛུགས་སྐྲུན་གྱི་མིང་ཐོ་ནང་བདམས། 

སྐྱེ་ཁམས་བདག་དོམ་གྱི་ཕན་འབྲས་མངོན་གསལ་ཡིན། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་ལ་ཏན་ཏིག་སྐུལ་འདེད་བཏང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་རེས་སྐོར་གསུམ་པའི་དཔེ་མཚོན་གྱོད་དཔེ་དང་འབྲེལ་བའི་གནད་དོན་ཁྱོན་ཡོངས་ནས་བཅོས་སྒྲིག་ལེགས་འགྲུབ་བྱས། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དང་རྨ་ཆུ་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་ཡོངས་ནས་བརྟག་བཤེར་བྱས་པའི་ལྡོག་ལན་གནད་དོན་གྱི་བཅོས་སྒྲིག་དུས་ཚོད་འཕེལ་རིམ་གྱི་བླང་བྱ་དང་མཉམ་དུ་སོང་ཡོད། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ནགས་རྩྭ་དཔོན་དང་ཆུ་མཚེའུ་དཔོན། ཞིང་དཔོན་གྱིས་ནན་ཏན་ལས་སྒྲུབ་སྒོས་སྐྱེ་ཁམས་བདག་དོམ་གྱི་ཆུ་ཚད་ཉིན་རེར་བཞིན་མཐོ་རུ་ཕྱིན།



མཉམ་སྤྱོད།