དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་མཁར་དམར་དུ་ཨ་རིག་གླུ་ཤགས་གཙོས་པའི་གླུ་ཤགས་ཀྱི་འགྲན་སྡུར་ཆེན་མོ་ཞིག་སྤེལ་བ།

2025-09-10 16:28:03   |   27

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9བའི་ཚེས9ཉིན། རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་གླུ་ཤགས་འགྲན་སྡུར་སྐབས་དྲུག་པའི་བསྐྱར་འགྲན་མདོ་ལ་རྫོང་མཁར་དམར་གྲོང་རྡལ་གྱི་སྦྲ་གུར་ཆེན་པོའི་ནང་དགའ་ལྷིང་ལྷིང་གིས་མགོ་བརྩམས། ཨ་རིག་གླུ་ཤགས་ནི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གླུ་ལེན་སྒྱུ་རྩལ་ཞིག་ཡིན་ལ། གླུ་ཚིག་ལ་གསོན་ཉམས་དོད་ཅིང་འཁྲིག་ཆ་དོད་པའི་ཉམས་འགྱུར་གྱིས་ལྟད་མོ་བས་ཡིད་དབང་བཀུག་ཡོད། མཚོ་ནུབ་དང་མཚོ་ལྷོ་སོགས་ཞིང་ཆེན་གྱི་གླུ་ཤགས་རྒྱུན་འཛིན་པ་འགྲན་སྡུར་ནང་ཞུགས་པས་བྱང་གི་གཞུང་ལམ9བ་བརྒྱུད་ནས་མདོ་ལར་གནས་སྐོར་དུ་ཡོང་བ་དག་གི་རྐང་ངལ་གསོ་ས་རུ་གྱུར། 

0a301bf2fa4901c1790c22aa551d5d98.jpg

ཨ་རིག་གླུ་ཤགས་ནི་མདོ་ལ་ས་གནས་རང་གི་རིག་གནས་ཀྱི་བརྡ་རྟགས་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཡིན། ཐུན་མོང་མ་ཡིན་པའི་བོད་པའི་དམངས་ཁྲོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས་མང་ཚོགས་དང་ལྟད་མོ་བར་རྔམ་མཐུག་པའི་མི་རིགས་ཀྱི་སྲོལ་རྒྱུན་གླུ་གར་རིག་གནས་ལ་ཉམས་སུ་མྱོང་དུ་བཅུག ཤགས་ལེན་པའི་གོ་རིམ་ཁྲོད་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་པས་སྐད་གསེང་མཐོ་བའི་གླུ་སྒྲ་དང་འཁྲིག་ཆ་དོད་པའི་ཉམས་འགྱུར་གྱིས་མདོ་ལའི་མི་རིགས་རིག་གནས་ཀྱི་མཛེས་པ་ཕྱི་རུ་མངོན། 

de1d632bb6a25e42e997c2d553b51b1e.jpg

00103d7c07165c6d7760e0a1455af47a.jpg

འགྲན་སྡུར་ཡུལ་དངོས་སུ་འགྲན་ཞུགས་པ་ཚོས་རང་རང་གི་ཁྱད་ཆོས་མངོན་ཏེ་ཨ་རིག་གླུ་ཤགས་ཀྱི་སྲོལ་རྒྱུན་གླུ་ཚིག་ནང་དེང་རབས་གྲོང་གསེབ་འཚོ་བ་ཡི་ནང་དོན་སྦྱར་ནས་ཕ་ཡུལ་གྱི་འགྱུར་ལྡོག་མཚོན། དཔྱད་འདེམས་པས“འགྲན་ཞུགས་པས་བཏང་བའི་གླུ་གཞས་ཁྲོད་ཤགས་ཀྱི་བྲོ་བ་མ་ཉམས་ཤིང་དུས་རབས་ཀྱི་འགྱུར་ལྡོག་ཀྱང་མཚོན་ཡོད་པས་གཞོན་ནུ་ཚོའི་གསར་གཏོད་ལ་གདེང་འཇོག་མཐོན་པོ་བྱས”། 

de41343887bdca4b3912d9e7343d74de.jpg

རྒྱུས་ལོན་བྱུང་བ་ལྟར་ན་ཉིན་གསུམ་རིང་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། འདི་ནི་འཁྲབ་སྟོན་པར་བརྗེ་རེས་དང་རང་གི་ཡོན་ཏན་ཕྱིར་མངོན་པའི་སྟེགས་བུ་ཞིག་བསྐྲུན་པ་ཡིན་ལ། སྔར་བས་མི་མང་བོར་སྲོལ་རྒྱུན་གླུ་གཞས་སྒྱུ་རྩལ་གྱི་ཐུན་མིན་ཁྱད་ཆོས་མངོན་ཡོད། གསར་རྙིང་གི་རྒྱུན་འཛིན་དང་གསར་གཏོད་ཁྲོད་ཨ་རིག་གླུ་ཤགས་ནི་གཅེས་ནོར་ཁྱད་དུ་འཕགས་པ་ཞིག་ཏུ་ཆགས། 

5b8ae74df961b885b218409213ece1f9.jpg

ཨ་རིག་གླུ་ཤགས་ཀྱི་ནང་དོན་ལ་རང་བྱུང་ཁམས་དང་རྟ་ནོར་ལུག་གསུམ་ལ་བསྟོད་པ། དཔའ་བོའི་ལག་རྗེས་དབྱངས་སུ་གྱེར་བ་དང་མི་རིགས་ཀྱི་གོམས་སྲོལ་རྒྱུན་འཛིན་སོགས་ལེན་བཞིན་ཡོད། ད་དུང་དྲིན་གཟོ་དང་བརྩེ་དུང་། སྨོན་འདུན། སྐར་རྩིས་ས་ཁམས། ཀུན་སྤྱོད་ཡོན་ཏན། གཏམ་རྒྱུད་སོགས་མ་འདུས་པ་མེད། གླུ་གཞས་གཏོང་བའི་ས་གནས་དང་དུས་ཚོད་ལའང་ཁྱད་པར་ཆེ་སྟེ་གཉེན་སྟོན་དང་ལོ་སར། དུས་ཆེན་སོགས་ལ་ཕན་ཚུན་ལེན་པའི་རྣམ་པ་གཙོ་བོ་ཡིན། 

3ea3d4df6ee1a35ca48825f5a28f5f5f.jpg

116be917f96b99da26e9c74b5bb94370.jpg

ད་ལྟའི་བར་དུ་མདོ་ལ་རྫོང་གིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རྣམ་གྲངས1དང་ཞིང་ཆེན་རིམ་པའི་གཟུགས་མེད་རྣམ་གྲངས5དང་། ཁུལ་རིམ་པའི་གཟུགས་མེད་རྣམ་གྲངས10དང་། རྫོང་རིམ་པའི་གཟུགས་མེད་རྣམ་གྲངས17བཅས་རེ་ཞུ་ལེགས་འགྲུབ་བྱས་ཤིང་། གཟུགས་མེད་རྒྱུན་འཛིན་པ44གསོ་སྐྱོང་བྱས་ཡོད།

aca3504c8fab25f0b56187a6af690016.jpg



མཉམ་སྤྱོད།