དེ་རིང་ནི2025ལོའི་ཟླ09པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདོ་ལ་རྫོང་གིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རོགས་སྐྲུན་ལས་གཞིའི་འཆར་འགོད་གྲ་སྒྲིག་ཚོགས་འདུ་བསྡུས་པ།

2025-09-15 11:47:48   |   1646

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རོགས་སྐྲུན་འཆར་འགོད་ཀྱི་སྤྱི་སྡོམ་དཔྱད་ཞིབ་ལས་དོན་ཏན་ཏིག་ལེགས་པོར་བསྒྲུབ་པ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རོགས་སྐྲུན་ལས་གཞིའི་འཆར་འགོད་ཚན་རིག་དང་མཐུན་པའི་ནུས་མཐོའི་སྐུལ་འདེད་གཏོང་ཆེད། ཉེ་སྔོན་མདོ་ལ་རྫོང་གིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རོགས་སྐྲུན་ལས་གཞིའི་འཆར་འགོད་གྲ་སྒྲིག་ཚོགས་འདུ་བསྡུས། པིང་ཀྲོའུ་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཁག་གི་ཚན་གཙོ་དང་། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཅང་ཞི་ཕེང་གིས་ཚོགས་འདུར་གཙོ་སྐྱོང་བྱས། རྫོང་ཨུའི་རྩ་འཛུགས་པུ་དང་དྲིལ་སྒྲོག་པུ། འཕེལ་རྒྱས་སྒྱུར་བཅོས་དང་བཟོ་ལས་ཆ་འཕྲིན་ཅན་ཅུ་སོགས་སྡེ་ཁག10ལྷག་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཏེ་མདོ་ལ་རྫོང་གི་མཚོ་སྐྱོར་ལས་དོན་གྱི་རྗེས་མཐུད་འཕེལ་རྒྱས་ལ་ཇུས་ཤུགས་མཉམ་དུ་བཏོན།

8cefe695bc642e29015238f760dc4466.jpg

ཚོགས་འདུ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མཇུག་ཡག་པོ་བསྒྲིལ་པ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ལེགས་པོར་རྩོམ་པ”ཡི་སྤྱིའི་དམིགས་འབེན་ལ་དམིགས་ནས་གཙོ་གནད་ལས་དོན་གསུམ་གྱི་བླང་བྱ་བཏོན། གཅིག་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་བསྡོམས་པར་ནུས་ཤུགས་ཡོད་རྒུ་བཏོན་ཏེ་དཔྱད་ཞིབ་ཕུལ་བྱུང་ཡིན་པར་ཁག་ཐེག་བྱ་དགོས། ཡོངས་སུ་འགྲུབ་མེད་པའི་རོགས་སྐྲུན་ལས་གཞི7གྱི“ཉིན་བཀོད་གཏོང་དང་གཟའ་འཁོར་སྙན་སེང”གི་ལམ་སྲོལ་བཙུགས་ཏེ་ཐེངས་གྲངས་དང་བཀོད་གཏོང་མང་བོའི་འགན་འཁྲི་ནན་མོས་ལས་གཞིའི་འགྲུབ་ཚད་དང་མ་དངུལ་གཏོང་སྤྲོད་ཚད་ཏན་ཏིག་མཐོ་རུ་གཏོང་དགོས། ལས་གཞིའི་ཡིག་ཆའི་ཚགས་ཉར་དོ་དམ་ལ་ཤུགས་སྣོན་ཆེད“སྡུད་ཉར་གཅིག་དང་གསེད་བཀྲོལ་གཅིག གྲ་སྒྲིག་གཅིག”གི་ཚད་གཞི་ལག་བསྟར་ནན་མོ་སྒོས་ཡིག་ཚགས་ཀྱི་འཐུས་ཚང་ཚད་ལྡན་ལ་ཁག་ཐེག་བྱས་ནས་རྒྱལ་ཁབ་ཀྱི་དཔྱད་ཞིབ་ཁྲོད་གྲུབ་འབྲས་འབུར་ཐོན་ལོན་པར་བརྩོན་ལེན་བྱ་དགོས། གཉིས་ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”ལས་གཞི་ཚན་རིག་དང་མཐུན་པའི་ལེགས་སྒྱུར་བཏང་ནས“80%གཉིས”དམ་པོར་སྲུང་དགོས། ཧྲན་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུས་མཚོ་སྐྱོར་ལས་དོན་ཐད་བཏོན་པའི་བླང་བྱ་བཀོད་སྒྲིག་ལྟར“80%གཉིས”ཀྱི་རྩ་དོན་ལག་བསྟར་གཟབ་ནན་བྱེད་པ། 80%ཡན་གྱི་མ་དངུལ་རྫོང་དང་རྫོང་མན་གྱི་གཞི་རིམ་དུ་བཀོལ་བ་དང80%ཡན་གྱི་མ་དངུལ་དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་ཐད་བཀོལ་བ་དེ་ཡིན། ལས་གཞིའི་མ་དངུལ་གཞི་རིམ་ལ་བཀོལ་བ་དང་དམངས་ཚིས་ལ་ཕྱོགས་ཏེ་མདོ་ལ་རྫོང་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་དགོས། གསུམ་ནི་ལས་གཞིའི་འཕེལ་རིམ་ཞིབ་ཚགས་སུ་བཏང་ནས་དངོས་འབེབས་ནུས་ཕྱོད་ལ་ཁག་ཐེག་བྱ་དགོས། ལས་གཞིའི་བརྒྱུད་རིམ་ཡོངས་ཀྱི་སྐུལ་འདེད་སྤྱི་འདོམས་ལེགས་པོར་སྒྲུབ་ནས་ཡུལ་གྲོང་ཁག་དང་སྡེ་ཁག་སོ་སོས་ལས་གཞིའི་བཤེར་འབེབས་ལེགས་པོར་སྒྲུབ་པ་དང་སྲིད་ཇུས་ཀྱི་བླང་བྱ་ལ་མཐུན་མིན་དང་རེ་ཞུའི་ཁྱབ་ཁོངས་ལས་བརྒལ་མིན་ལ་གཙོ་གནད་ཞིབ་བཤེར་བྱེད་པ། “འཆར་འགོད་རི་མོ་ཡུག་གཅིག”ཏུ་བཟོས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལས་གཞི་ལེགས་གྲས་ལ་རྒྱུན་མཐུད་མ་དངུལ་བཏང་ནས་ལས་གཞིའི་གོང་འོག་བར་གསུམ་གྱི་བརྒྱུད་རིམ་ཧྲིལ་བོའི་ཞིབ་བརྡར་ལ་ཤུགས་བསྣན་ཏེ་ལས་གཞི་སྒྲུབ་ཕྱོད་ཆེ་བ་དང་སྔོན་རྩིས་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་དགོས། 

“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མཚོ་སྐྱོར་ལས་གཞིའི་འཆར་གཞི་གནད་ལ་འཁེལ་བ་དང་དངོས་ཡོད་དང་འཚམ་པོ་ཡོང་ཆེད་པིང་ཀྲོའུ་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་པས་སྔོན་ནས་གྲ་སྒྲིག་ལས་དོན་ཐེངས་མང་པོར་སྤེལ། ཐེངས་འདིའི་ཚོགས་འདུ་བསྡུ་རག་བར་དུ་སྔ་རྗེས་སུ་ལས་གཞིའི་འཆར་འགོད་གྲ་སྒྲིག་ཆེད་དོན་ཚོགས་འདུ་ཐེངས4ལ་འཚོགས་ཤིང་། རྟོག་ཞིབ་ཆེད་དོན་ཚན་པ་ལས་གཞི་འགན་ཁུར་སྡེ་ཚན་དང་ཡུལ་གྲོང་སོ་སོ་རུ་ཡུལ་དངོས་རྟོག་ཞིབ་ཏུ་ཕྱིན། ལས་གཞིའི་དུས་སྔོན་གྲ་སྒྲིག་དང་དགོས་མཁོ་སྙོམ་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས། མ་ལག་གསེད་བཀྲོལ་དང་གནད་སྨིན་སྦྲེལ་མཐུད་སྒོས་མིག་སྔར་རོགས་སྐྲུན་ལས་གཞི་རིགས་ཆེན་པོ་ལྔའི་ཐོག་མའི་འཆར་གཞི་གྲུབ་ཅིང་ལས་བྱེད་འཇོན་མིའི་བརྗེ་རེས་མཉམ་ལས་དང་ཐོན་ལས་རོགས་འདེགས་ཀྱིས་ལས་ཞུགས་སྐུལ་འདེད། དམངས་ཚིས་འགན་སྲུང་ལེགས་སྒྱུར། རིག་གནས་སློབ་གསོའི་རོགས་སྐྱོར་སོགས་གནད་འགག་ཁྱབ་ཁོངས་ཀྱི་ནང་དོན་འདུ་ཞིང་། ལས་གཞིའི་རྣམ་གྲངས་སྡོམ་པའི40ལྷག་ཡོད། ཚོགས་འདུའི་སྟེང་གོམ་སྟབས་རྗེས་མའི་ལས་གཞིའི་བསྡུ་སྒྲིལ་ལ་ལས་དོན་བཀོད་སྒྲིག་བྱས་ཤིང་རྗེས་མཐུད་ཀྱི་འཆར་འགོད་དངོས་འབེབས་ལ་རྨང་གཞི་བརྟན་པོ་བཞག་ཡོད།

ཐེངས་འདིའི་ཚོགས་འདུ་ལས་མདོ་ལ་རྫོང་གི་མཚོ་སྐྱོར་ལས་དོན་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”“ལོ་ལྔའི་འཆར་གཞི་བཅོ་ལྔ་པར”བརྟན་ལྷིང་བརྒལ་བ་དང་ནུས་མཐོའི་སྦྲེལ་མཐུད་ཐད་ཧ་ཅང་གསལ་བའི་ཕྱོགས་སྟོན་བྱས། གོམ་སྟབས་རྗེས་མར་པིང་ཀྲོའུ་མཚོ་སྐྱོར་དོ་དམ་ཚན་པས་མདོ་ལ་རྫོང་གི་འབྲེལ་ཡོད་སྡ་ཁག་དང་མཉམ་འབྲེལ་སྒོས་ཚོགས་འདུའི་བཀོད་སྒྲིག་རིམ་པ་བཞིན་དུ་དོན་འཁྱོལ་བྱེད་དགོས། གནད་སྨིན་འཆར་འགོད་དང་ཏན་ཏན་ཏིག་ཏིག་གི་བྱ་བའི་ལམ་སྲོལ་གྱིས་མཚོ་སྐྱོར་ལས་དོན་སྐས་རིམ་གསར་བར་སྐུལ་འདེད་བཏང་ནས་མདོ་ལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྣོན་དགོས།



མཉམ་སྤྱོད།