དེ་རིང་ནི2025ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་སྟོན་སྡུད་ལས་དོན་གནད་སྨིན་ལག་ཏུ་བསྟར་ནས་འབྲུ་རིགས་ཀྱི་བདེ་འཇགས་དམ་པོར་སྲུང་བ།

2025-09-18 16:25:16   |   39

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་གིས་སྔོན་དུ་འཆར་འགོད་དང་སྔོན་དུ་བཀོད་སྒྲིག སྔོན་དུ་བྱ་སྤྱོད་སྤེལ་ནས་སྟོན་སྡུད་ལས་དོན་ཐད་བྱེད་ཐབས་ནུས་ལྡན་སྤྱད་དེ་ཞབས་ཞུའི་འགན་སྲུང་སྒྲུབ་ཅིང་། བསྟུད་མར་ཉིན་ཤས་རིང་གནམ་གཤིས་བཟང་བོའི་དུས་སྐབས་དང་བསྟུན་དེ་སྟོན་སྡུད་ལས་དོན་སྤུས་ཚད་མཐོན་པོས་ལེགས་པོར་བསྒྲུབས། 

རྩ་འཛུགས་འགན་སྲུང་ལ་ཤུགས་བསྣན་པ། སྟོན་སྡུད་ཐོན་སྐྱེད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་སྐད་འཕྲིན་ཚོགས་པ་དང་སྡེ་བའི་ཅོང་སྒྲ་སོགས་ལ་བརྟེན་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་སྟོན་ཀའི་ཞིང་ཕྱུགས་ལས་ཐོན་སྐྱེད་ལེགས་པོར་སྒྲུབ་པའི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བསྒྲགས་ནས་ལས་དོན་བྱེད་ཐབས་སྔར་བས་ཞིབ་མོར་བཏང་ཞིང་ལས་དོན་བླང་བྱ་གསལ་བོར་བཟོས་ལ། ལས་དོན་འགན་འཁྲི་བརྟན་པོར་བཏང་། ཞིང་འབྲེག་འཕྲུལ་ཆས་ཀྱི་དགོས་མཁོ་མཐིལ་རྟོགས་སྔོན་དུ་ལེགས་པོར་སྒྲུབ་ནས་ཚན་རིག་དང་མཐུན་པའི་བཀོད་གཏོང་དང་། ཉིན་རེའི་བཀོད་གཏོང་གི་ལམ་ལུགས་ལག་ཏུ་བསྟར་ནས་ཡུལ་གྲོང་སོ་སོའི་སྟོན་སྡུད་ལས་དོན་གྱི་འཕེལ་རིམ་ཁོང་དུ་ཆུད་པ་བྱས་ནས་ལས་དོན་སྔོན་དུ་འཆར་འགོད་དང་སྔོན་དུ་བཀོད་སྒྲིག སྔོན་དུ་བྱ་སྤྱོད་སྤེལ།

ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་པ། ཞིང་ཕྱུགས་དང་གནམ་གཤིས་སོགས་སྡེ་ཚན་དང་མཉམ་འབྲེལ་སྒོས་གནམ་གཤིས་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཤིང་། དུས་དང་པོར་གནོད་འཚེ་ལ་དབྱེ་ཞིབ་བརྡར་གཅོད་བྱས། སྟོན་སྡུད་ཀྱི་ཆེད་དོན་གནམ་གཤིས་སྔོན་བརྡ་བཏང་ནས་གནོད་འགོག་གནོད་སེལ་གྱི་ལས་དོན་ལེགས་པོར་སྒྲུབ། ལག་རྩལ་གྱི་མཛུབ་ཁྲིད་ལ་ཤུགས་བསྣན་ནས་ལོ་ཏོག་སྨིན་པའི་གནས་ཚུལ་དང་འབྲུབ་ཞོད་གནས་ཚུལ། གནོད་འབུའི་གནས་ཚུལ་སོགས་ལ་དམིགས་ནས་ཞིང་ལས་ལག་རྩལ་གྱི་ཞབས་ཞུ་སྒྲུབ་སྟེ་ལོ་ཏོག་གི་ཐོན་འབོར་མང་དུ་བཏང་། དུས་མཚུངས་སུ་ལག་རྩལ་མི་སྣ་ཞིང་ཁར་མངགས་ནས་འཕྲུལ་ཆས་སྣ་ཚོགས89ཞིག་གསོ་བྱས་ཤིང་ཞིང་འབྲེག་འཕྲུལ་ཆས35དང་། རྩྭ་སྡོམ་འཕྲུལ་འཁོར18 རྩྭ་འབྲེག་འཕྲུལ་འཁོར6 འདྲུད་འཐེན་འཕྲུལ་འཁོར30བཏང་ནས་སྟོན་སྡུད་ལས་དོན་ལ་ཁྱོན་ཡོངས་ནས་འགན་སྲུང་བྱས། 

བདེ་འཇགས་འགན་སྲུང་ལ་ཤུགས་བསྣན་པ། སྟོན་སྡུད་བྱེད་རིང་འཕྲུལ་འཁོར་བཀོལ་སྐབས་ཀྱི་མངོན་མེད་བདེ་འཇགས་བྱུར་རྐྱེན་ལ་མཐིལ་རྟོགས་གཏིང་ཟབ་བྱས་ཤིང་ཞིང་འཕྲུལ་བཀོལ་སྐབས་ཀྱི་བདེ་འཇགས་ཤེས་བྱ་རྒྱ་ཆེར་དྲིལ་སྒྲོག་བྱས། ཡུལ་དངོས་སུ་འཕྲུལ་ཆས་རིགས་སོ་སོའི་བཀོལ་སྤྱོད་དང་བདེ་སྲུང་། ཞིག་གསོ་སོགས་ལག་རྩལ་གྱི་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་འཕྲུལ་ཆས་བཀོལ་སྤྱོད་ཀྱི་བདེ་འཇགས་འདུ་ཤེས་མཐོ་རུ་བཏང་ཞིང་བདེ་འཇགས་བྱུར་རྐྱེན་སེལ། ད་ལྟའི་བར་དུ་དྲིལ་སྒྲོག་ལག་དེབ500ལྷག་གཤམ་སྤྲོད་བཏང་ཞིང་མི་ཐེངས1000ལྷག་ལ་དྲིལ་སྒྲོག་བྱས། 




མཉམ་སྤྱོད།