དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་ཞིང་ལས་ཐོན་རྫས9རྒྱལ་ཡོངས་ཀྱི་གསར་གྲགས་སྤུས་ལེགས་ཁྱད་ལྡན་མིང་ཐོ་ནང་ཚུད་པ།

2025-09-25 09:22:08   |   61

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། ཞིང་ལས་ཞིང་སྡེ་པུ་ཡི་ཞིང་ལས་ཐོན་རྫས་བདེ་འཇགས་ལྟེ་གནས་ཀྱིས《2025ལོའི་རྒྱལ་ཡོངས་གསར་གྲགས་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁག་གཉིས་པའི་མིང་ཐོའི་སྐོར་གྱི་བརྡ་ཡིག》བསྒྲགས་ཤིང་། མདོ་ལའི་འབྲུ་མར་དང་ཆུར་བ། འབྲི་ཞོ་སོགས་ཞིང་ལས་ཐོན་རྫས9རྒྱལ་ཡོངས་གསར་གྲགས་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁག་གཉིས་པའི་མིང་ཐོའི་ནང་རྒྱལ་ཁའི་ངང་བདམས། འདི་ཡིས་མདོ་ལའི་ལེགས་ཆའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཟོང་རྟགས་འཛུགས་སྐྲུན་དང་སྤུས་ཀ་གསོ་སྐྱོང་ཐད་གནད་འགག་གི་གོམ་པ་གཅིག་སྤོས་ཤིང་། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་བ་བསྣན། 

རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་རའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས་ཉེ་བའི་ལོ་འདི་དག་གི་རིང་ལ་མདོ་ལ་རྫོང་གིས་ལྗང་མདོག་སྐྱེ་ལྡན་རྩྭ་ས་མུའུ་ཁྲི1531.53ལ་བརྟེན་ཞིང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོ”ཡི་ཡུལ་ཁོངས་སྤྱི་སྤྱོད་ཟོང་རྟགས་འཛུགས་སྐྲུན་ནི་ཐོན་ལས་གོང་སྤེལ་གྱི“སྒུལ་ཤུགས་གཙོ་བོ”རུ་བརྩིས་ཤིང་། “སྤུས་ཀས་ཞིང་ལས་དར་སྤེལ་དང་ཟོང་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་སྤེལ། ལྗང་མདོག་གིས་ཞིང་ལས་ལ་ཕན་འདོགས”ཀྱི་གོང་སྤེལ་ལམ་ཕྱོགས་རྒྱུན་འཁྱོངས་སྒོས་མདོ་ལའི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་གསོ་སྐྱོང་ཧུར་ཐག་བྱས། ཟོང་རྟགས་གསོ་སྐྱོང་དང་ཐོན་གནས་ཁས་ལེན། སྤུས་ཀའི་ཁུངས་སྙེག ཁྲོམ་ར་རྒྱ་བསྐྱེད་བཅས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མདོ་ལའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྒྱལ་ཡོངས་ཁྲོམ་རའི་ཤེས་རྟོགས་ཚད་དང་མཚན་སྙན་ཟམ་མ་ཆད་པར་མཐོ་རུ་ཕྱིན། 

འཆར་འགོད་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་རྒྱུན་མཐུད་ཤུགས་བསྣན་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་གསལ་བོར་སོང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་ཐོན་དཔེ་སྟོན་རྫོང་བསྐྲུན་པའི་ཁ་ཕྱོགས་ལ་དམིགས་ནས་ཚན་རིག་འཆར་འགོད་དང་མ་ལག་སྐུལ་འདེད་རྒྱུན་འཁྱོངས་སྒོས《མདོ་ལ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་ཆེད་དོན་འཆར་འགོད(2021-2025)》《མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི“མདོ་ལའི་བོད་ལུག”ས་གནས་ཁྱད་ལྡན་ཟོང་རྟགས་སྤུས་ལེགས་གསོ་སྐྱོང་གི་འཕེལ་རྒྱས་འཆར་འགོད(2024-2028)》སོགས་ཚད་ལྡན་ཡིག་ཆ་བཏོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་ལས་གཞི་རྣམ་གྲངས27ལ་མ་དངུལ་སྒོར་ཁྲི9170.59བཏང་། ལས་གཞིའི་འཆར་འགོད་ཀྱི་ཁྲིད་སྟོན་དང་ཞིང་ཕྱུགས་ཐོན་ལས་ཀྱི་གྲུབ་སྟངས་ལེགས་སྒྱུར་སྒོས་རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཁེ་ལས2དང་ཁུལ་རིམ་པའི་སྣེ་ཁྲིད་ཁེ་ལས1གསོ་སྐྱོང་བྱས། གསར་དར་གཉེར་སྐྱོང་བྱེད་པོ247ལ་བུད། ཞིང་ཕྱུགས་ཚན་རྩལ་གྱི་ཁེ་ལས་ཆུང་གྲས་གསོ་ཚགས་གླིང1བསྐྲུན་ཞིང་ཁེ་ལས6བསྡད་ཡོད། ཞིང་ཆེན་རིམ་པའི་སྣེ་ཁྲིད་ཁེ་ལས1དང་ཁུལ་རིམ་པའི་སྣེ་ཁྲིད་ཁེ་ལས3ད་ལྟ་རེ་ཞུ་བྱེད་བཞིན་ཡོད། གླིང་གཉིས་ཁུལ་གཉིས་གནས་གསུམ་རྒྱུད་བཞི་རྟེན་གཞི་ལྔ་ཡི་ཐོན་ལས་འཕེལ་རྒྱས་གྲུབ་སྟངས་གཞི་རྩའི་ཆ་ནས་ཆགས་ཤིང་། “5+10”ཡི་ཐོན་ལས་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་།

རྨང་གཞིའི་སྒྲིག་བཀོད་དང་གཉེར་སྐྱོང་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་སོང་། “ཁྲི་སྟོང་རིམ་པའི”བོད་ལུག་ནོར་ནག་ཚད་གཞི་ཅན་གསོ་སྤེལ་རྟེན་གཞི17དང་སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭ1དང་། བཤས་གཏོང་གནས3དང་། གཟན་ཆས་ཀྱི་གྲབས་གསོག་མཛོད4དང་། ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར1སོགས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཚན་དགུའི”ཆ་སྒྲིག་སྒྲིག་བཀོད་བསྐྲུན་ཏེ་ཕྱུགས་ལས་རྨང་གཞིའི་སྒྲིག་བཀོད་མ་ལག་ཉིན་རེར་བཞིན་འཐུས་ཚང་དུ་སོང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཁེ་ལས་ཆུང་ཕྲའི་གསོ་ཚགས་གླིང་ལ་བརྟེན་ནས་ནོར་ལུག་ཤ་དང་ཤ་མོའི་ཐོན་རྫས། ཤ་བའི་ཐོན་རྫས་སོགས་ལས་སྣོན་ཐོག་མའི་སྟེགས་བུ་ཆ་ཚང་དུ་ཕྱིན་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ཐོན་སྐྱེད་བརྒྱུད་རིམ་རིམ་བཞིན་འཁོར་སྐྱོད་བྱས་ཤིང་ཐོན་རྫས་ཀྱི་རིགས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་སོང་ནས་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་མངོན་གསལ་མཐོ་རུ་ཕྱིན། དྲ་སྟེང་དང་དྲ་ཕྱི་ཡི་གོང་སྤེལ་ལམ་བུ་རྒྱུན་འཁྱོངས་སྒོས་ཞིང་ཆེན་ཕྱི་ནང་ནས་ཐད་འཚོང་ཁང15བཙུགས་ཤིང་། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་དྲ་འཚོང་དངོས་སྐྱེལ་དང་དངོས་མཛོད་བཀོད་གཏོང་མ་ལག་གྲུབ་ནས་ཐོན་སྐྱེད་དང་འཁོར་སྐྱོད། ཕྱིར་འཚོང་གི་འབྲེལ་ཐག་ཡོངས་ལ་ཁྱབ་ཅིང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་བར་མཐོངས་སྔར་བས་རྒྱ་བསྐྱེད་ནས་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་དང་ཐོན་ལས་དར་སྤེལ་རྨང་གཞི་སྲ་བརྟན་དུ་བཏང་། 

ཚད་ལྡན་ཅན་དང་སྤུས་རྟགས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཐོན་ལས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན། རྒྱལ་ཡོངས་ལྗང་མདོག་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ(ནས་དང་པད་ཁ། )ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི3.6ཡོད་པ་སྟེ་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་ཏེ། རྒྱལ་ཁའི་ངང་རྒྱལ་ཡོངས་ལྗང་མདོག་ཟས་རིགས་ཀྱི་རྒྱུ་ཆའི་ཚད་གཞི་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་དཀར་ཆག་ནང་དུ་ཚུད་པ་དང་། ལྗང་མདོག་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་བྱ་ཐུབ།   བསྟུད་མར་ལོ་དགུའི་རིང་ལ་སྐྱེ་ལྡན་བདེན་དཔང་ར་སྤྲོད་ཐུབ་སྟེ།  ལྟ་ཞིབ་ཚད་ལེན་བྱས་པའི་སྐྱེ་ལྡན་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི1531.53དང་ནོར་ལུག་ཁྲི122.66དཔང་དངོས་བདེན་པ་ཡིན་པར་ར་སྤྲོད་བྱས་པ་དང་།  ས་ཁོངས་ཧྲིལ་པོའི་སྐྱེ་ལྡན་དཔང་བདེན་ར་སྤྲོད་ཐུབ་པར་མངོན་འགྱུར་བྱུང་།  རིམ་རྩིས་བྱས་ན་རྫས་གསུམ་རྟགས་གཅིག་གི་ཐོན་རྫས100དཔང་དངོས་བདེན་པ་ཡིན་པར་ར་སྤྲོད་བྱས་པ་དང་། དེའི་ཁྲོད་དུ་མདོ་ལའི་བོད་ལུག་དང་མདོ་ལའི་ནོར་ནག  མདོ་ལའི་ཤ་སེར་བཅས་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་མཚན་སྙན་ཐོབ། མདོ་ལའི་བོད་ལུག་ཀྲུང་གོའི་ཞིང་ལས་སྤུས་རྟགས་དཀར་ཆག་སྟེ2024ལོའི་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་སུ་བདམས་ཤིང་། མདོ་ལའི་བོད་ལུག་རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་ཐོའི་ནང་དངོས་སུ་བཀོད་པར་མ་ཟད། མཚོ་སྔོན་གྱི་གསར་དུ་ངོས་འཛིན་བྱས་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལུག་རྒྱུད་ཐོན་ཁུངས་སུ་གྱུར་ཡོད།   དེ་ལས་གཞན་ད་དུང2025ལོའི་རྒྱལ་ཡོངས་ཀྱི་ཟས་མཆོག་ལུག་ཤ་བཅུའི་གྲས་སུ་ཚུད་པ་དང་།  ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཐོན་ལས་ཀྱི་ངོམས་ཆོག་ཆོག་གི་མིང་བྱང་ཞིག་ཏུ་གྱུར། མདོ་ལའི་ནོར་ལུག་གི་རྩིབ་ཤ་དང་ཤ་སེར་གྱི་ཀོ་རེ་ཀ་ར་གཉིས་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུ་སྐབས་ཉེར་གཅིག་པའི་ལྗང་མདོག་གི་སྐྱེ་ལྡན་ས་གནས་ཞིང་ལས་ཐོན་རྫས་ཁྲོད་ཕུལ་བྱུང་འགྲེམ་སྟོན་གྱི་བྱ་དགའ་ཐོབ་ཅིང་།  མདོ་ལའི་ནོར་ལུག་ཤའི་ཐོན་རྫས་ཁག་དང་མདོ་ལའི་ཤ་སེར་གཉིས་སོ་སོར2023ལོའི་སྐབས་བཅོ་ལྔ་པའི་ཀྲུང་གོའི་རྒྱལ་སྤྱིའི་སྐྱེ་ལྡན་ཟས་རིགས་འགྲེམ་སྟོན་ཚོགས་འདུ་དང་སྐབས་ཉེར་གཉིས་པའི་ཀྲུང་གོའི་ལྗང་མདོག་ཟས་རིགས་འགྲེམ་སྟོན་ཚོགས་འདུའི་ཁྲོད་གསེར་གྱི་བྱ་དགའ་ཐོབ།



མཉམ་སྤྱོད།