དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མདོ་ལའི་ནོར་གནག”ལ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་ཡུལ་དངོས་བཤེར་བརྟག་ཚད་གཞིར་ལོན་པ།

2025-09-28 14:50:38   |   137

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9ཚེས25ཉིན། རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་ཚོ་ཆུང་མཚོ་བྱང་ཁུལ་མདོ་ལ་རྫོང་དུ་བསྐྱོད་དེ་ཡུལ་དངོས་བཤེར་བརྟག་བྱས། ཆེད་མཁས་པའི་ཚོ་ཆུང་སྔ་རྗེས་སུ་མདོ་ལའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འགྲེམས་སྟོན་ཁང་དང་། མཁར་དམར་གྲོང་རྡལ་གཅེས་འབྲོག་ཁྱིམ་ཚང་ཕྱུགས་རའི་ནོར་ནག་གསོ་སྤེལ་རྟེན་གཞིར་བསྐྱོད་དེ་ཡུལ་དངོས་ལྟ་ཞིབ་དང་གསོ་སྤེལ་བྱེད་པོར་བཅར་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། “མདོ་ལའི་ནོར་གནག”གི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་དང་ཐོན་ཁུངས་ཉར་ཚགས་ཀྱི་ད་ལྟའི་གནས་ཚུལ། གསོ་སྤེལ་གནས་ཚུལ་སོགས་མ་ལག་ལྡན་པའི་ངང་རྒྱུས་ལོན་བྱས་ཤིང་། ཡུལ་དངོས་བཤེར་བརྟག་སྙན་ཞུའི་ཚོགས་འདུའི་ཐོག་ཆེད་མཁས་པའི་ཚོ་ཆུང་གིས་ཆེད་དོན་སྙན་ཞུར་ཉན་པ་དང་འབྲེལ་ནས་འདྲི་རྩད་དང་རིགས་སྒྲུབ་བྱས་པ་དང་། ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་པ་བརྒྱུད་དེ། རིགས་རྒྱུད་དེའི་དམིགས་ཚད་ཁག《སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་གསར་པའི་ལེ་ལག་ཚང་བའི་ཚན་ཁག་བཤེར་བརྟག་གཏན་འབེབས་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསལ་འབྱེད་བྱ་ཐབས》ཀྱི་འབྲེལ་ཡོད་བླང་བྱ་དང་མཐུན་ཞིང་། མཐར་བཤེར་བརྟག་གི་ཚད་ལོན་པར་གཅིག་གྱུར་མོས་མཐུན་བྱུང་།

45f27dd751f5ef6a794f0b88f74a8d22.jpg

2021ལོའི་ཟླ4པར་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཡོངས་ཁྱབ་བཤེར་བརྟག་ཐེངས་གསུམ་པ་བྱེད་མགོ་བརྩམས་པ་ནས་བཟུང་། “མདོ་ལའི་ནོར་གནག”ཅེས་པའི་ས་གནས་འདི་ཡི་རྒྱུད་འཛིན་ཐོན་ཁུངས་ཀྱི་རིགས་རྒྱུད་གསར་པ་རྙེད་བྱུང་། 2022ལོར། མཚོ་བྱང་ཁུལ་དང་ཀྲུང་གོ་ཞིང་ལས་ཚན་རིག་གླིང་གི་ལན་ཀྲོའུ་ཕྱུགས་ལས་དང་ཕྱུགས་སྨན་ཞིབ་འཇུག་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཐོན་ཁུངས་སྔོག་འདོན་དང་སྙན་ཞུའི་བྱ་བར་སྐུལ་འདེད་བཏང་བ་དང་། ལོ5ལ་འབད་བརྩོན་བྱས་ཏེ། “མདོ་ལའི་ནོར་གནག”རྒྱལ་ཁའི་ངང་ཡུལ་དངོས་བཤེར་བརྟག་གྱི་ཚད་གཞིར་ལོངས།  བཤེར་བརྟག་འདི་ནི“མདོ་ལའི་བོད་ལུག”དངོས་སུ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་མིང་ཐོའི་ནང་བཀོད་རྗེས། མཚོ་བྱང་ཁུལ་གྱིས་རིགས་རྒྱུད་དར་སྤེལ་འཐབ་ཇུས་དོན་འཁྱོལ་བྱས་པའི་གནད་འགག་གི་གྲུབ་འབྲས་ཤིག་ཡིན།



མཉམ་སྤྱོད།