དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདོ་ལ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་ཀྱིས་ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་པར་རིས་གསར་བ་བསྐྲུན་པ།

2025-10-13 10:45:12   |   1234

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་ལས“གནས་བཞི”འཛུགས་སྐྲུན་སྐོར་གྱི་གལ་ཆེའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཤིང་། མ་ལག་འཆར་འགོད་དང་གནད་སྨིན་ཤུགས་འདོན་གྱིས་རིགས་རྒྱུད་གསོ་སྐྱོང་དང་སྤུས་ཚད་མཐོར་འདེགས། ཆས་རྟགས་འཛུགས་སྐྲུན་བཅས་ལ་རྒྱུན་མཐུན་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཚན་དགུ”ཡི་ཆ་སྒྲིག་ལས་གྲྭ་ཡོངས་སུ་བསྐྲུན་ཞིང་མདོ་ལའི་ལུག་དང་མདོ་ལའི་ནོར་གནག་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་བླངས་ཡོད། 

bb5cd57f21d1f77e3b77aa8dccf8eac5.jpg

མདོ་ལ་རྫོང་གིས་དེང་རབས་ཐོན་ལས་མ་ལག་ཤུགས་ཆེན་པོས་འཛུགས་སྐྲུན་སྒོས“གླིང་གཉིས་ཁུལ་གཉིས་གནས་གསུམ་རྒྱུད་བཞི་རྟེན་གཞི་ལྔ”ཡི་ཐོན་ལས་བར་སྟོང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས། ཚོགས་ཁག་ཚད་གཞི8བཟོས་ནས་བཏོན་ཞིང“ཁྲི་སྟོང་རིམ་པའི”ཚད་ལྡན་ཅན་གསོ་སྤེལ་རྟེན་གཞི17དང་ལུག་རྒྱུད་གསོ་སྤེལ་ར་བ2བསྐྲུན་ཟིན། དུས་མཚུངས་སུ་ཐོན་ལས་ལས་སྣོན་ཕྱིར་འཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“སྣེ་ཁྲིད་ཁེ་ལས+མཉམ་ལས་ཁང+རོང་འབྲོག་ཁྱིམ”གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་། 2024ལོར་རྫོང་ཡོངས་ཀྱི་ཐོན་ལས་དང་པོའི་འབོར་ཐང་སྒོར་དུང་ཕྱུར7.4དང་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་འབབ་སྒོར23788ཡིན། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་སྒོ་སྡེ་བ་རེར་སྒོར་ཁྲི63.2ཡིན།

d2c7334c2b8143a6fbd70b4ff3d019fb.jpg

སྐྱེ་ལྡན་རྩྭའི་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ནས་མདོ་ལ་རྫོང་གིས་བཀོལ་སྤྱོད་རུང་བའི་རྩྭ་སའི་སྐྱེ་ལྡན་ཁས་ལེན་ཡོངས་ཁྱབ་མངོན་འགྱུར་བྱས། མཚོ་བྱང་ཁུལ་གྱི་ཁོངས་ཡོངས་སྐྱེ་ལྡན་ཁས་ལེན་ཐོབ་པའི་རྫོང་ཐོག་མ་རུ་གྱུར། རྫོང་ཡོངས་སུ་གཟན་རྩྭའི་རྟེན་གཞི་འཛུགས་སྐྲུན་དང་རྩྭ་ཕྱུགས་དོ་མཉམ་དོ་དམ་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ་རང་བྱུང་རྩྭ་དང་མིས་བཟོས་རྩྭ་མཉམ་འབྲེལ་ལ་སྐུལ་འདེད་བྱས། ལོ་གཅིག་ལ་སྐྱེ་བ་དང་ལོ་མང་བོར་སྐྱེ་བའི་མིས་བཟོས་འདེབས་རྩྭའི་རྟེན་གཞི་མུའུ་ཁྲི11.72བསྐྲུན་ཞིང་ལོ་རེར་ཐོན་ནུས་ཏུན་ཁྲི20ཡིན། ཀན་སུའུ་འབྲོང་ཡུལ་སོགས་ས་ཁུལ་དུ“གནས་གཡར་ཕྱུགས་སྤོས”མུའུ་ཁྲི22.8ཡིན། དུས་ཚིགས་རང་བཞིན་གྱི་གནས་གཞན་ཕྱུགས་འཚོའི་གྲངས་ཀ་ཁྲི16.1ཡིན་པས་རྫོང་ཡོངས་ཀྱི་རྩྭ་ཕྱུགས་དོ་མཉམ་གསལ་གྲངས1:1.2ལ་མཐོར་འདེགས་བྱུང་ཡོད།

02758f8748f65841c6e089dd5481e579.jpg

1eda37d093a2c7a9a701341349bc7cab.jpg

མདོ་ལ་རྫོང་གིས་ད་དུང་སྤུས་ལེགས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་དང་རྩྭ་ཐང་སྐྱེ་ཁམས་ཞིབ་འཇུག་ཁང་ཐོག་མ་བཙུགས་ཤིང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ38གདན་དྲངས་ནས་འབྲེལ་ཡོད་ཞིབ་འཇུག་བྱས། དེ་དང་ཆབས་ཅིག་ཕྱིར་ཡོང་ཕྱུགས་རྒྱུད་གཙང་སེལ་ལ་སྐུལ་འདེད་བཏང་བ་དང་། ལག་རྩལ་གསར་པ་ཁྱབ་གདལ་བཏང་སྟེ། ས་ཁོངས་ཡོངས་ཀྱི་ནོར་ལུག་ལ་སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་ཐོབ། མདོ་ལའི་ལུག་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་མིང་གཞུང་ནང་ཚུད་ཅིང་། མདོ་ལའི་ནོར་གནག་ལ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་ཡུལ་དངོས་བརྟག་བཤེར་ཚད་གཞིར་ལོན།

338fef1c787262f1afadb5430203ddd6.jpg

ac458cd6a26d5b567abf91b7894240f2.jpg

ཕྱི་ཕྱོགས་སུ་ཕྱིར་གཏོང་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད་ནས། མདོ་ལ་རྫོང་གིས“བོད་ལུག་དང་ནོར་གནག་ཐོན་ལས་གླིང+བཤས་ར+ཁེ་ལས་ཆུང་གྲས་ཀྱི་གསོ་སྐྱོང་གླིང”བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་བཏོད་དེ། ནོར་ལུག་ཚད་ལྡན་ཅན་གྱི་བཤས་གཏོང་ས་ཚིགས3དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་འཁོར་ཁང18བསྐྲུན་པ་དང་། ཞིང་ཕྱུགས་ཐོན་རྫས་སྣ་ཚོགས་རིགས་ཆེ་གྲས7དང་སྣ་ཁ446གསར་སྤེལ་བྱས་ཡོད། རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་སྣ་ཁ100ལ་རྒྱལ་ཁབ་ཀྱི“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་བདེན་དཔང་ར་སྤྲོད་ཐོབ་པ་དང་། མདོ་ལའི་ལུག་དང་མདོ་ལའི་ནོར་ནག་ལ་ཞིང་ལས་དང་གྲོང་གསེབ་པུ་ཡི་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་དང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཐོབ་ཅིང་། “རྒྱལ་ཡོངས་ཀྱི་གྲགས་ཅན་དང་ཕུལ་བྱུང་གི་ཞིང་ལས་ཐོན་རྫས་གསར་པར”བདམས་ཡོད། དྲ་ཐོག་ཕྱིར་འཚོང་ལས་སྟེགས30དང་ཞིང་ཆེན་ཕྱི་ནང་གི་ཐད་ཚོང་ཁང15བསྐྲུན་ཏེ། མདོ་ལའི་ནོར་ལུག་ཤ་ལ་ཤང་ཀང་གིSTCསྤུས་ལེགས་ཁས་ལེན་ར་སྤྲོད་ཐོབ་པ་བརྒྱུད་དེ། ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རར་ཏུན14ཕྱིར་གཏོང་བྱས་ཤིང་། རྒྱལ་སྤྱིའི་རྩེར་སོན་ཁྲོམ་རར་རིམ་བཞིན་བསྐྱོད།

མདོ་ལ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ཀྱི་སྣེ་ཁྲིད་དེ་ཐོན་ལས“གནས་བཞིའི”འཛུགས་སྐྲུན་གྱི་ལམ་བུར་བརྟན་པོར་སྐྱོད་ཅིང་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད།



མཉམ་སྤྱོད།