དེ་རིང་ནི2025ལོའི་ཟླ10པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ནགས་ཚལ་རྩྭ་ཐང་མེ་འགོག་ལས་དོན་ཏན་ཏིག་གིས་སྤེལ་བ།

2025-10-16 11:37:40   |   101

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་མེ་གསོད་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ནགས་ཚལ་རྩྭ་ཐང་མེ་འགོག་གི་ཆབ་སྲིད་འགན་འཁྲི་དམ་པོར་འཁུར་ལ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ལས་དོན་ཁག་དངོས་ཡོད་དང་ཞིབ་ཚགས་སུ་དམ་པོར་བཟུང་ནས་ནགས་ཚལ་རྩྭ་ཐང་གི“མེ་ཟོན་འཛིང་རགས”ཁྱོན་ཡོངས་ནས་བསྐྲུན། 

རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་མེ་འགོག་འགན་འཁྲི་དངོས་ཡོད་དུ་དམ་པོར་བཟུང་། ལོ་སར་དང་དུར་མཆོད་སོགས་དུས་ཆེན་གྱི་མཚམས་ཚིགས་དང་སྦྱར་ནས་དུས་མཚམས་གལ་ཆེན་གྱི་ནགས་ཚལ་རྩྭ་ཐང་མེ་འགོག་ལ་འཕྲད་པའི་གནས་བབ་ལ་དུས་ཐོག་ཏུ་དབྱེ་ཞིབ་བརྡར་གཅོད་བྱས་ཤིང་། སྔོན་དུ་འཆར་འགོད་བཀོད་སྒྲིག་བྱས་པ། 《ནགས་ཚལ་རྩྭ་ཐང་གི་མེ་འགོག་གྲོས་ཆོད》བཟོས་ནས་བཏོན་ཞིང་། 《ནགས་ཚལ་རྩྭ་ཐང་གི་མེ་འགོག་འཕྲལ་སེལ་སྔོན་ཇུས》བཟོ་བཅོས་བརྒྱབ་ནས་འགན་འཁྲི་ཁྱོན་ཡོངས་ནས་ཇེ་དམ་དུ་བཏང་།  ནགས(རྩྭ)དཔོན་ལམ་ལུགས་འཇུ་བྱེད་དུ་བྱས་ནས་མེ་འགོག་འགན་འཁྲི་བྱེ་བྲག་ཏུ་རི་མགོ་དང་ས་ཞིང་། མང་ཚོགས་སྒེར་བའི་སྟེང་དུ་བབས་ཏེ“ཏང་སྲིད་འགན་གཅིག་དང‘ལས་གཅིག་འགན་གཉིས’ སྤྱི་འཛིན་མཉམ་དོམ། འགན་འཛོལ་བདའ་འདེད”ཀྱི་ལས་དོན་རྣམ་པ་གྲུབ། 

དོ་དམ་ཚོད་འཛིན་བྱེད་ཐབས་ལ་ཤུགས་བསྣན་ནས་ཉེན་ཁའི་བྱུར་རྐྱེན་སེལ། “ནགས་ཚལ་རྩྭ་ཐང་མེ་འགོག་གི་གཏན་འགོག་བཅུ”ལག་བསྟར་ནན་ཏན་བྱས་ཤིང་ནགས་ཚལ་རྩྭ་ཐང་མེ་འགོག་གི་བདེ་འཇགས་དམ་པོར་སྲུང་བ། དུས་མཚམས་གལ་ཆེན་ལ་དམིགས་ནས་གནད་འགག་གི་ལྷུ་ཚིགས་དམ་འཛིན་སྒོས་སྐོར་སྲུང་སྟོབས་ཤུགས་ལ་ཤུགས་བསྣན་ཞིང་སྐོར་ཞིབ་ཀྱི་ཐེངས་གྲངས་ཇེ་མང་དུ་བཏང་སྟེ་ལྟ་ཞིབ་འགོག་ཟོན་ཡོངས་སུ་ཁྱབ་པ་བྱས། དུར་སའི་མཐའ་སྐོར་དང་གནས་སྐོར་མཛེས་ལྗོངས་ཁུལ། རང་བྱུང་སྲུང་སྐྱོང་ཁུལ་སོགས་འགག་གནད་གཙོ་བོའི་སྐོར་ཞིབ་དོ་དམ་ལ་ཤུགས་བསྣན་ནས་ཕྱི་རོལ་དུ་མེ་བཀོལ་བ་དང་མེ་སོན་རི་ནང་དུ་ཁྱེར་བ་གཏན་འགོག་བྱས། ད་ལྟའི་བར་དུ“མེ་འགོག་རྩ་གཉིས་ཨང”མི་ཐེངས་ཁྲི2.6གིས་བཤེར་ནས་ཐོ་འགོད་བྱས། རླངས་འཁོར་ཐེངས526བཏང་། གཙོ་གནད་ཁྱབ་ཁོངས་ཀྱི་དུར་མཆོད་མི་ཐེངས4000ལྷག་ལ་ལྟ་སྐུལ་བྱས། དུས་མཚུངས་སུ“གསལ་ཐོ་ལམ་ལུགས+འགན་འཁྲི་ལམ་ལུགས+ཐོ་བསུབ་ལམ་ལུགས”བྱུར་རྐྱེན་དོ་དམ་ལམ་སྲོལ་བཙུགས་ཏེ་གྲལ་བཤེར་བྱས་ནས་ཐོན་པའི་གནད་དོན་ལ་རིགས་དབྱེ་ཞིང་རྩིས་ཐོའི་དོ་དམ། དུས་གཏན་བཅོས་སྒྲིག་བྱས། རིམ་རྩིས་བྱས་ན་བྱུར་རྐྱེན170ལྷག་གྲལ་བཤེར་བྱས་ནས་རྟོགས་ཤིང་ཚང་མ་བཅོས་སྒྲིག་བྱས་ཟིན། 

དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་མེ་འགོག་འདུ་ཤེས་བརྟན་དུ་བཏང་། “སྔོན་འགོག་དང་དྲིལ་སྒྲོག་ཟུང་འབྲེལ་དང་དྲིལ་སྒྲོག་ལ་བརྟེན་ནས་སྔོན་འགོག་ལ་སྐུལ་འདེད་གཏོང་རྒྱུ”མཐའ་འཁྱོངས་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ཅིང་། སྐད་འཕྲིན་སྤྱི་རྟགས་སོགས་དྲ་རྒྱའི་ཆ་འཕྲིན་ལས་སྟེགས་བེད་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱ་དང་མེ་སྐྱོན་ཆེ་བའི་གནམ་གཤིས་ཉེན་བརྡ་གཏོང་བ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས། “གནོད་འགོག་གནོད་སེལ་ཉིན་མོ”དང“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སོགས་དང་ཟུང་འབྲེལ་བྱས་ཏེ། གཅིག་སྡུད་དྲིལ་སྒྲོག་དང་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པ། གཙོ་གནད་ལམ་མདོ་རུ་སྐད་བརྡའི་གསལ་བརྡ་གཏོང་བའི་བྱང་བུ་འཛུགས་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ནས་བདེ་འཇགས་ཤེས་བྱ་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ། མེ་འགོག་རྩལ་ནུས་སོགས་དྲིལ་སྒྲོག་བྱས། རིམ་རྩིས་བྱས་པ་ལྟར་ན་མེ་འགོག་བརྡ་ཁྱབ་ཁྲི1.1ལྷག་ཙམ་སྦྱར་བ་དང་། དྲིལ་སྒྲོག་ལག་དེབ་ཁྲི1.2ལྷག་ཙམ་སྤྲད་པ། མེ་འགོག་ཉེན་ཟོན་དར་ཆ2000ལྷག་ཙམ་བཀལ་ཡོད།

དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྦྱོང་བརྡར་དང་གསོ་སྦྱོང་ཡག་པོ་བྱས། རྫོང་ཡོངས་ཀྱི་འཕྲལ་སེལ་མེ་གསོད་དཔུང་སྡེ་ཧུར་ཐག་ངང་བཙུགས་ཤིང་། མེ་འགོག་དུས་སྐབས་ནང་རིམ་རྩིས་བྱས་ན་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འཕྲལ་སེལ་སྦྱོང་བརྡར་ཐེངས7སྒྲིག་འཛུགས་བྱས་ཏེ། “འཕྲལ་མར་ལན་འདེབས་པ་དང་ཧུར་ཐག་ངང་དང་ལེན་བྱེད་པ། ཚན་རིག་དང་མཐུན་པའི་མེ་གསོད་པ། འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་ཐུབ་པ”བཅས་ཀྱི་འགན་ལེན་ཏན་ཏིག་བྱས་ཤིང་། ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྣ་ཚོགས་བརྩོན་ལེན་ཧུར་ཐག་བྱས་ནས་མེ་འགོག་དངོས་ཟོག་གི་སྒྲིག་ཆས་ཁ་གསབ་བྱས་ཏེ། ད་ལོ་རིམ་རྩིས་བྱས་པ་ལྟར་ན། དམག་མི་རྐྱང་པའི་སྒྲིག་ཆས་ཆ་ཚང125དང་། རླུང་ཤུགས་མེ་གསོད་འཕྲུལ་འཁོར105དང་། མེ་གསོད་ཆུ་མདའ135དང་། མེ་གསོད་མདེའུ2000དང་། ཆུ་སྦུག་འཕྲུལ་འཁོར50དང་། སྣུམ་སོག65དང་། མེ་འགོག་ཉེན་ཟོན་དར་ཆ3000བཅས་ཉོས་ནས་སྤྲད་པ་དང་མེ་འགོག་དྲིལ་སྒྲོག་འཕྲེད་ཡིག1000བཀལ་ཡོད། 



མཉམ་སྤྱོད།