དེ་རིང་ནི2025ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་ཕན་འབྲས་ཐོན་པ།

2025-10-22 11:38:58   |   2131

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འདི་དག་གི་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར12.4བཏང་ནས། ཨ་མྱེས་སྟོང་སོའི་བྱང་འདབས་ཡུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་གྲོང་ཁྱེར་བཟོ་བཅོས་ལས་གྲྭ་སོགས་གཙོ་གནད་ལས་གཞི64ལག་བསྟར་བྱས་ཏེ་མང་ཚོགས་ཀྱི“རླངས་འཁོར་འཇོག་གནས་དཀའ་བ་དང་གསང་སྤྱོད་ཁང་གིས་མི་འདང་བ”ཡི་གནད་དོན་ནུས་ལྡན་ཐག་གིས་བཅད། མདོ་ལ་རྫོང་གི་མཁར་གྲོང་ཅན་དུ་འགྱུར་ཚད53.77%ཡིན་པས་གྲོང་ཁྱེར་གྱི་ཐེག་ཚད་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་སོང་། 

མདོ་ལ་རྫོང་གིས་བགྲོད་ལམ་བཅོས་སྒྱུར་ལས་གཞི14ལག་ཏུ་བསྟར་ཞིང་། “འཕྲེད་གསུམ་གཞུང་བདུན”གྱི་ལམ་རྒྱ་དེ“འཕྲེད་དྲུག་གཞུང་བཅུ་གསུམ”ཅན་དུ་རིམ་སྤོར་བྱས། བགྲོད་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ28ཀྱིས་རིང་དུ་བཏང་བས་འགྲོ་སྐྱོད་ཀྱི་ནུས་ཕྱོད་མཐོ་རུ་སོང་། སྤྱི་པའི་རླངས་འཁོར་འཇོག་གནས་ཀྱི་དགོས་མཁོ་ལ་དམིགས་ཏེ། བཙུན་མོ་གཞོང་ལམ་དང་མི་དམངས་ལམ་སོགས་ལྟེ་བའི་ལམ་དུམ་མཚམས་སུ་བགོས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་འཁོར་འཇོག་ར་བ26བསྐྲུན་པ་དང་། ལམ་ངོས་ཀྱི་རླངས་འཁོར་འཇོག་གནས7བཀོད་འཛུགས་བྱས་ཤིང་། རིམ་རྩིས་བྱས་ན་རླངས་འཁོར་འཇོག་གནས1620གསར་སྣོན་བྱས་ཡོད་དེ། མིག་སྔར་རྫོང་ཡོངས་སུ་འཁོར་འཇོག་ར་བ190དང་། རླངས་འཁོར་འཇོག་གནས5394ཡོད་ལ། འགྲིམ་འགྲུལ་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་གྱུར་ཡོད་ཅིང་། གྲོང་ཤར་གྱི་སྔོ་ལྗང་དང་རླུང་འཁོར་ཐང་ཆེན། དབྱར་སྡོང་སྤྱི་གླིང་། བརྒྱད་གཅིག་སྤྲོ་གསེང་ཐང་ཆེན། ཐེན་ཧྲན་སྤྱི་གླིང་། གཙང་འགྲམ་སྤྱི་གླིང་སོགས་ས་ཁོངས་ལྗང་འགྱུར་རིམ་སྤོར་སྒྱུར་བཀོད་ལས་དོན་ལེགས་གྲུབ་བྱུང་བ་དང་། རྫོང་མཁར་ཁྱབ་ཁོངས་ཀྱི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང585.75(རང་བྱུང་ནགས་ཚལ་ཚུད་པ)ཟིན་པ་དང་རྫོང་མཁར་གྱི་སྔོ་ལྗང་ཅན་དུ་གྱུར་ཚད38.99%ཟིན་ཡོད། “མི་གཏན་འཁེལ་དང་ལས་གནས་གཏན་འཁེལ། འགན་འཁྲི་གཏན་འཁེལ། ལམ་དུམ་གཏན་འཁེལ་བཅས་བྱེད་པའི”དྲ་མིག་ཅན་གྱི་དོ་དམ་དང“མི་དང་འཕྲུལ་ཆས་ཟུང་འབྲེལ་དང་འཕྲུལ་ཆས་གཙོ་བོར་བྱེད་པའི”གཙང་སྦྲའི་ལས་སྒྲུབ་བྱེད་སྟངས་སྤྱད་དེ། མ་ལམ་གཙོ་ཕལ་དང་ཁྲོམ་གཞུང་ཆེ་ཆུང་གི་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ“རྨོངས་ཁུལ”མེད་པར་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།



མཉམ་སྤྱོད།