དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི“དམིགས་བྱ་གསུམ”གྱིས་སྡེ་བར་ལས་གནས་འཁུར་བའི་སློབ་ཆེན་སློབ་མའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ།

2025-10-27 16:03:25   |   1597

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་གིས་སྡེ་བར་ལས་གནས་འཁུར་བའི་སློབ་ཆེན་སློབ་མའི་རྒྱུན་གཏན་དོ་དམ་ཡག་པོ་བྱ་རྒྱུ་དེ་སྡེ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་འགག་རྩའི་ལྷུ་ཚིགས་སུ་བརྩིས་ནས་ལས་སྟེགས་བསྐྲུན་པ་དང་། ལག་ལེན་སྦྱོང་བརྡར། ཐུགས་ཁུར་གཅེས་སྐྱོང་བཅས་ལ་དམིགས་ཏེ། སློབ་ཆེན་སློབ་མའི“འཚར་ལོངས་ཀྱི་ལམ་བུ”རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་དད་སེམས་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། འཇོན་ཐང་ལྡན་པ། སྤྲོ་སེམས་ལྡན་པ་བཅས་ཀྱི་སློབ་ཆེན་སློབ་མའི་དཔུང་ཁག་ཅིག་བསྐྲུན་ཅིང་། གྲོང་གསེབ་དར་སྤེལ་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཡོད། 

ལས་སྟེགས་ཀྱི་སྦྱོང་བརྡར་ལ་དམིགས་ནས་འཚར་ལོངས་ཀྱི“རྡར་རྡོ”གྲ་སྒྲིག་བྱས་པ། གཞི་རིམ་གྱི་འཐབ་ས་དང་པོ་དེ་སློབ་ཆེན་སློབ་མའི་འཇོན་ནུས་དང་བྱང་ཚད་མཐོ་རུ་གཏོང་བའི“དམག་སྦྱོང་ར་བ”བྱེད་པར་མཐའ་འཁྱོངས་བྱས་ཏེ། སློབ་ཆེན་སློབ་མ་སྡེ་བར་ལས་གནས་འཁུར་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཤིང་། བཀོད་སྒྲིག་བྱས་པའི་སློབ་ཆེན་སློབ་མ45སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པའམ་ཡང་ན་སྡེ་བ་རིམ་པའི་ལས་རོགས་པའི་ལས་གནས་ཐོག་སྦྱོང་བརྡར་དང་ལེན་དང་འཇོན་ཐང་ཆེ་རུ་བཏང་ནས། སློབ་ཆེན་སློབ་མར་བྱང་ཚད་མཐོར་གཏོང་དང་འཇོན་ཐང་ངོམ་པའི“འཐབ་ས་དང་པོའི་ལས་སྟེགས”མཁོ་འདོན་བྱས་ཡོད། “སུས་དོ་དམ་བྱས་ན་དེས་འགན་འཁུར་བའི”རྩ་དོན་གཞིར་བཟུང་། གནས་སའི་ཡུལ་ཚོ་དང་གྲོང་རྡལ་ཏང་ཨུ་དང་སྡེ་བའི་ཏང་རྩ་འཛུགས་ཀྱིས་སློབ་ཆེན་སློབ་མ་སྡེ་བའི་ལས་བྱེད་པའི་དཔུང་ཁག་ནང་བཅུག་ནས་སྤྱི་འདོམས་དོ་དམ་བྱས་ཏེ། སློབ་ཆེན་སློབ་མའི་ཏང་རྩ་འཛུགས་ཀྱི་འབྲེལ་བ་སྡེ་བར་བརྒྱུད་སྤྲོད་བྱས་ལ། སློབ་ཆེན་སློབ་མ་སྒྲིག་འཛུགས་བྱས་ནས་གནས་སའི་སྡེ་བའི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཏང་ནང་གི་རྩ་འཛུགས་འཚོ་བར་ཞུགས་ཤིང་། སློབ་ཆེན་སློབ་མ་སྡེ་བར་ལས་དོན་སྒྲུབ་པ་དང་སློབ་སྦྱོང་བྱེད་པ། འཚོ་བ་རོལ་བ་བཅས་བྱེད་དུ་བཅུག་སྟེ། སློབ་ཆེན་སློབ་མས་མཐོ་ཉམས་སྤོང་ནས་སྡེ་བའི་ལས་བྱེད་པ་དང་སྡེ་བའི་ནང་མི་བྱེད་པར་སྐུལ་འདེད་བཏང་སྟེ། ཏན་ཏན་ཏིག་ཏིག་གི་སྦྱོང་བརྡར་བྱས།

གཞི་རིམ་གྱི་སྦྱོང་བརྡར་ལ་དམིགས་ནས་འཚར་ལོངས་ཀྱི“ཡར་ཐོན་སྐས”ཡག་པོ་བསྐྲུན་པ། ལག་ལེན་ཁྲོད་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས་སློབ་ཆེན་སློབ་མས་རང་ངོས་ཀྱི་ཤེས་བྱ་གསོག་འཇོག་དང་ཆེད་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གནས་སའི་སྡེ་བའི་ཐོན་ལས་སྐྱེད་སྲིང་དང་། ཕྱུགས་ལས་གསོ་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ནང་ཧུར་ཐག་ཞུགས་ཤིང་། ལག་ལེན་གྱི་སྦྱོང་བརྡར་བརྒྱུད་ཉམས་མྱོང་གསོག་འཇོག་དང་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག་སློབ་ཆེན་སློབ་མ་ནན་གྱིས་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་བརྟག་ཞིབ་དང་སྡེ་བའི་གནས་ཚུལ་གྱི་རྒྱུ་རྐྱེན་གཙོ་བོར་བརྟག་ཞིབ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་དང་།  སྡེ་བར་ལས་གནས་འཁུར་བའི་སློབ་ཆེན་སློབ་མའི་དམངས་ཀྱི་གནས་ཚུལ་ཉིན་ཐོའི་དེབ་བཟོས་པ། སློབ་ཆེན་སློབ་མ45ལ“ཞིབ་ཚགས་ནན་ཏན”གྱི་བྱེད་ཐབས་སྤྱད་དེ་རིམ་རྩིས་ལྟར་ན་སྡེ་བ45ཡི་མང་ཚོགས་དུད་ཚང5100ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་།  ཁྱིམ་དུ་འཛུལ་སྐབས་གནས་ཚུལ་ངོ་མ་ལྟ་ཞིབ་དང་སྲིད་ཇུས་བཤད་སྐབས་དམངས་ཀྱི་སེམས་གཏམ་ལ་ཉན་ནས་མང་ཚོགས་ཀྱིས་ཅི་ཞིག་བསམ་པ་དང་། དཀའ་བ་ཅི་ཞིག་ཡོད་པ།  ཅི་ཞིག་ལ་རེ་བ་བྱེད་བཞིན་པ་བཅས་ལ་རྒྱུས་ལོན་བྱས་ནས།  རྒྱུན་ཆད་མེད་པར་དཔྱད་གཞིའི་རྒྱུ་ཆ་དང་པོ་ལག་ལ་བཟུང་ནས་སྡེ་བའི་གནས་ཚུལ་དུས་མཉམ་བཅུད་ལེན་བྱེད་པ་དང་།  སློབ་ཆེན་སློབ་མའི་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ་ཏན་ཏིག་ངང་ཇེ་མཐོར་བཏང་ཡོད།  ལོ་གཅིག་གི་རིང་ལ།   རིམ་རྩིས་ལྟར་ན་སྲིད་ཇུས་དྲིལ་སྒྲོག་ཐེངས163དང་རྩོད་གཞི་འདུམ་འགྲིག་ཁག138ཐེ་ཞུགས་བྱས་ཡོད། 

ནན་འཛིན་དང་བྱམས་སྐྱོང་ལྟེ་བར་བཟུང་ནས་འཚར་ལོངས་ཀྱི“ཕྱོགས་སྟོན་འཁོར་ལོ”ལེགས་པར་སྤྱད།   《མཚོ་སྔོན་ཞིང་ཆེན་གྱི་སྡེ་བར་ལས་གནས་འཁུར་བའི་སློབ་ཆེན་སློབ་མའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དོན་འཁྱོལ་ནན་པོ་བྱས་ནས།  རྩ་འཛུགས་སྡེ་ཁག་དང་། ཡུལ་གྲོང་ཏང་ཨུ། སྡེ་བའི་ཏང་རྩ་འཛུགས་བཅས་རིམ་པ་གསུམ་གྱི་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ།  “ཡུལ་གྲོང་ཏང་ཨུ+སྡེ་བའི་ཏང་རྩ་འཛུགས+ལས་འཁྱུར་ངལ་གསོའི་ཧྲུའུ་ཅི་རྒན་གྲས”དང“ཕྱོགས་གསུམ་གཞི་གཅིག”ཆ་སྒྲིག་རོགས་འདེགས་ལམ་སྲོལ་བཙུགས་པ་དང་།  བསམ་བློའི་དོགས་སེལ་དང་།  ལས་སྒོའི་མཛུབ་ཁྲིད།  འཚོ་བའི་ཐུགས་ཁུར་བཅས་བརྒྱུད་སློབ་ཆེན་སློབ་མར་ལས་ཀའི་ཁོར་ཡུག་གང་མགྱོགས་རྒྱུས་མངའ་ཡོང་བར་རོགས་རམ་བྱས་པ་དང་།   “འདུག་ཐུབ་པ”དང“ལེགས་སྒྲུབ་ཐུབ་པ”འགན་ལེན་བྱས་ནས།   ནོར་སྲིད་སྡེ་ཚན་གྱིས་ས་ཁོངས་ལྟར་ཟླ་རེར་སྒོར1000དང་།  ཟླ་རེར་སྒོར1200དང་། ཟླ་རེར་སྒོར1400དང་། ཟླ་རེར་སྒོར1600བཅས་རིམ་པ་བཞི་ཡི་ཁ་གསབ་སྤྲོད་རྒྱུར་དུས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ།   བརྩེ་སེམས་ངོ་མ་དང་དངུལ་ངོ་མ་ཡིས་སློབ་ཆེན་སློབ་མ་སེམས་བདེ་ངང་གཞི་རིམ་དུ་རྩ་བ་ཚུགས་པར་རོགས་འདེགས་དང་གྲོང་གསེབ་དར་སྤེལ་ཡོང་བར་རོགས་འདེགས་བྱས་ནས།    ལས་སྒྲུབ་དང་ལས་གཏོད་ཀྱི་སེམས་སྐྱེས་སྒུལ་ཤུགས་སྐུལ་སྤེལ་གང་ལེགས་བྱས།    དེ་དང་ཆབས་ཅིག་རྒྱུན་ལྡན་གྱི་དཔྱད་ཞིབ་དང་ལོ་མཇུག་གི་དཔྱད་ཞིབ་ཟུང་འབྲེལ་བྱས་པའི་བྱེད་ཐབས་སྤྱད་དེ་སློབ་ཆེན་སློབ་མ་སྡེ་བར་ལས་གནས་འཁུར་བའི་ལས་དོན་ལ་ཕྱོགས་བསྡུས་རང་བཞིན་གྱི་བསམ་གཞིག་བྱས་ནས་སློབ་ཆེན་སློབ་མ་སྡེ་བར་ལས་གནས་འཁུར་བའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། 



མཉམ་སྤྱོད།