དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནང་དམངས་སེམས་དྲོ་བའི་འཚོ་ཚིས་རྒྱུགས་ལན་སྤྲད་པ།

2025-10-29 15:36:18   |   53

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་བྱས་པའི་ཚུན་དུ་མདོ་ལ་རྫོང་གིས“ལས་ཞུགས་བརྟན་ལྷིང་དང་འགན་སྲུང་དྲག་པོ། འཇོན་མི་བསྡུ་རུབ། འཆམ་མཐུན་ལ་སྐུལ་བ”ཡི་དམིགས་འབེན་ལ་དམ་པོར་དམིགས་ནས་དམངས་འཚོའི་དགོས་མཁོ་ཁྲིད་ཕྱོགས་དང་བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱས་པ། ལས་གཏོད་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། མི་དོན་འཇོན་མི། ངལ་རྩོལ་འབྲེལ་བ་སོགས་གཙོ་གནད་ལས་དོན་ཏན་ཏིག་གིས་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་དམངས་འཚོའི་རྒྱུགས་ལན་སྤྲད། 

ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ནས་དམངས་འཚོའི་རྩ་བ་བརྟན་པོར་བསྐྲུན། གཅིག་ནི་བརྒྱུད་ལམ་མང་བོ་ནས་ལས་ཞུགས་སྟེགས་བུ་བསྐྲུན། “དྲ་སྟེང+དྲ་ཕྱི”ཡི་མཉམ་འདྲེས་བྱེད་སྟངས་ཀྱིས་ལས་བསྡུ་ཚོགས་ཆེན་ཐེངས23ལ་འཚོགས་ཤིང་། ལས་ཞུགས་ལས་གནས8000ལྷག་མཁོ་འདོན་བྱས། ལས་ཞུགས་མོས་མཐུན་གན་རྒྱ་མི་ཐེངས459ལ་བཞག 2024ལོར་ཐད་གཏོང་ལས་ཁྱེར་བྱེད་སྒོ་སྤེལ་ཏེ་ཐེངས་གཅིག་ལ་མི་ཐེངས་ཁྲི5ཡིས་བལྟས་ཤིང་ལས་གནས་རེག་ཚད་ལྡབ3གྱིས་འཕར། གཙོ་གནད་ཚོགས་སྤྱི་ལ་དམིགས་ནས་རྫོང་དང་ཡུལ་ཚོའི“ཞོར་ལས་ས་ཚིགས”ཀྱི་ལས་ཞུགས་ཞབས་ཞུའི་སྟེགས་བུ་བཙུགས་ཤིང་། སྲིད་ཇུས་འདྲི་རྩད་དང་རྩལ་ནུས་གསོ་སྦྱོང་། ལས་གནས་སྦྲེལ་མཐུད་ཀྱི“གཅིག་འཐུས་རང་བཞིན”གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་རོང་འབྲོག་པ་དང་དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་ཚོགས་སྤྱི་མི་ཐེངས་ཁྲི1.2ལ་ཞབས་ཞུའི་ལས་ཀ་བསྒྲུབས། གཉིས་ནི་རྩལ་ནུས་གསོ་སྦྱོང་གི་སྤུས་ཀ་དང་ཕན་འབྲས་མཐོ་རུ་བཏང་། “དགོས་མཁོའི་ཁྲིད་ཕྱོགས+གནད་སྨིན་གསོ་སྦྱོང”གི་ལམ་སྲོལ་བཙུགས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་ཐེངས87ལ་སྤེལ་ཞིང་མི་ཐེངས4203ལ་ཁྱབ། དེའི་ཁྲོད“སྦྲང་ཆར་འཆར་གཞི”ཡི་གསོ་སྦྱོང་མི950ལྷག་ལ་ཕན་པ་བསྐྲུན་ཅིང་ཁེ་ལས་ཀྱིས་མི1145ལས་བསྡུ་བྱས། 2025ལོར“ཤ་མོ་འཐུ་འཚོང་བ”ཡི་ངལ་ལས་ཆས་རྟགས་བཙུགས་ནས་རོང་འབྲོག་པ2000ལྷག་ཤ་མོ་འཐུ་བའི་ལས་ཀའི་ནང་ཞུགས་ཤིང་མི་རེའི་ཆ་སྙོམས་འབབ་འཕར་སྒོར3000ལས་བརྒལ། རྟ་ཁྲིད་ཞབས་ཞུའི་གྲོང་གསེབ་གནས་སྐོར་འཕེལ་རྒྱས་སུ་བཏང་ནས་སྣེ་ལེན་གནས56གིས་མི485ཡི་ལས་ཞུགས་སྐུལ་ཁྲིད་བྱས། ཟླ་རེར་ཡོང་འབབ་སྒོར4500-8250ལ་སླེབས་པས“སྒོ་ཁའི་མདུན”གྱི་སྒུལ་ཤུགས་གསར་བ་རུ་གྱུར། གསུམ་ནི་གཙོ་གནད་ཁྱུ་ཚོགས་ལ་ལས་ཞུགས་རོགས་འདེགས་བྱས། ཞིང་ཆེན་བརྒལ་ནས་ལས་ཀ་གཉེར་བའི་འགྲིམ་འགྲུལ་གྲོན་དངུལ་ཁ་གསབ་སྲིད་ཇུས་དངོས་འབེབས་བྱས་ཏེ་དབུལ་ཐར་ངལ་རྩོལ་ནུས་ཤུགས468ལ་ཁ་གསབ་སྒོར་ཁྲི45.56གཤམ་སྤྲོད་བྱས། 2025ལོར་མཁར་གྲོང་གི་མི561ལས་ཞུགས་བྱས་ཤིང་དམིགས་འབེན17.92%རིམ་འདས་ལེགས་འགྲུབ་བྱུང་། རོང་འབྲོག་ཁུལ་གྱི་མི6167ལས་ཞུགས་གཞན་སྒྱུར་བྱས་ཤིང་ལོའི་དམིགས་འབེན་གྱི112.13%ལེགས་འགྲུབ་བྱུང་། “སྦྲང་ཆར་འཆར་གཞིའི”མཐར་ཕྱིན་སློབ་མའི་ལས་ཞུགས་རོགས་འདེགས་སློབ་འཕར་ཚད94.1%ཡིན། ལས་ཞུགས་དཀའ་བའི་ལས་ཞུགས་ཚད220%ཡིན། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཚད1.91%གི་དམའ་རིམ་དུ་ཚོད་འཛིན་བྱས་ཡོད། 

འགན་སྲུང་དྲག་པོ་དང་དམངས་འཚོ་ལ་ཕན་པ་བསྐྲུན་ནས་མཐའ་ཚད་དྲ་བ་དམ་པོར་བསླེས། གཅིག་ནི་སྤྱི་ཚོགས་ཉེན་སྲུང་རྒྱ་བསྐྱེད་དང་རིམ་པ་སྤར། རྫོང་ཡོངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་སྲུང་ནང་ཞུགས་ཚད99%ཡན་དུ་བརྟན་ལྷིང་བྱུང་ཡོད་ལ་དམིགས་བསལ་མི་ཚོགས་ཀྱི་འགན་ཞུགས་ཚད100%ཡིན། 2021-2025ལོར་དམིགས་བསལ་དཀའ་ངལ་ཚོགས་སྤྱི5813ལ་ཡུལ་གྲོང་སྡོད་དམངས་རྒན་གསོ་འགན་སྲུང་སྒོར་ཁྲི20.84ཚབ་ཏུ་སྤྲད་ནས2025ལོའི་ཚབ་སྤྲོད་མི་གྲངས་ནི1486དང་དངུལ་གྲངས་ནི་ཁྲི21.71ཡིན། ཞིང་ཆེན་བརྒལ་ནས་སྨན་ཞུགས་ཐད་ཀར་རྩིས་གཉེར་ཚད98.65%ཡིན། མང་ཚོགས་མི་ཐེངས་ཁྲི1.2ལ་ཕན་པ་ཐོབ། གཉིས་ནི་སྨན་བཅོས་འགན་ལེན་ལ་གནད་སྨིན་ཤུགས་བཏོན། གཞི་རྩའི་སྨན་བཅོས་འགན་སྲུང་དང་ནད་ལྕིའི་འགན་སྲུང། སྨན་བཅོས་རོགས་སྐྱོབ་བཅས་ཀྱི“འགན་ལེན་གལ་ཆེན་གསུམ”གྱི་ལམ་ལུགས་དོན་འཁྱོལ་བྱས་ནས2021ལོ་ནས2025ལོ་བར་རིམ་རྩིས་བྱས་ན་སྨན་བཅོས་འགྲོ་གྲོན་སྒོར་དུང་ཕྱུར1.2རྩིས་ཞུ་བྱས་པ་དང་། དབུལ་ཐར་མི་འབོར་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་མི་ཐེངས་ཁྲི2.3ལ་རོགས་སྐྱོབ་བྱས་ཡོད། 2025ལོར་མདོག་དམར་སེར་ལྗང་ཁུའི་ཉེན་ཟོན་སྔོན་བརྡའི་ལྟ་ཞིབ་ཚད་ལེན་ལམ་སྲོལ་བརྒྱུད་མི་ཐེངས9333ལ་གྲལ་བཤེར་བྱས་པ་དང་། ཉེན་ཟོན་སྔོན་བརྡའི་གྲངས་གཞི924བཏང་ནས་ནད་གཞིས་དབུལ་ལོག་ཉེན་ཁར་དུས་ཐོག་ཏུ་ཐེ་གཏོགས་བྱས་ཡོད། DRGདངུལ་སྤྲོད་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྨན་བཅོས་ཐུན་ཚོགས་ཀྱི་སྨན་རྫས་ཡོ་བྱད་སྒྲིག་སྦྱོར་བྱེད་ཚད95.22%ཟིན་པ་དང་། ཐེབས་རྩའི་ལྟ་སྐུལ་དོ་དམ་གྱིས་སྒྲིག་འགལ་དངུལ་གྲངས་སྒོར་ཁྲི16.18ཚུར་ལེན་བྱས་ཤིང་། མང་ཚོགས་ཀྱི“སྲོག་སྐྱོབ་དངུལ”སྲུང་སྐྱོང་ཡག་པོ་བྱས་ཡོད། གསུམ་ནི་རྒན་གསོའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་ཕྱིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་རྒན་གསོའི་འགན་སྲུང་ནང་ཞུགས་མཁན་མི་གྲངས་ཁྲི2.38ཟིན་ཞིང་། ལས་འཁྱུར་ངལ་གསོའི་མི་སྣ4816ལ་རིམ་རྩིས་བྱས་ན་གླ་ཕོགས་སྒོར་ཁྲི1088.3སྤྲད་ཡོད། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་ཀྱི་ཚོགས་སྤྱིར་དམིགས་ནས་སྲིད་གཞུང་གིས་རྒན་གསོའི་འགན་སྲུང་དངུལ་ཚབ་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། 2025ལོར་མི1689ལ་སྒོར་ཁྲི21.71ཚབ་སྤྲོད་བྱས་ཏེ“སྲུང་འོས་ཀུན་སྲུང”མངོན་འགྱུར་བྱུང་ཡོད། 

འཇོན་མི་བསྡུས་ནས་དཔུང་ཁག་སྟོབས་ཆེར་བཏང་སྟེ་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་སྐུལ་སྤེལ་བྱས། གཅིག་ནི་འཇོན་མི་ནང་འདྲེན་དང་གསོ་སྐྱོང་མཉམ་འཛིན་བྱས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་བྱ་ལས་སྡེ་ཚན་གྱི་ལས་དོན་མི་སྣ187ཡོངས་བསྒྲགས་ངང་བསྡུ་ལེན་བྱས་པ་དང་། དམིགས་འཛུགས་གསོ་རིག་སློབ་མ་དང་སློབ་ཡོན་མི་དགོས་པའི་དགེ་འོས་སློབ་མ32བཀོད་སྒྲིག་བྱས་ཤིང་། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ130བསྡུས་ཡོད། 2025ལོར་གྲོང་གསེབ་ཀྱི་ཕྱོགས་ངེས་མངགས་ཐོའི་སློབ་མ་གསོ་སྐྱོང་འཆར་གཞི་གསར་གཏོད་དང་ལག་བསྟར་བྱས་ཏེ། གསོ་རིག་སློབ་མ12དང་དགེ་འོས་སློབ་མ8གཞི་རིམ་དུ་བསྐྱལ་ཡོད། ཆེད་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོ་མི་ཐེངས2078ལ་སྤེལ་བ་དང་། བྱ་ལས་སྡེ་ཚན་གྱི་ལས་བྱེད་མི་སྣ1371ལ་དཔྱད་ཞིབ་བྱས་ཏེ། མི247ལ་བྱ་དགའ་སྤྲད་པ་དང་། མི13ལ་བྱས་རྗེས་བཀོད་པ། དོ་དམ་ལས་གནས་ཀྱི་ལས་བྱེད་པ64གོ་གནས་སྤར་བ་བཅས་བྱས་ཡོད། གཉིས་ནི་མི་དོན་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱས། 《ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་སྒོའི་གཞོགས་འདེགས་མི་སྣའི་ནུས་པ་ཆེ་རུ་གཏོང་བའི་ཇུས་གཞི》བཏོན་པ་དང་། གཞོགས་འདེགས་མི་སྣ145ལ་འགུལ་རྣམ་དོ་དམ་བྱས་ཤིང་། ལེགས་སྒྱུར་བྱས་རྗེས20%ཡི་མི་སྣའི་ལས་གནས་བཀོད་སྒྲིག་བྱས། གླ་ཕོགས་ཡོང་འབབ་བགོ་བཤའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མི1393གྱི་གླ་ཕོགས་རིམ་པའི་གླ་ཕོགས་སྤོར་རྒྱུ་ལེགས་གྲུབ་བྱུང་བ་དང་། ཆེད་ལས་ལག་རྩལ་མི་སྣ115རིམ་པ་སྤར་ནས་ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་སྐུལ་སྤེལ་བྱས་ཡོད། 

ཞི་མཐུན་ལ་སྐུལ་འདེད་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ངལ་རྩོལ་གྱི་འབྲེལ་བ་བཙུགས། གཅིག་ནི་ངལ་རྩོལ་ལྟ་ཞིབ་ཁྲིམས་བསྟར་ནུས་ལྡན་བྱུང་ཡོད། རིམ་རྩིས་བྱས་ན་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞི20བདག་སྤྲོད་བྱས་ནས་ངལ་རྩོལ་པ578ཀྱི་གླ་ཕོགས་སྒོར་ཁྲི570ལྷག་ཙམ་ཚུར་ལེན་བྱས་པ་དང་། གྱོད་གཞི་ཐག་གཅོད་བྱེད་ཚད100%ཡིན། 2025ལོར་ཞིང་པ་ལས་མིའི་གླ་ཕོགས་མྱུར་གཅོད་ཁྲིམས་ར་བཙུགས་ནས་རྩོད་གཞིའི་གྱོད་གཞི6མགྱོགས་མྱུར་ཐག་གཅོད་བྱས་པ་དང་ཁྲུན་གཅོད་དངུལ་འབོར་སྒོར་ཁྲི16.2ཡིན། ཨར་ལས་སྡེ་ཚན48ཀྱིས་གླ་ཆའི་ཁག་ཐེག་དངུལ་སྒོར་ཁྲི1028.67སྤྲོད་རྒྱུར་སྐུལ་འདེད་བཏང་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་སྔོན་འགོག་བྱས་ཡོད། གཉིས་ནི་འདུམ་འགྲིག་འདུམ་གཅོད་ཀྱི་ཕན་ནུས་ཆེ་རུ་ཕྱིན། ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཁང་བཙུགས་ནས“སྔོན་ལ་འདུམ་འགྲིག་དང་། མང་འགྲིག་ཉུང་གཅོད”ལམ་སྲོལ་བཙུགས་ནས2025ལོར་ངལ་རྩོལ་རྩོད་གཞིའི་གྱོད་གཞི3ཐག་གཅོད་བྱས་ཤིང་། འདུམ་འགྲིག་ལེགས་གྲུབ་བྱུང་ཚད80%ཡན་ཡིན། རྒྱལ་ཡོངས་ཀྱི་འདུམ་འགྲིག་ལས་སྟེགས་ཕྱིའི་གྱོད་གཞི9འདུམ་འགྲིག་བྱས་པ་དང་། འབྲེལ་ཡོད་དངུལ་འབོར་སྒོར་ཁྲི49.23ཡིན། “12345”ཐད་སྦྲེལ་ཁ་པར་གྱི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཁག29བསྡུ་ལེན་བྱས་པ་དང་ཐག་གཅོད་བྱེད་ཚད100%ཡིན་པས་མང་ཚོགས་བློ་ཡིད་ཚིམ་ཚད98%ཟིན་ཡོད། 

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མདོ་ལ་རྫོང་གིས་དངོས་སྒྲུབ་འགན་འཁྲི་འཁུར་ནས་དམངས་འཚོའི་ལས་དོན་གྱི་རྒྱུགས་ལན་ཚད་ལོན་པ་ཤིག་སྤྲད་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ནས“ལས་ཞུགས་སྔོན་འཇོག”འཐབ་ཇུས་གཏིང་ཟབ་ཏུ་བཏང་སྟེ། ངལ་ནུས་སྤུས་རྟགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། “འགན་ལེན་གལ་ཆེན་གསུམ”གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྨན་བཅོས་འགན་སྲུང་དང་ཚོང་ལས་འགན་སྲུང་འབྲེལ་མཐུད་ལམ་སྲོལ་འཚོལ་ཞིབ་བྱས། འཇོན་མིའི་རྫོང་སྟོབས་ཆེར་གཏོང་བའི་འཆར་གཞི་ལག་བསྟར་བྱས་ནས་དགོས་མཁོ་ཆེ་ཞིང་དཀོན་པའི་ཆེད་ལས་འཇོན་མི་ནང་འདྲེན་བྱས། ངལ་རྩོལ་ལྟ་ཞིབ་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་བཙུགས། སྤུས་ཚད་མཐོ་བའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ལ་བརྟེན་ནས་མདོ་ལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཀྱི་ལེའུ་གསར་པ་བརྩམས་ཡོད། 



མཉམ་སྤྱོད།