དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་མདོ་ལ་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་བསྡུས་པ།

2025-10-31 15:23:35   |   46

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ10པའི་ཚེས30ཉིན་གྱི་སྔ་དྲོར། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་མདོ་ལ་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུ་གཙོ་སྐྱོང་བྱས་ནས་བསྡུས། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་ཚོགས་འདུ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་ཚོགས་འདུའི་དགོངས་དོན་བཅས་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། མདོ་ལ་རྫོང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས། 

0f1a00ed6b440820e7d228d2c2da5a9a.jpg

ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་མཇུག་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་བརྩམ་པའི་ལོ་རྒྱུས་ཀྱི་སྣོལ་མཚམས་དང་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པར་བསྐྱོད་པའི་འཐབ་ལམ་གསར་པའི་སྟེང་འཚོགས་པའི་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་ཤིག་ཡིན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་ཁག་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་བསམ་བློའི་གཅིག་གྱུར་ངོས་འཛིན་སྲ་བརྟན་བྱུང་བ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་སྟོབས་འཛུགས་སྐྲུན་དང་རླབས་ཆེན་མི་རིགས་བསྐྱར་དར་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བརྒྱུད་པའི《གྲོས་གཞི》ནི་མ་འོངས་པའི་ལོ5ཡི་འཕེལ་རྒྱས་ཐད་བཏོན་པའི་མཐོ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་འཆར་འགོད་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བར་ཐག་གཅོད་རང་བཞིན་གྱི་གོང་སྤེལ་ཡོད་པའི་རྩ་དོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཞིང་ཆེན་དང་ཁུལ་ཨུས་དེ་མ་ཐག་ཏུ་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུ་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཆེད་དོན་གྱིས་བརྒྱུད་བསྒྲགས་སློབ་སྦྱོང་བྱས། ཚོགས་འདུ་ནི་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་དོན་དངོས་ལ་དམ་པོར་སྦྲེལ་ནས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཞིང་ཆེན་དང་ཁུལ་གྱི་འཕེལ་རྒྱས་ཀྱི་ཟུང་སྦྱར་གནས་དང་མགོ་འཛུགས་ས་གནད་སྨིན་གྱིས་ངེས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་བ”ཡི་འཕེལ་རྒྱས་ཀྱི་ལམ་ཕྱོགས་མ་ལག་ལྡན་པའི་གསེད་བཀྲོལ་དང་། གཞུང་ལུགས་སློབ་སྦྱོང་དང་མིག་སྔའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་གཏིང་ཟབ་མཉམ་འདྲེས་སྒོས་འཕེལ་རྒྱས་ཀྱི་ལམ་ཕྱོགས་སྔར་བས་གསལ་བོ་བཟོ་དགོས་ཞེས་བསྟན།

ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཀྱི་ནང་དོན་དང་ལྟེ་བའི་བསྟན་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་རྒྱུས་མངའ་ཡོད་དགོས་ཤིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་དུས་སྐབས་ཀྱི་ཏང་དང་རྒྱལ་རྒྱལ་ཁབ་ཀྱིས་བླངས་པའི་གྲུབ་འབྲས་ལ་རྒྱུས་མངའ་གཏིང་ཟབ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་བ”ཡི་གོ་གནས་གལ་ཆེན། གནས་བབ་བརྡར་གཅོད། མཛུབ་ཁྲིད་ཀྱི་བསམ་བློ། གལ་ཆེའི་རྩ་དོན། འབད་འཐབ་དམིགས་འབེན། འཐབ་ཇུས་ཀྱི་གཙོ་གནས་བཅས་ལ་རྒྱུས་མངའ་གཏིང་ཟབ་ཡོད་དགོས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་གི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྟེང་དང་ཞིང་ཆེན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུའི་དགོངས་དོན་སྟེང་གཅིག་གྱུར་ཡོང་དགོས་ལ་ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་དང་། ཞིང་ཆེན་ཁུལ་ཨུའི་ལས་དོན་བླང་བྱ་ཇི་བཞིན་དངོས་འབེབས་དང་དངོས་འབྲས་ཐོན་དགོས་པ་ནན་གྱིས་བསྟན། 

ཚོགས་འདུ་ལས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ལྟེ་བའི་དམིགས་འབེན་ལ་ཤུགས་བསྣན་ནས་འཐབ་ཇུས་ཀྱི་བསམ་གཞིགས་དང་མ་ལག་གི་བསམ་གཞིགས་ཇེ་དྲག་དུ་གཏོང་བ་དང་། མདོ་ལའི་འཕེལ་རྒྱས་ཀྱི་གནས་ངེས་ཡང་དག་བཙལ་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་།  དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་མཐོ་རུ་གཏོང་དགོས།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྒྲིག་བཟོ་ལས་དོན་གྱི་དོན་སྙིང་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་འགུལ་ངང་གོང་རིམ་སྡེ་ཚན་གྱི་བླང་བྱ་འབྲེལ་མཐུད་བྱས་ནས། བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་དང་སྔོན་ཐོན་ས་ཁུལ་གྱི་འཕེལ་རྒྱས་འཆར་འགོད་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།  འཐབ་ཇུས་དང་གསར་གཏོད། བར་སྟོང་། རྣམ་གྲངས་སོགས་ཀྱི་ཕྱོགས་ཚད་ནས་ཚན་རིག་དང་མཐུན་པའི་དམིགས་ཚད་མ་ལག་བཀོད་སྒྲིག་བྱས་ཏེ།  ལག་ལེན་དུ་བསྟར་ཐུབ་པ་དང་སྣེ་ཁྲིད་ལེགས་པོ་བྱེད་ཐུབ་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”སྒྲིག་བཟོ་བྱེད་དགོས། རང་རྫོང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ནས།  སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འདྲེས་པ།   དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་ཁྱད་ཆོས་ལེགས་ཆ་སྔོག་འདོན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལེགས་སུ་གཏོང་བ་སོགས་གཙོ་གནད་ཁ་ཕྱོགས་ལ་དམིགས་ཏེ་ལས་གཞིའི་འཆར་འགོད་གནད་ལ་འཁེལ་བའི་སྒོ་ནས་མདོ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཐབས་ལམ་ཁ་གསལ་གཏོང་དགོས་པ་ནན་གྱིས་བསྟན །

ཚོགས་འདུའི་ཐོག་མདོ་ལ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ལེགས་པོ། ལག་བསྟར་ཡག་པོ་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བཟུང་སྟེ། སློབ་སྦྱོང་གྲོས་བསྡུར་དང་དྲིལ་སྒྲོག་སྒྲོག་བཤད།  སློབ་གསོ་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤྱི་ཚོགས་ཡོངས་སུ་རྣམ་པ་ཟབ་མོ་བསྐྲུན་པ་དང་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་གྱུར་ཡོང་བར་བྱེད།  མིག་སྔའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པའི་འགག་སྒྲོལ་དམ་འཛིན་བྱེད་པ་དང་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ་སོགས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབ་ཏེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཏང་ནན་སྐྱོང་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་ཏེ།   “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལེགས་གྲུབ་ཡོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།



མཉམ་སྤྱོད།