དེ་རིང་ནི2025ལོའི་ཟླ11པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀང་ཧྥུའུ་དང་དམེ་རྒྱལ་མཚན་ཡུལ་གྲོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་ལས་དོན་བརྟག་ཞིབ་ཏུ་ཕྱིན་པ།

2025-11-10 15:46:54   |   32

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས6ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དམེ་རྒྱལ་མཚན་གཡང་ལུང་ཡུལ་ཚོ་དང་འབྲོང་ལུང་ཡུལ་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་དང་དབུལ་སྒྲོལ་ཁྱིམ་ཚང་ལ་འདྲི་བཅར་རུ་ཕྱིན་ཅིང་། སློབ་གྲྭ་དང་ཁྱད་ལྡན་གསོ་སྤེལ་ར་བ་རུ་ལས་དོན་རྟོག་ཞིབ་སྤེལ། 

1.jpg

2.jpg

ཡུལ་ཚོའི་གྲོས་དོན་ཁང་དུ་ཀང་ཧྥུའུ་དང་དམེ་རྒྱལ་མཚན་གཞི་རིམ་གྱི་ཏང་ཡོན་ལས་བྱེད་དང་མང་ཚོགས་འཐུས་ཚབ་རྣམས་དང་མཉམ་གཅིག་བསྡད་ནས“གོ་ཁའི་གཏམ”གྱིས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཀང་ཧྥུའུ་ཡིས་གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མགོ་ཁྲིད་ནས་སློབ་སྦྱོང་བཟང་བོ་དང་དྲིལ་སྒྲོག་ཡག་པོ། ལག་བསྟར་དོན་དུ་འཁྱོལ་དགོས། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་གནད། ལག་བསྟར་གྱི་བླང་བྱ་ལ་རྒྱུས་མངའ་གཏིང་ཟབ་བྱེད་པ་དང་བསམ་བློ་དང་བྱ་སྤྱོད་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས་ཏང་གི་ལམ་ཕྱོགས་སྲིད་ཇུས་དེ་གཞི་རིམ་དུ་རྩ་བ་ཚུགས་ནས་རྩེ་མོ་འབུས་དགོས། ཡུལ་གྲོང་གི་ཏང་ཨུ་དང་སྲིད་གཞུང་གིས་རྩ་དོན་འདུ་ཤེས་བརྟན་འཛུགས་དང་ཞབས་ཞུའི་འདུ་ཤེས་དྲག་པོ། མང་ཚོགས་ཀྱི་དཀའ་བྲེལ་ངང་སྒུག་གི་གནད་དོན་ལ་དམིགས་ནས་འབྲེལ་མཐུད་ཧུར་ཐག་སྒོས་ལས་གཞི་རང་རྟོག་འཆར་འགོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྤྱི་འདོམས་སྒོས་བསྒྲུབས་ནས་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་དང་ཞབས་ཞུའི་བྱེད་ནུས་འཐུས་ཚང་། ཞབས་ཞུའི་ནུས་ཕྱོད་མཐོར་འདེགས། ས་གནས་ཀྱི་ཐོན་ཁུངས་ནུས་པ་ལ་གཞིགས་ནས་ཁྱད་ལྡན་ཐོན་ལས་གོང་སྤེལ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འབབ་འཕར་ལ་སྐུལ་འདེད་བཏང་ནས་ཏང་གི་རྩ་འཛུགས་ཀྱི་སྟོབས་ཤུགས་འཕེལ་རྒྱས་ཀྱི་སྒུལ་ནུས་དང་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཏེ་མང་ཚོགས་ཀྱི་སྒོར་ཁུག་སྔར་བས་རྒྱགས་པོ་དང་འཚོ་བ་སྔར་ལས་སྐྱིད་པོ་ཡོང་བར་འབད་དགོས། བཅོས་སྐྱོང་ཕན་ནུས་ལ་ཤུགས་བསྣན་ནས་རིམ་ཁག་གི་ལས་བྱེད་པ་དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཐིག་དུ་བསྐྱོད་པར་ཁྲིད་སྟོན་སྒོས་ཞབས་ཞུའི་འདེགས་བྱེད་གསར་གཏོད་དང་ལས་དོན་བརྒྱུད་རིམ་ཚད་ལྡན། སྒྲུབ་གཉེར་སྤུས་ཕན་མཐོར་འདེགས་སུ་བཏང་ནས་ཞུ་བཅར་བརྟན་ལྷིང་དང་འགལ་ཟླ་སེལ་བ། དམངས་ཚིས་ལེགས་སྒྱུར་སོགས་མང་ཚོགས་ཀྱི་སེམས་ལ་འབབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན། 

ཀང་ཧྥུའུ་འཁོར་བཅས་གཡང་ལུང་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་ཆུང་དུ་སློབ་མའི་བཟའ་བཏུང་དང་སྡོད་ཤག སློབ་ཁྲིད་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་ཤིང་། སློབ་མ་ཚོ་དང་ལྷན་དུ་གུང་ཟས་ལ་རོལ། “སློབ་རའི་ཟ་མ”ནི་རྒྱ་ཆེའི་སློབ་མའི་བཟའ་བཅའི་བདེ་འཇགས་དང་བདེ་ཐང་འཚར་ལོངས་ལ་འབྲེལ་ཞིང་སློབ་རའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་འགན་འཁྲི་ཁུར་སེམས་ལ་སྔར་བས་ཤུགས་སྣོན་དགོས། སློབ་གྲྭས་ཟས་རིགས་བདེ་འཇགས་དོ་དམ་ལམ་སྲོལ་ཞིབ་ནན་དུ་བཏང་སྟེ་བཟའ་བཅའི་ཉོ་སྒྲུབ་དང་གསོག་ཉར། ལས་སྣོན་ནས་ཟས་རུང་ཞབས་ཞུའི་བར་གྱི་བདེ་འཇགས་འགག་སྒོ་དམ་པོར་སྲུང་དགོས། རྒྱུན་གཏན་ལྟ་སྐུལ་དང་ཆེད་དོན་ཞིབ་བཤེར་ལ་ཤུགས་བསྣན་ནས་ལས་ཞུགས་མི་སྣའི་གསོ་སྦྱོང་མཛུབ་ཁྲིད་དང་། སློབ་རའི་བཟའ་བཏུང་གི་དོ་དམ་དང་བཟོ་བའི་བརྒྱུད་རིམ་མུ་མཐུད་ཚད་ལྡན་དུ་བཏང་ནས་སློབ་རའི་ཟ་མའི་བདེ་འཇགས་འགག་སྒོ་དང་བདེ་ཐང་འགག་སྒོ་ནན་མོས་སློབ་མ་ཚོ་ལ་བདེ་ཐང་དང་བདེ་འཇགས། དྲོད་དང་ལྡན་པའི་བཟའ་བཏུང་ཁོར་ཡུག་ཅིག་བསྐྲུན་ནས་ཁྱིམ་བདག་སེམས་བདེ་ཡོང་དགོས་པ་ནན་གྱིས་བསྟན། 

3.jpg

4.jpg

གཡང་ལུང་ཡུལ་ཚོ་ཆུ་ཁོལ་སྡེ་བའི་འབྲོག་པའི་གསོ་སྤེལ་ར་བར། ཀང་ཧྥུའུ་དང་བཅས་པ་ཤྭ་བ་གསོ་སྐྱོང་ར་བར་སོང་ནས་ཡུལ་དངོས་སུ་གསོ་སྤེལ་གཞི་ཁྱོན་དང་ཁྲོམ་རའི་ཕྱིར་འཚོང་ལམ་བུ།  འབབ་འཕར་གནས་ཚུལ་བཅས་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་ནས་མང་ཚོགས་ལ་གསོ་སྤེལ་མཉམ་ལས་ཁང་གི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བྱས། སྐྱེ་ཁམས་སྔོན་ལ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྟན་པོར་བཙུགས་ནས་རིམས་ནད་སྔོན་འགོག་དང་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་རྒྱུན་མཐུད་དུ་ཤུགས་སྣོན་རྒྱབ་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལག་རྩལ་མཛུབ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  གསོ་སྤེལ་གསོ་སྐྱོང་གཞི་ཁྱོན་ཧུར་ཐག་སྒོས་རྒྱ་སྐྱེད་དེ་ཐོན་ལས་གཞི་ཁྱོན་ཅན་དང་ཚད་གཞི་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས།  གསོ་སྤེལ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་ནན་གྱིས་བསྟན།

5.jpg

དེའི་བར་སྐབས་སུ། ཀང་ཧྥུའུ་དང་བཅས་པ་ཡུལ་ཚོ་གཉིས་ཀྱི་དབུལ་སྒྲོལ་དུད་ཚང་གི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས་པ་དང་བྱམས་བརྩེའི་ངང་མང་ཚོགས་དང་ཁ་བརྡ་བྱས་ནས། ཁྱིམ་ཚང་གི་ཡོང་སྒོ་དང་དཔལ་འབྱོར་ཡོང་ཁུངས། བྱིས་པ་སློབ་ཞུགས་བྱས་ཚུལ། སྨན་བཅོས་འགན་སྲུང་སོགས་ཀྱི་གནས་ཚུལ་འདྲི་རྩད་ཞིབ་ཕྲ་བྱས།  མང་ཚོགས་ཀྱི་རེ་འདུན་ངོ་མ་དང་དགོས་མཁོར་ཉན་ཏེ།  མང་ཚོགས་ཀྱིས་འཚོ་བར་ཡིད་ཆེས་ལྡན་དགོས་པར་རེ་བ་བཏོན་པ་དང་། རང་རྟོགས་སྒོས་འཕེལ་རྒྱས་གཏོང་བའི་ནུས་པ་ཇེ་ཆེར་བཏང་སྟེ་འཚོ་བའི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བར་སྐུལ་མ་བཏང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསྐྱར་དབུལ་སྔོན་འགོག་ལྟ་ཞིབ་ཚད་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། དམངས་འཚོའི་དོན་དངོས་ལ་དམིགས་ཏེ་དུད་ཁྱིམ་དུ་སོང་ནས་རོགས་སྐྱོར་ཏན་ཏིག་བྱེད་པ། གནས་ཚུལ་དངོས་ལ་གཞིགས་ནས་ཐབས་ཇུས་ལག་བསྟར་དང་གནད་འཁེལ་ཤུགས་སྣོན། སྨན་བཅོས་འགན་ལེན། སྡོད་ཁང་བདེ་འཇགས། འཐུང་ཆུ་བདེ་འཇགས་སོགས་དམངས་འཚོའི་དོ་ཁུར་བྱ་ཡུལ་སོགས་ལ་དམིགས་ནས་གནད་དོན་ཐག་གཅོད་བྱེད་པ་དང་། ཐབས་ཤེས་གང་ཐུབ་ཀྱིས་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། མང་ཚོགས་ཀྱིས་ལས་ཞུགས་དང་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པར་རོགས་རམ་བྱེད་དགོས་ལ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་དང་ནུས་ལྡན་གཏོང་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག  སྡེ་སྡོད་ལས་བྱེད་རུ་ཁག་ལ་ལས་གཞིའི་བླང་བྱ་གཞིར་བཟུང་ནན་པོ་བྱས་ཏེ་ཆད་ལྷག་ཞིབ་བཤེར་དང་སྟོང་ཆ་ཁ་གསབ། འགན་འཁྲི་དམ་ཟབ་བཅས་བྱས་ནས་གནད་དོན་སྣ་ཚོགས་ཐག་གཅོད་ནུས་ལྡན་ཡོང་བའི་འགན་ལེན་དང་གྲངས་གཞི་ཁག་གནད་ལ་འཁེལ་ཞིང་དོན་དངོས་དང་བསྟུན་ནས“མི་སེམས། བརྩེ་བ། རོགས་སྐྱོར་བཅས་ཐོན་དགོས་པའི”བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་མཐོ་རུ་གཏོང་དགོས་པའི་བཀའ་བརྡ་གནང་།

f78ba3f96abf6d1af8e92bce05eb0518.jpg

866a056aaba2bd47946510321df21de0.jpg

རྫོང་གི་མགོ་ཁྲིད་ཀྲང་ཀྲི་ཨིན་དང་སོ་ཞའོ་ཅུན།    རྫོང་འཕེལ་རྒྱས་བཅོས་སྒྱུར་དང་བཟོ་ལས་ཆ་འཕྲིན་ཅན་ཅུ།   ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ།   གཡང་ལུང་ཡུལ་ཚོ་དང་འབྲོང་ལུང་ཡུལ་ཚོའི་འགན་འཁུར་པ་གཙོ་བོ་ཞུགས།



མཉམ་སྤྱོད།