དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་གླ་དངུལ་ཆད་པ་རྩ་བ་ནས་བཅོས་སྐྱོང་བྱས་ཏེ་ངལ་རྩོལ་འབྲེལ་བའི་རྨང་གཞི་བརྟན་པོར་བཏང་བ།

2025-11-13 15:29:02   |   1582

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཞིང་པའི་གླ་ཕོགས་གནད་དོན་ནི་དམངས་ཚིས་འགན་སྲུང་དང་འཆམ་མཐུན་ངལ་རྩོལ་འབྲེལ་བ་གྲུབ་པའི་དོན་གནད་དུ་བཞག་ཅིང་། འབྱུང་རྩར་སྔོན་འགོག་དང་འགུལ་རྣམ་ལྟ་ཞིབ་རྒྱུན་འཁྱོངས། སྡེ་ཁག་མཉམ་འབྲེལ་མཐུན་སྦྱོར། སྣ་མང་ཆིག་ཤུགས་གཅིག་སྒྲིལ་གྱིས་ཞིང་པའི་གླ་ཕོགས་འགོར་འགྱངས་གནད་དོན་ལ་བཀག་འགོག་ནུས་ལྡན་བྱས་ཏེ་རྒྱ་ཆེའི་ཞིང་པ་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་དྲང་བདེན་འདྲ་མཉམ་ཏན་ཏིག་གིས་སྲུང་། 

གླ་ཆད་འགལ་ཟླ་སེལ་ནས་འཆམ་མཐུན་བརྟན་ལྷིང་གི་ངལ་རྩོལ་འབྲེལ་བ་གྲུབ། མདོ་ལ་རྫོང་གིས“དོན་དག་རེ་རེར་ལན་ལྡོན་ནས་ངེས་པར་སྒྲུབ་པ”ཡི་ལས་དོན་འདུ་ཤེས་རྒྱུན་འཁྱོངས་སྒོས་ལོའི་ཚུར་རོལ་དུ་སྲིད་དོན་ཞབས་ཞུའི་སྦྲེལ་ལམ“12345”ཡི་ཕྱིར་ལྡོག་བྱས་པའི་ངལ་རྩོལ་པ329ཡི་སྒོར་ཁྲི286.8ལ་འབྲེལ་བའི་གླ་ཆད་གནད་དོན36ཐག་གིས་བཅད། 12333གྱི་ལས་སྟེགས་བརྒྱུད་ནས་མི32ཀྱི་སྒོར་ཁྲི22.2ལ་འབྲེལ་བའི་གླ་ཆད་གྱོད་གཞི8མཐུན་སྦྱོར་ཐག་གིས་བཅད། ལས་བསྐྲུན་སྡེ་ཚན67ལ་ཞིང་པའི་གླ་ཕོགས་འགན་སྲུང་དངུལ་སྒོར་ཁྲི1339.03སྤྲོད་པར་སྐུལ་མ་བཏང་། 

འདུམ་འགྲིག་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་སྒོས་སྣ་མང་ཐག་གཅོད་ཀྱི་ལས་རྣམ་གསར་བ་གྲུབ། མདོ་ལ་རྫོང་གིས་མུ་མཐུད་དུ“འདུམ་འགྲིག་སྔོན་འགྲོ་དང་གཏོང་མང་དབྱུང་ཉུང་། སྒྱུར་རུང་དབྱུང་མིན”གྱི་གྱོད་སྒྲུབ་འདུ་ཤེས་རྒྱུན་འཁྱོངས་སྒོས་ལོའི་ཚུར་རོལ་དུ་ངལ་རྩོད་གྱོད་གཞི4བདག་གཉེར་བྱས་ཤིང་། གྱོད་གཞི2འདུམ་གཅོད་བྱས་པ་དང2འདུམ་འགྲིག་བྱས་པ། རྒྱལ་ཡོངས་ངལ་རྩོལ་རྩོད་གཞིའི་འདུམ་འགྲིག་སྟེགས་བུར་གྱོད་གཞི1འདུམ་འགྲིག་བྱས། དོན་དག13གྱོད་ཕྱིར་འདུམ་འགྲིག་བྱས། ངལ་རྩོལ་པ29ཡི་སྒོར་ཁྲི52.58ཀྱི་སྒོར་ཁྲི13.71འདུམ་འགྲིག་བྱས་ཤིང་སྒོར་ཁྲི38.87འདུམ་གཅོད་བྱས། ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཚད100%དང་ངལ་རྩོལ་མི་དོན་རྩོད་གཞི་འདུམ་འགྲིག་ལེགས་འགྲུབ་ཚད80%ཡན་ལ་སླེབས། 

ཁེ་དབང་འགན་སྲུང་བྱེད་པར་ཤུགས་བསྣན་ནས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་། མདོ་ལ་རྫོང་གིས་ལས་ཁུངས་དང་ཁེ་ལས་ཀྱི་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་གཞིར་བཟུང་ནས།《ལས་རྨས་འགན་བཅོལ་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི<ལས་རྨས་འགན་བཅོལ་སྲོལ་ཡིག>ལག་བསྟར་བྱེད་ཐབས》ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་མི་དམངས་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་ཅུ་ལ་ལས་རྨས་ངོས་འཛིན་དང་ངལ་རྩོལ་ནུས་པའི་རིམ་པ་གསལ་འབྱེད་རེ་ཞུའི་ཡིག་ཆ་ཧུར་ཐག་ཕུལ་ཏེ། ལོ་འདིའི་ནང་ལས་རྨས་ངོས་འཛིན་རེ་ཞུའི་ཡིག་ཆ20དང་ངལ་རྩོལ་ནུས་པའི་རིམ་པ་གསལ་འབྱེད་རེ་ཞུའི་ཡིག་ཆ8ཕུལ་ནས་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལེགས་པར་སྲུང་།

ཕྱོགས་མང་པོའི་མཉམ་འགུལ་གྱིས་དྲིལ་སྒྲོག་བྱེད་པར་ཤུགས་བསྣན་ནས་བཅའ་ཁྲིམས་དྲིལ་སྒྲོག་གི་ཕན་འབྲས་ཆེ་རུ་བཏང་། འཛུགས་སྐྲུན་བྱེད་བཞིན་པའི་ལས་གྲྭའི་རྣམ་གྲངས་ཀྱི“ལམ་ལུགས་བཞི”དོན་འཁྱོལ་བྱ་ཆེད། མདོ་ལ་རྫོང་གི་འབྲེལ་ཡོད་ལས་ཁུངས་དག་གིས་མཉམ་འབྲེལ་བྱས་ནས་ངལ་རྩོལ་དང་ལས་བཟོ་ཁྱབ་ཁོངས་ཀྱི་ཉིན་རྒྱུན་སྐོར་ཞིབ་དང་ཆེད་དོན་ཞིབ་བཤེར་ཐེངས20ལྷག་ཙམ་སྤེལ་བ་དང་ལས་བཟོ་སྡེ་ཚན45ལ་ཞིབ་བཤེར་བྱས་ཏེ། མི་སྤྱོད་སྡེ་ཚན་སོ་སོའི་ཁ་གསབ་ཀྱི་ངལ་རྩོལ་གན་རྒྱ1124ལྷག་ཙམ་མིང་རྟགས་འགོད་རྒྱུར་སྐུལ་འདེད་བཏང་བ་དང་། 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》དང《ཞིང་བ་ལས་བཟོ་པའི་གླ་ཕོགས་འདོན་སྤྲོད་འགན་སྲུང་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ནས། ལོ་འདིའི་ནང་ངལ་རྩོལ་དང་ལས་བཟོ་དྲིལ་སྒྲོག་དེབ1000ལྷག་ཙམ་འགྲེམས་སྤེལ་བྱས་པས་ཁེ་ལས་ཀྱི་འགན་འཁུར་པས་ཁྲིམས་ལྟར་ངལ་རྩོལ་བ་སྐུལ་སྤྱོད་དང་ཞིང་བ་ལས་བཟོ་པའི་གླ་ཕོགས་དུས་ཐོག་ཏུ་གྲངས་འབོར་འདང་པར་སྤྲོད་རྒྱུའི་འདུ་ཤེས་ཇེ་མཐོར་བཏང་སྟེ། བཅའ་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བ། ཁྲིམས་ལུགས་ལེགས་པར་སྤྱོད་པ་བཅས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ཡོད།



མཉམ་སྤྱོད།