དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“མཚོ་སྔོན་གྱི་གསོལ་སྟོན”མདོ་ལར་བཤམས་ཤིང་མདོ་ལའི་རྒྱ་ཁོག་དྲོན་མོས་དགུན་གྱི་འཛད་སྤྱོད་ལ་སྐུལ་སྤེལ་བཏང་།

2025-11-18 09:53:27   |   1568

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས15ཉིན་ནས16ཉིན་བར། “མཚོསྔོན་གྱི་གསོལ་སྟོན་མདོ་ལར་སྤེལ”——མདོ་ལའི་རི་འདབས·ཨ་མྱེས་སྟོང་སོའི་རྒྱ་ཁོག་དྲོན་མོའི་བྱ་འགུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་མྱེས་སྟོང་སོའི་ནགས་ཀླུང་སྒར་འདེབས་རྟེན་གཞིར་སྤེལ།  “མཚོ་སྔོན་གསོལ་སྟོན”སྤུས་རྟགས་ཤིག་ཡིན་པའི་ཆ་ནས་ཐོག་མར་རྫོང་ཁོངས་སུ་བསྐྱོད་པ་ནི་ལག་ལེན་གལ་ཆེན་ཞིག་ཡིན་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་གཙོ་གཉེར་བྱས་ཤིང་།  “རྒྱུ་ཆ་བཟང་བོ་བེད་སྤྱད་ནས་བྲོ་བ་བཟང་བོ་བཟོ་བ”ཞེས་པ་ལྟེ་བའི་འདུ་ཤེས་སུ་བཟུང་ནས“གསོལ་སྟོན+གངས་འཁྱགས+རིག་གནས་གནས་སྐོར”དག་གསར་གཏོད་ཀྱི་མཉམ་འདྲེས་རྣམ་པ་སྤྱད་དེ་མདོ་ལ་རྫོང་གིས་རྒྱ་ཁོག་གཙོ་བོར་འཛིན་པའི་གསོལ་སྟོན་འཕེལ་རྒྱས་ཀྱི་ངེས་གནས་ཡིན་པ་ཁ་གསལ་བྱས།

80bdf71012bbfd5ac002ba9422f76d88.jpg

f429c0a5d2fbc9d517401d9ad9b816aa.jpg

བྱེད་སྒོའི་ཐོག་ཧྲན་ཏུང་མཚོ་སྐྱོར་བཀོད་འདོམས་པུ་དང་ཞིང་ཆེན་ཕྱི་ནང་གི་བཟའ་བཏུང་ཁེ་ལས་གྲགས་ཅན་གྱི་འཐུས་ཚབ་ཆེད་དུ་གདན་དྲངས་ནས་རྒྱ་ཁོག་འདུ་ཚོགས་དང་མེ་ཁོག་བྲོ་མྱངས། གསོལ་སྟོན་སོགས་སྣ་མང་གི་རྣམ་པ་བརྒྱུད་དེ། མདོ་ལའི་བོད་ལུག་དང་ནོར་གནག ཤ་སེར་སོགས་ཁྱད་ལྡན་བཟའ་བཅའི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས། ཡུལ་དངོས་ནས“མཚོ་སྔོན་གསོལ་སྟོན་ལས་མདོ་ལའི་ལུག་ཤའི་རྒྱ་ཁོག”བཟའ་བཅའི་མ་ལག་ཁྱབ་བསྒྲགས་བྱས་ནས་ཐོན་སྐྱེད་དང་ཕྱིར་འཚོང་མཉམ་ལས་ཀྱི་གྲོས་མཐུན་མང་པོར་མིང་རྟགས་བཀོད་དེ། ཕྱུགས་ར་ནས་ཟས་ཅོག་བར་གྱི་ནུས་ཆེའི་མཐུན་སྦྱོར་ལ་སྐུལ་འདེད་བཏང་། སྐུ་མགྲོན་དང་གནས་སྐོར་བ་མང་པོས་གངས་རི་དང་ནགས་ཀློང་བར་དུ་ནོར་གནག་སྣུམ་ཁུ་དང་ཤ་སེར་ཁུ་བ་སོགས་ཁྱད་ལྡན་རྒྱ་ཁོག་གི་བྲོ་བ་མྱངས་ཏེ། གཟུགས་མེད་ཤུལ་བཞག་རིག་གནས་ཟངས་ཁོག་ཆེན་པོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ཉམས་སུ་མྱངས།

739281c9e6b7f6ebf466e7679684ed4a.jpg

91f9a72a9dc32ff93096e7dfa6764899.jpg

ཐེངས་འདིའི་བྱ་འགུལ་གྱིས་མདོ་ལ་རྫོང་གི་བཟའ་བཅའ་སྤུས་ལེགས་ཀྱི་ཁྲོམ་རའི་ཐབས་ལམ་རྒྱ་བསྐྱེད་པ་མ་ཟད། དགུན་གྱི་ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པར་སྐུལ་སྤེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་འཛུགས་སྐྲུན་དང་དགུན་གྱི་གནས་སྐོར་འཕེལ་རྒྱས་ལ་ནུས་ཤུགས་གསར་བ་བཏོན།



མཉམ་སྤྱོད།