དེ་རིང་ནི2025ལོའི་ཟླ11པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་མདོ་ལའི་རོང་འབྲོག་པའི་ཆ་སྙོམས་ཡོང་འབབ་འཕར་ཐང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་རུ་སླེབས་པ།

2025-11-19 10:57:46   |   1222

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ཚུན་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཞིང་ཕན་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས་རྫོང་ཡོངས་ཀྱི་རོང་འབྲོག་པའི་གཏོང་སྤྲོད་ཡོང་འབབ་ལ་འབབ་འཕར་བརྟན་ལྷིང་གི་རྣམ་པ་བྱུང་། སྡོམ་རྩིས་བྱས་པར་གཞིགས་ན། མདོ་ལ་རྫོང་གི་ཞིང་སྡེའི་མི་རེའི་ཆ་སྙོམས་གཏོང་སྤྲོད་ཡོང་འབབ་སྒོར16453ལ་སླེབས་ཤིང་ལོ་སྔོན་མ་དང་བསྡུར་ན6.8%ཀྱིས་འཕར་བ་དང་། རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.1གིས་མཐོ་ཞིང་། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1གིས་མཐོ། ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས0.2ཀྱིས་མཐོ། འཕར་ཐང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་རུ་སླེབས། 

མདོ་ལ་རྫོང་གིས་ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་གཟབ་ནན་སྒོས་དོན་འཁྱོལ་བྱས། མ་དངུལ་སྒོར་ཁྲི3615.37གྱི་ལས་ཚབ་རྒུད་སྐྱོབ་ལས་གཞི4ལག་བསྟར་བྱས། ལས་གཞི་གལ་ཆེན23གྱིས་ས་གནས་ལས་བཟོ་མི་སྣ257སྡུད་རུབ་བྱས་ཤིང་ངལ་ལས་གླ་ཕོགས་སྒོར་ཁྲི385.24སྤྲད་དེ་མང་ཚོགས་སྒོ་མདུན་དུ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས། རྩྭ་ཐང་སྐྱེ་ཁམས་ཁ་གསབ་སོགས་ཞིང་ཕན་རོགས་སྐྱོབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རིགས་སོ་སོའི་ཁ་གསབ་མ་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི9762.82གཤམ་སྤྲོད་བྱས། ཟི་ལིང་གྲོང་ཁྱེར་དུ“མདོ་ལའི་བོད་ལུག”གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཆེད་དོན་བྲིན་ཚོང་བྱེད་སྒོ་སྤེལ་པ་བརྒྱུད་དེ། མདོ་ལའི་ནོར་ལུག་ཤའི“ཐོན་རྫས་བཙོང་བ”ནས“སྤུས་རྟགས་བཙོང་བ”བསྒྱུར་བ་མངོན་འགྱུར་བྱུང་བ་དང་།  མདོ་ལའི་བོད་ལུག་ཉོ་སྒྲུབ་ཀྱི་ཆ་སྙོམས་རིན་གོང་དང་ཕྱིར་འཚོང་ཆ་སྙོམས་རིན་གོང་ཡོངས་ཀྱི་འཕར་ཚད20%ཡན་ལ་སླེབས་ཡོད།

“ཤ་སེར་འཐུ་འཚོང་མཁན”གྱི་ངལ་ལས་སྤུས་རྟགས་བཟོས་ནས། ཤ་མོ་ལོའི་ཐོན་ཚད་ཏུན200ལྷག་ལ་ཐོན་པ་དང་ལོ་གཅིག་གི་ཐོན་སྐྱེད་བྱེད་ཚད་སྒོར་ཁྲི820ལ་སླེབས།   རི་སྐྱེས་ཕྱེད་མའི་ཤྭ་བའི་གསོ་སྤེལ་གཞི་ཁྱོན2000ལྷག་དང་ཐོན་སྐྱེད་ཐོན་ཐང་སྒོར་ཁྲི1459ཟིན་པ་དང་།  ནགས་ཚལ་ཤྭ་བ་གསོ་སྤེལ་གཞི་ཁྱོན475ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་ཐོན་ཐང་ཆེས་མཐོ་བའི་ཤྭ་བའི་གསོ་སྤེལ་རྟེན་གཞིར་གྱུར་ཡོད།  མདོ་ལ་སྤེན་མ་བོད་ཇའི་ཐོན་ཚད་ཏུན10ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་ཐོན་ཚད་ཀྱི62%ཟིན་པས་རྫོང་ཡོངས་ཀྱི་ཞིང་ཕྱུགས་པའི་ཡོང་འབབ་རིམ་བཞིན་མཐོ་རུ་ཕྱིན་ཡོད།  དེ་དང་ཆབས་ཅིག “བྱང་གི་མདོ་ལའི་གཞུང་ལམ9པ་བསྐྱོད་པའི”སྒེར་སྐོར་གནས་སྐོར་སྤུས་རྟགས་གསར་བསྐྲུན་བཟོས་ནས་ཀྲུང་གོའི་ཆེས་མཛེས་པའི་སྒེར་སྐོར་ལམ་ཐིག་ལྔའི་གྲས་སུ་ཚུད་པ་དང་།  དུས་ཚིགས་སྔོན་མ་གསུམ་གྱི་ཁྲོད་དུ་རྫོང་ཡོངས་ཀྱིས་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི249.61སྣེ་ལེན་བྱས་པ་དེ་དུས་མཚུངས་ལས39.97%འཕར་ཡོད་དེ། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར15.08ལ་སླེབས་པ་དེ་དུས་མཚུངས་ལས30.3%འཕར་ཡོད།



མཉམ་སྤྱོད།