དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་ཡུལ་གྲོང་ཏང་གི་སློབ་གྲྭས་ཏང་ཡོན་སློབ་གསོའི“དབང་རྩའི་མཇུག་རྩར”སྐུལ་སློང་ཡག་པོ་བྱས།

2025-11-26 16:33:20   |   2010

རྩོམ་སྒྲིག མཁའ་འགྲོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་།  མདོ་ལ་རྫོང་གིས་རོང་འབྲོག་ཁུལ་གྱི་ཁྱད་ཆོས་དང་མཐུན་ལ་རོང་འབྲོག་པའི་ཏང་ཡོན་གྱི་དགོས་མཁོ་དང་འཚམ་པའི་ཁྱད་ལྡན་ཅན་གྱི་གསོ་སྦྱོང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་པས་ཏང་ཡོན་གྱི་སློབ་སྦྱོང་གི་རྩ་བའི་སྒུལ་ཤུགས་ནུས་ལྡན་ངང་འཕེལ་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འགྲིལ་ཤུགས་དང་འཐབ་ནུས་ཆེ་རུ་ཕྱིན་ཡོད།

བསམ་བློའི་ངེས་སྲོལ་གཏོར་ནས་སྣ་མང་སློབ་ཁྲིད་བསྐྲུན་ཏེ་སློབ་གསོའི་གསོ་སྦྱོང“གཞན་དབང་གིས་དང་ལེན་བྱེད་པ”ནས“རང་འགུལ་ངང་ཞུགས་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་།“ཁྱོད་ཀྱིས་ཁྲིད་དང་ངས་ཉན་པའི”སྲོལ་རྒྱུན་གྱི་ཐབས་ལམ་ལས་བརྒལ་ནས“གཞུང་ལུགས་སྟོང་བཤད”དེ“གསོན་ཉམས་ལྡན་པའི་ལག་ལེན”དུ་བསྒྱུར་བ་དང་།“ཕྱོགས་གཅིག་བརྒྱུད་གཏོང”དེ“ཕྱོགས་གཉིས་མཉམ་འགུལ”དུ་གྱུར། རང་ས་གནས་ཀྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་ལོ་རྒྱུས་ཀྱི་ཤུལ་བཞག་ཡུལ་དངོས་དང་ཞིང་ཁར་སྤར་ནས“གསར་བརྗེ+སློབ་གསོའི་ཞིབ་འཇུག་སློབ་སྦྱོང”དང“གསར་བརྗེ+བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”སོགས་མཉམ་འདྲེས་རྣམ་པའི་སློབ་ཁྲིད་བྱེད་སྒོ་སྤེལ་ནས་རོང་འབྲོག་པའི་ཏང་ཡོན་གསར་བརྗེའི་དྲན་གསོ་ཁང་དང་། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་། གནའ་ཤུལ་སོགས་སུ་ཁྲིད་ནས། གསར་བརྗེའི་གཏམ་རྒྱུད་ལ་ཉན་པ་དང་། ལོ་རྒྱུས་ཀྱི་རིག་དངོས་ལ་ལྟ་ཞིབ། ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འདོན་སོགས་ཀྱི་རྣམ་པ་བརྒྱུད་ནས་ཏང་ཡོན་རྣམས་ཀྱིས་འཐབ་རྩོད་ཀྱི་ལོ་ཟླ་ལ་ཕྱིར་དྲན་བརྒྱུད་ཐོག་མའི་སེམས་འདུན་དང་ལས་འགན་རྟོགས་པ། ཁྲག་རྒྱུད་དམར་པོ་རྒྱུན་མཐུད་བཅས་བྱེད་པར་ཁྲིད་སྟོན་བྱས།“སློབ་ཐུན་ཧྲིལ་བོར་ཁྲིད་པ་རྐྱང་བའི”དུས་ཚོད་ཉུང་དུ་བཏང་ནས་དཔེ་མཚོན་སློབ་ཁྲིད་དང་གནས་ཚུལ་འདྲ་བཟོ།  ཚོགས་ཆུང་ཁག་བགོས་དཔྱད་གླེང་། ཉམས་མྱོང་མཉམ་སྤྱོད་སོགས་མཉམ་འགུལ་ལྷུ་ཚིགས་མང་དུ་བཏང་།  གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་།  ཐོན་ལས་འཕེལ་རྒྱས།  སྐྱེ་ཁམས་སྲུང་སྐྱོང་སོགས་རོང་འབྲོག་ཏང་ཡོན་གྱིས་དོ་སྣང་དོ་ཁུར་བྱེད་པའི་ཚ་གནད་དང་དཀའ་གནད་ཅན་གྱི་གནད་དོན་ལ་དམིགས་ཏེ་ཏང་ཡོན་སྒྲིག་འཛུགས་བྱས་ནས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ངོས་འཛིན་དང་མྱོང་ཚོར་གླེང་བ།  གྲོས་འགོ་འདོན་པ་བཅས་བྱས་ནས་བསམ་བློའི་གདོང་ཐུག་ལ་སྐུལ་མ་གཏོང་བ་དང་བློ་གྲོས་ཀྱི་མེ་སྟག་འཕེལ་བར་བྱས་ཏེ་སློབ་སྦྱོང་དང་བསམ་སྤྱོད། ཡིད་རྟོན་བཅས་གཅིག་གྱུར་ཡོང་བ་བྱས།

གཞི་རྟེན་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་སྒྲོག་འགྲེལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་ཏང་གི་སྐད་སྒྲ་དེ“རིམ་པ་བཞིན་བརྒྱུད་སྒྲོག་བྱེད་པ”ནས“ཐད་ཀར་སེམས་ལ་ཟུག་པའི”ཕྱོགས་སུ་ཁྱབ་པར་སྐུལ་འདེད་བཏང་། རོང་འབྲོག་ཁུལ་གྱི་སྡོད་གནས་ཁ་ཐོར་དང་ཆ་འཕྲིན་བརྒྱུད་སྤྲོད་ཀྱི་སྦྲེལ་ཐག་རིང་བ། འགྲོ་སྐྱོད་སྟབས་བདེ་མིན་པའི་ཏང་ཡོན་རྒན་གྲས་ཁག་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་གི་སློབ་གྲྭས་ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་སྒྲོག་འགྲེལ་བརྒྱུད་སྤེལ་དྲ་རྒྱ་ཧུར་ཐག་བཙུགས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་མི་སེར་དཀྱུས་མའི་ཁྱིམ་དུ་བསྐྱོད་ཐུབ་པ་དང་།“རྟ་ཐོག་སྒྲོག་འགྲེལ་ཚོགས་པས”ས་གནས་ཁོར་ཡུག་ལ་རྒྱུས་ལོན་ཡོད་པ་དང་མི་རིགས་སྐད་ཡིག་བྱང་ཆུབ་པ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་རྣམ་ཅན་གྱི་རྒྱང་རིང་ལུང་ཁུག་གི་འབྲོག་ཁུལ་དང་ཞིང་ཁྱིམ། ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ཟབ་བསྐྱོད་བྱས་ནས། “ཁྱིམ་ཚང་གི་གོ་གཏམ”དང“ཁ་ཏ”སོགས་མང་ཚོགས་ཀྱིས་མཐོང་ཐོས་དགའ་བའི་བྱ་ཐབས་ལས“གཞུང་ལུགས་སྐྱེལ་བ་དང་སྲིད་ཇུས་སྐྱེལ་བ། ཚན་རྩལ་སྐྱེལ་བ། རིག་གནས་སྐྱེལ་བ། བདེ་ཐང་སྐྱེལ་བའི”ནང་དོན་གྱི“སྐྱེལ་ལྔའི”བྱེད་སྒོ་སྤེལ་ཏེ། དྲིལ་སྒྲོག་གཞི་ཚུགས་པ་དང་མི་སེམས་གཅིག་སྒྲིལ། དམངས་སེམས་གསོ་བ་བཅས་དངོས་སུ་བསྒྲུབས་ནས་གཞུང་ལུགས་ཁྱབ་སྤེལ་དང་སྲིད་ཇུས་ཞབས་ཞུའི“སྤྱི་ལེ་མཐའ་མ”ཤར་གཏོང་བྱུང་ཡོད། ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་དང་འཚམ་པ་ཧུར་ཐག་བྱས་ཏེ། རོང་འབྲོག་པའི་ཏང་ཡོན་གྱིས་སློབ་བརྩོན་རྒྱལ་སྟོབས་དང་མདོ་ལའི་གདོང་ལེན་སོགས་ཀྱི་ལས་སྟེགས་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆབས་ཅིག་རྒྱང་ཁྲིད་སློབ་གསོའི་ས་ཚིགས་ཀྱི་ནུས་པར་བརྟེན་ནས་རོང་འབྲོག་པའི་ཏང་ཡོན་གྱིས་དུས་བཅད་དང་དུས་བཀག་ལྟར་ནོར་ལུག་གསོ་སྤེལ་དང་ལོ་ཏོག་འདེབས་གསོ་སོགས་ཀྱི་སློབ་ཁྲིད་སློབ་ཚན་ལ་ལྟ་རྒྱུར་སྐུལ་འདེད་བཏང་ཞིང་། གྲོང་རྡལ་དང་སྡེ་བའི་ཏང་ཡོན་སློབ་གསོའི་སྐད་འཕྲིན་ཚོགས་པ་བཙུགས་པ་དང་ཏང་གི་སློབ་གྲྭའི་སྐད་འཕྲིན་སྤྱི་སྟེགས་ཤར་གཏོང་བྱས་ཡོད།

མཁོ་སྤྲོད་བྱེད་སྟངས་ལེགས་སུ་བཏང་ནས་དགོས་མཁོ་དང་གནད་སྨིན་འབྲེལ་མཐུད་བྱས་ཏེ་སློབ་སྦྱོང་གི་དུས་དང་བར་སྟོང“གཏན་འཇགས་གཅིག་སྡུད”ནས“སྟབས་བསྟུན་ལྡེམ་ཤུགས”སུ་རྒྱ་སྐྱེད་པར་སྐུལ་འདེད་བཏང་། རོང་འབྲོག་པའི་ཏང་ཡོན་ཉིན་མོར་ཕྱུགས་འཚོ་བ་དང་རྨོ་འདེབས་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་བྲེལ་ནས་ཉིན་མོའི་གཅིག་སྡུད་གསོ་སྦྱོང་ནང་ཞུགས་དཀའ་བའི་དོན་དངོས་ལ་དམིགས་ཏེ། “འབྲོག་པའི་མཚན་མོའི་སློབ་གྲྭ”གསར་གཏོད་ངང་བཙུགས་ནས་མཚན་མོའི་ཞིང་དལ་དང་རྫི་བོ་ལོག་རྗེས་ཀྱི་དུས་ཚོད་སྤྱད་དེ་ཡུལ་ཚོ་དང་གྲོང་རྡལ་གྱི་ད་ཡོད་ཚོགས་ཁང་དང་ནུས་མང་ཚོམས་ཁང་སོགས་སུ་ཏང་ཡོན་སྒྲིག་འཛུགས་བྱས་ནས་གཅིག་སྡུད་སློབ་སྦྱོང་བྱེད་ཀྱི་ཡོད། དབྱར་དུས་ཕྱུགས་ར་དང་རྒྱང་རིང་རི་རྒྱུད་ཀྱི་ལས་སྒྲུབ་ས་ཚིགས་སོགས་གནས་སྐབས་འདུས་སྡོད་ས་ཚིགས་སུ་གཏན་འཇགས་སློབ་སྦྱོང་ནང་ཞུགས་ཐབས་བྲལ་བའི་ཏང་ཡོན་ལ“སྦྲ་གུར་སློབ་ཁྲིད”སྒོ་རྩར་སྐྱེལ་རྒྱུ་ཁྱབ་སྤེལ་བཏང་། ཏང་གི་སློབ་གྲྭའི་དགེ་རྒན་དང་རྐང་འཛིན་ཏང་ཡོན། སྡེ་སྡོད་ལས་བྱེད་པ་སོགས་ལས་གྲུབ་པའི་སྐོར་སྐྱོད་སློབ་ཁྲིད་ཡན་ལག་རུ་ཁག་ཆུང་ཆུང་གུར་དང་ཕྱུགས་རར་ཕྱིན་ནས་ངལ་གསོའི་བར་གསེང་བེད་སྤྱད་དེ། ཚིག་ཐུང་དོན་ཟབ་ཅིང་བབ་བསྟུན་ཏང་གི་སློབ་ཚན་ཆུང་གྲས་དང་སྒྲོག་འགྲེལ་ཆུང་གྲས། གྲོས་བསྡུར་ཕྲ་མོའི་བྱེད་སྒོ་སྤེལ། “ཏང་ཡོན་གང་དུ་ཡོད་ན་སློབ་ཁང་དེ་གར་བཙུགས་པའི”གནད་ལ་འཁེལ་བའི་སློབ་སྐྱེལ་བྱེད་སྟངས་ཀྱིས་ཏང་ཡོན་གྱི་ཁོངས་གཏོགས་འདུ་ཤེས་དང་མོས་མཐུན་འདུ་ཤེས་ཏན་ཏིག་ཆེ་རུ་ཕྱིན་ཡོད།



མཉམ་སྤྱོད།