དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་ལོ་ཆུང་གཞོན་ནུའི“མཛེས་རྩལ་གྱིས་རྨི་ལམ་བསྐྲུན་པ་དང་རྨི་ལམ་སྙེག་པ། རྨི་ལམ་འགྲུབ་པ”ཡི་པར་རིས་མཛེས་རྩལ་གྱི་གསར་གཏོད་འབྲས་བཟང་བཤམས་སྟོན་དངོས་སུ་མགོ་བརྩམས།

2025-11-26 16:46:07   |   2428

རྩོམ་སྒྲིག མཁའ་འགྲོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས25ཉིན། “སྣ་མང་མཚོན་གྱིས་མདོ་ལ་རྒྱན་ཞེས་པའི་ལོ་ཆུང་གཞོན་ནུའི‘མཛེས་རྩལ་གྱིས་རྨི་ལམ་བསྐྲུན་པ་དང་རྨི་ལམ་སྙེག་པ། རྨི་ལམ་འགྲུབ་པ’ཡི་པར་རིས་མཛེས་རྩལ་གྱི་གསར་གཏོད་འབྲས་བཟང་བཤམས་སྟོན”དེ་མཚོ་སྔོན་མཛེས་རྩལ་ཁང་དུ་གཟབ་རྒྱས་ངང་མགོ་བརྩམས། སློབ་གསོ་པུ་ཡི་སློབ་གསོ་ལག་རྩལ་དང་ཐོན་ཁུངས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀྲའོ་ཞན་ཀྲི་དང་ཁུལ་སློབ་གསོ་ཅུའི་ཏང་ཙུའུ་ཧྲུའུ་ཅིའམ་ཅུ་ཀྲང་འཇམ་དབྱངས་སྟོབས་ལྡན། སློབ་གསོ་པུ་ཡི་སློབ་གསོ་ལག་རྩལ་དང་ཐོན་ཁུངས་འཕེལ་རྒྱས་ལྟེ་གནས་ཀྱི་རྩལ་སྦྱང་མཛེས་རྩལ་ངལ་རྩོལ་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཧྲིན་ཡོན། ཞིང་ཆེན་སློབ་གསོ་ཐིང་གི་རྩལ་སྦྱང་འཕྲོད་བསྟེན་སྒྱུ་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུའུ་ཧུའེ་མིང་། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་སློབ་མའི་མཛེས་རྩལ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། ཁུལ་དྲ་འཕྲིན་དང་རིག་གནས་མཐུན་ཚོགས་ཀྱི་འགན་ཁུར་བློ་མཐུན། འཇུ་ལག་དང་མདའ་བཞི། རྐང་ཚའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱི་འགན་ཁུར་བློ་མཐུན། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་སོ་སོའི་འགན་ཁུར་བློ་མཐུན། དེ་བཞིན་ཟི་ལིང་གྲོང་ཁྱེར་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཐུས་ཚབ་དང་རྒྱལ་ཁབ། ཞིང་ཆེན། ཁུལ་གྱི་དྲིལ་སྒྲོག་སྨྱན་སྦྱོར་གསར་འགོད་པ་ཐེངས་འདིའི་མཛེས་རྩལ་དང་རིག་གནས་མཉམ་འདྲེས་ཀྱི་རྒྱས་འཛོམས་འདི་ལ་ཞུགས། 

རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དམེ་རྒྱལ་མཚན་བྱེད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ།

རྫོང་དཔོན་གཞོན་པ་མཱ་ཞའོ་ཆིན་གྱིས་མགོ་རྩོམ་མཛད་སྒོར་གཙོ་སྐྱོང་བྱས། 

1.jpg

དམེ་རྒྱལ་མཚན་གྱིས་ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། “ལྔ་ཚན་མཉམ་བསྐྱེད”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། མཛེས་རྩལ་ནི་མི་གཞི་དང་ཀུན་སྤྱོད་གསོ་བའི་རྟེན་གཞི་གལ་ཆེན་དུ་བྱས། ཐེངས་འདིའི་བྱེད་སྒོར“སྣ་མང་མཚོན་གྱིས་མདོ་ལ་རྒྱན་ཞེས་པ”བརྗོད་དོན་དུ་བྱས་ནས“མཛེས་རྩལ་གྱིས་རྨི་ལམ་བསྐྲུན་པ་དང་རྨི་ལམ་སྙེག་པ། རྨི་ལམ་འགྲུབ་པ”ཡི་ལག་ལེན་གྱི་ལམ་བུ་ཆ་ཚང་བརྒྱུད་བྱིས་པ་ཚོའི་འཆར་སྒོ་ཕྱེ་བ་དང་སྤོབས་པ་ཆེན་པོས་རྨི་ལམ་སྙེག་པ་ཡི་འབྲས་བཟང་སྟོན་པའི་འཚར་ལོངས་ཀྱི་སྟེགས་བུ་ཞིག་བསྐྲུན་པ་ཡིན་ལ། རྒྱ་ཆེའི་ལོ་ཆུང་གཞོན་ནུས་ལག་ལ་མཚོན་སྨྱུག་ཐོགས་ཏེ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་འབྲི་བ་དང་མཐའ་འཁོར་གྱི་གཏམ་རྒྱུད་གསོན་པོ་སྟོན་པ། དུས་རབས་ཀྱི་འཐབ་སྐྱོད་རྗེས་ཤུལ་ཕབ་པ་ཡིན་ཞེས་བསྟན། ཁོ་བོས་མདོ་ལས་ཐེངས་འདིའི་བྱ་འགུལ་མགོ་ཚུགས་ས་གསར་བར་བྱས་ཏེ། མུ་མཐུད་དུ་མཛེས་དཔྱོད་སློབ་གསོའི་སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། འགྲེམས་སྟོན་སྟེགས་བུ་དེ་ལས་མང་པོ་བཙུགས་ནས་མཛེས་དཔྱོད་སློབ་གསོའི་ལག་ལེན་སྒྲོམ་གཞི་ཕུན་ཚོགས་སུ་བཏང་སྟེ། ཧུར་ཐག་གིས་མཛེས་དཔྱོད་རིག་པའི་སློབ་གསོའི་གཞོན་ནུ་རེ་རེར་ཕན་པ་བསྐྲུན་ནས་སྒྱུ་རྩལ་གྱི་དྲི་གཞོན་མདོ་ལའི་ཕྱོགས་ཀུན་ལ་ཁྱབ་པ་དང་། ཀུན་སྤྱོད་དང་ཤེས་རིག ལུས་སྦྱོང་། མཛེས་དཔྱོད།  ངལ་རྩལ་སོགས་ཕྱོགས་ཡོངས་ནས་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་མཁན་གསོ་སྐྱོང་བྱེད་པར་མདོ་ལའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཞེས་བསྟན།

2.jpg

3.jpg

ཐེངས་འདིའི་འགྲེམས་སྟོན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་མཚོ་བྱང་ཁུལ་སློབ་གསོ་ཅུའི་མཛུབ་སྟོན་འོག་མདོ་ལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དང་ཀྲུང་གུང་མདོ་ལ་རྫོང་ཨུའི་དྲིལ་སྒྲོག་པུ། མདོ་ལ་རྫོང་སློབ་གསོ་ཅུ་བཅས་ལས་ཁུངས་མང་པོའི་ཐུན་མོང་ངང་སྒྲུབ་འགན་འཁུར་བ་དང་།  གཏེར་ལྔ་ཚྭ་མཚེའུ་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་བཅས་ལས་ཁུངས་ཀྱིས་རོགས་སྒྲུབ་བྱས།  འགྲེམས་སྟོན་དུས་ཚོད་ནི2025ལོའི་ཟླ11པའི་ཚེས25ཉིན་ནས2025ལོའི་ཟླ12པའི་ཚེས5ཉིན་བར་ཡིན་ལ། སློབ་མའི་ཕུལ་བྱུང་བརྩམས་ཆོས94དང་གཞོན་ནུ་སྒྱུ་རྩལ་པའི་རི་མོའི་དེབ་བརྩམས་ཆོས20བཅས་བདག་འདེམས་བྱས་ཡོད་དེ། གསར་བརྗེའི་སྙིང་སྟོབས་དང་ངལ་རྩོལ་ལག་ལེན། ས་ཁོངས་རིག་གནས། སྐྱེ་ཁམས་ཤེས་རིག  རང་བྱུང་ཚན་རིག་ཁྱབ་གདལ་སོགས་བརྗོད་གཞི་ལྔའི་གྲུབ་ནས་མདོ་ལའི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་རིག་གནས་ཀྱི་སྡེབ་སྦྱོར།  འཕེལ་རྒྱས་ཀྱི་རྣམ་པ་གསོན་ཉམས་ལྡན་པར་ངོམས་ཡོད།  ཡུལ་དངོས་སུ་ད་དུང་སྨྱན་མང་གཟུགས་མཉམ་འགུལ་ཁུལ་དང་སྒྱུ་རྩལ་མཉམ་ལེན་ཁུལ་བཅས་བྱེད་ནུས་ཁུལ་སྒྲིག་འཛུགས་བྱས་ཡོད་ལ།   མགོ་ཚུགས་མཛད་སྒོ་ཁྲོད་དུས་མཉམ་དུ་ཕུལ་བྱུང་སློབ་མའི་བརྩམས་ཆོས་བྱ་དགའ་དང་ཕུལ་བྱུང་མཛུབ་སྟོན་དགེ་རྒན་ཀྱི་བྱ་དགའ་དག་བྱ་དགའ་སྤྲོད་པའི་མཛད་སྒོ འགྲེམས་སྟོན་གྱི་མགོ་ཚུགས་མཛད་སྒོ་སྤེལ་མཐར།  མཛེས་དཔྱོད་སློབ་གསོའི་མཉམ་ལེན་དེ་ལས་ཀྱང་ཚོར་སྣང་ཟབ་མོ་དང་འགོས་ཤུགས་ལྡན་པར་གྱུར་ཡོད།



མཉམ་སྤྱོད།