དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་ཕིང་ཨན་གྱི“རེ་བ་དང་མཉམ་དུ་བསྐྱོད་པ”ཞེས་པའི་སློབ་སྐྱོར་བྱེད་སྒོ་དེ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་རུ་ལེགས་པར་འཚོགས།

2025-10-31 10:39:51   |   45

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་ཆུང་ལ་སྤྲོ་སྐྱིད་དང་དགོད་སྒྲས་ཁེངས་ཡོད། ཀྲུང་གོ་ཕིང་ཨན་གྱིས་ཀྲུང་གོ་ལོ་ཆུང་གཞོན་ནུ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ལག་གདང་མཉམ་སྦྲེལ་གྱིས་སྤེལ་བའི“ཕིང་ཨན་རེ་བའི་སློབ་ཆུང་སློབ་སྐྱོར་བྱེད་སྒོ”དུས་ཆད་ལྟར་འཚོགས་པ་དང“རེ་བ་དང་མཉམ་དུ་བསྐྱོད་པ”ཞེས་པ་བརྗོད་དོན་དུ་བཟུང་སྟེ་ལོ་གསར་བའི་སྤྱི་ཕན་སློབ་སྐྱོར་ལེའུ་མགོ་ཚུགས་པ་རེད།

2007ལོར་ཀྲུང་གོ་ཕིང་ཨན་གྱིས་རྒྱལ་ཡོངས་ཀྱི་སློབ་སྐྱོར་བྱེད་སྒོ་སྤེལ་མགོ་ཚུགས་པའི་རིང་། ཕིང་ཨན་ཚོགས་པའི་མཚོ་སྔོན་གཅིག་གྱུར་དོ་དམ་ཏང་ཨུར2013ལོ་ནས་ཞུགས་པ་ནས་བཟུང་། མཚོ་འཁྱིལ་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཁྱད་ཆོས་ལྡན་པའི་སློབ་སྐྱོར་བྱེད་སྒོ་རེས་སྐོར་མང་པོ་སྤེལ་ཡོད། “དཔེ་ཀློག”དང“རོལ་དབྱངས”དང་། “ཚན་རྩལ”ནས་ད་ལོའི“རེ་བ་དང་མཉམ་དུ་བསྐྱོད་པ”ཡི་བར་ཕིང་ཨན་དང་བླངས་པས་མུ་མཐུད་དུ་ས་གནས་དེ་གའི་སློབ་མར་སྣ་མང་ཅན་གྱི་སློབ་གསོའི་ཐོན་ཁུངས་བསྐྲུན་ཡོད། བྱེད་སྒོའི་ཉིན་དེར། སློབ་ཆུང་སློབ་མའི་འཐུས་མིས་བོད་ཀྱི་ཞབས་བྲོ《གངས་ལྷ》ཞེས་པའི་རོལ་དབྱངས་ལ་བརྟེན་ནས་མགོ་ཚུགས་པ་དང་། བབ་ཆགས་ཀྱི་འཁྲབ་སྟོན་གྱིས་དང་བླངས་པར་དགའ་བསུ་དང་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས།

ལོ་བཅུ་དྲུག་གི་རིང་། མཚོ་སྔོན་ས་ཁུལ་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་ཕིང་ཨན་གྱི་ཆེད་ལས་ཡན་ལག་སྤྱི་གཉེར་ཁག་གིས་དངོས་ཟོག་ཞལ་འདེབས་དང་སྦྱངས་འབྲས་བྱ་དགའ་སྤྲོད་པ། རྨང་གཞིའི་སྒྲིག་བཀོད་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་གྲྭའི་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཡོད། 2025ལོའི་བར། རིམ་རྩིས་བྱས་པ་ལྟར་ན་དཔེ་དེབ་དང་རིག་རྩལ་མཁོ་ཆས་སྒོར་ཁྲི5དང་སྦྱངས་འབྲས་བྱ་དགའ་དང་སློབ་གསབ་རོགས་དངུལ་སྒོར་ཁྲི4ལྷག་ཞལ་འདེབས་གནང་བ་མ་ཟད། སླེ་གྲུག་ར་བ་བཟོ་བསྐྲུན་དང་སློབ་མའི་མལ་ཆས་སོགས་འཚོ་བའི་དངོས་རྫས་སྒོར་ཁྲི15ལྷག་ཙམ་ཞལ་འདེབས་གནང་བ་རེད། བྱེད་སྒོའི་ཡུལ་དངོས་སུ། ཕིང་ཨན་ཚོགས་པའི་མཚོ་སྔོན་ས་ཁུལ་གྱི་ལས་ཁུངས་བཞི་དང་སློབ་གྲྭ་ཡིས་མཉམ་དུ་རེས་སྐོར་གསར་པའི་ཞལ་འདེབས་མཛད་སྒོ་ལེགས་གྲུབ་བྱུང་ཞིང་སློབ་གྲྭར་འཆད་ཁྲིད་ཅོག་ཙེ་སོགས་ཀྱི་སློབ་ཁྲིད་སྒྲིག་ཆས་ཞལ་འདེབས་གནང་བ་རེད། མཚོ་འཁྱིལ་ཡུལ་ཚོ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་ཏང་ཆིན་ཧྥུ་ཡིས་ཕིང་ཨན་དང་བླངས་པའི་ཚོགས་པར་གོས་དར་འཐེན་ཏེ་ཁོང་ཚོའི་ལོ་མང་རིང་ལ་བརྩེ་སེམས་ཆེན་པོས་རོགས་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུས།

བྱེད་སྒོའི་མཇུག་ཏུ། སློབ་སྐྱོར་དང་བླངས་པ་ཏང་དར་གྱི་འོག་ཏུ་མཉམ་པར་བླངས་པ་དེས། 2025ལོའི་མཚོ་སྔོན་ས་ཚིགས་ཀྱི་སློབ་སྐྱོར་བྱེད་སྒོ་དངོས་སུ་མགོ་ཚུགས་པ་མཚོན་གྱིན་ཡོད། དང་བླངས་པའི་འཐུས་མིས“སྒེར་སེམས་མེད་པའི་གཏོང་ཕོད་དང་གཅེས་སྐྱོང་རོགས་འདེགས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། བསླབ་ཚན་ལྟར་སློབ་ཁྲིད་དང་གཅེས་སེམས་ལྡན་པའི་རོགས་རམ་ལ་བརྟེན་ནས་བྱིས་པ་ཚོར་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་མཐོང་རྒྱ་སྤྲོད་དགོས་པའི་གཏམ་བཤད་སྤེལ།

མ་འོངས་པར། ཕིང་ཨན་ཚོགས་པའི་མཚོ་སྔོན་གཅིག་གྱུར་དོ་དམ་ཏང་ཨུས“སློབ་སྐྱོར་དང་སྤྱི་ཕན”གྱི་རྣམ་པ་མུ་མཐུད་གཏིང་ཇེ་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་དང་མཉམ་འགུལ་གྱིས་གྲོང་སྡེ་ཡི་སློབ་གསོ་དར་རྒྱས་ཡོང་བར་སྒུལ་ཤུགས་བསྣན་རྒྱུ་རེད། སྐུ་མགྲོན་དང་དང་བླངས་པས་མཉམ་པར་བླངས་པའི་ཁྲོད་བྱེད་སྒོ་ཡང་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་ཞིང་། ཕྱི་ལོར་རེ་བ་དང་མཉམ་དུ་བསྐྱོད་དེ། སློབ་གསོའི་རྣམ་པ་གསར་པ་ཞིག་མཉམ་དུ་འབྲི་བཞེངས་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད།



མཉམ་སྤྱོད།