དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱལ་སྤྱིའི་ཨོ་རྩལ་ལུས་རྩལ་པ་དག་སྣང་མཚོ་བྱང་དུ་ཡོང་བ།

2024-10-25 10:29:45   |   451

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས22ཉིན། ཨོ་རྩལ་ལུས་རྩལ་པ་མཚོ་སྔོན་དུ་སྐྱོད་པའི་བྱ་འགུལ་ལ་ཞུགས་པའི་ཧྲན་ཏུང་གི་ཨོ་རྩལ་ལུས་རྩལ་པ་ལྔ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་ཡོང་ནས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་རྒྱུས་ལོན་དང་། སྐྱེ་ཁམས་མཛེས་ལྗོངས་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་སུ་མྱངས། 

ཉིན་དེའི་སྔ་དྲོར། ཨོ་རྩལ་འགྲན་ཚོགས་ལ་ཞུགས་མྱོང་བའི་ལུས་རྩལ་པ་དག་མཚོ་སྔོན་མ་རྡུལ་མཁར་དྲན་གསོ་ཁང་དང་། དེ་སྔའི་རྒྱལ་གཉེར་བཟོ་གྲྭ221ཡན་ལག་བཟོ་གྲྭ་དང་པོར་སྐྱོད་ནས་འདས་ཟིན་པའི་གསར་བརྗེའི་དཀའ་སྡུག་གི་ལོ་རྒྱུས་ལ་ཕྱིར་རྟོག་བྱས།

1d2158e8da5994300d80402b2356be6.jpg

2024ལོའི་ཕ་རི་སི་ཨོ་རྩལ་རྩལ་འགྲན་ཚོགས་ཀྱི་སྦེ་ག་སྤྱི་རྒྱ78རིམ་པའི་བུད་མེད་འགྲན་ཞུགས་པ་མཱ་ཧྲོ་ཀྲིན་གྱིས་མ་རྡུལ་མཁར་གྱི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་རྗེས་བཤད་རྒྱུར།  སྔོན་རབས་པའི་སྙིང་སྟོབས་དང་བློ་གྲོས་ཀྱིས་ང་ཚོར་བླ་ན་མེད་པའི་སྐུལ་ལྕག་བསྩལ་ཅིང་།  རྗེས་ཕྱོགས་ང་ཚོས་ཧུར་ཐག་གིས་སྦྱོང་བརྡར་བྱས་ཏེ་འགྲན་སྡུར་ཁྲོད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་རྒྱལ་ཁབ་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

གླེང་རིན་ཡོད་པ་ཞིག་ནི། ཐེངས་འདིའི་འགྲུལ་བཞུད་ལྟ་སྐོར་ཁྲོད2024 ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཐའེ་ཆོན་ཏའོ་སྐྱེས་པའི་སྤྱི་རྒྱ68རིམ་པའི་ཨང་གསུམ་པ་ཐོབ་མཁན་ལིང་ཡུས་ཧྲེ་ལ་ཞེད་མི་གཅིག་བྱུང་ཞིང་། གྲོགས་པོ་ཆུང་ཆུང་དེས་ཁོ་ལ་རང་གི་ལག་བཟོས་རི་མོ་ལག་སྐྱེས་སུ་བསྩལ་པ་དང་། ལིང་ཡུས་ཧྲེ་ཡིས་གྲོགས་པོ་ཆུང་ཆུང་དེར་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་པ་དང་། རྗེས་ཕྱོགས་ཐའེ་ཆོན་ཏའོ་སྦྱངས་འདོད་ཚེ་ངས་ཁྱོད་ལ་མཛུབ་སྟོན་བྱས་ན་ཆོག་ཅེས་བཤད། 

ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་དག་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་ལྗོངས་ཁུལ་དུ་ལྟ་སྐོར་དུ་སྐྱོད་ཅིང་། སྨོན་ལམ་མཐོན་པོ་ལྗོངས་ཁུལ་ནི་མཚོ་འཕགས་མཐོ་ཞིང་དུས་སྐབས་འདིར་རི་མགོ་ཁ་བས་གཡོགས་ཡོད་ནའང་ལུས་རྩལ་པ་དག་གི་གོམ་སྟབས་འགོག་མ་ཐུབ། ལུས་རྩལ་པ་ལིང་ཡུས་ཧྲེ་ཡིས་འདི་གའི་རླུང་ཧ་ཅང་ཆེ་ནའང་ཡིད་དུ་འོང་བའི་མཛེས་ལྗོངས་ཀྱིས་མི་སེམས་ལ་བདེ་བ་སྟེར། གལ་ཏེ་ང་ཚོ་རི་རྩེར་འཛེགས་མེད་ན་འདི་ལྟ་བུའི་ཡུལ་ལྗོངས་མཐོང་མི་ཐུབ་ཅེས་བཤད།

ཤར་ཕྱོགས་སུ་རྒྱང་ལྟ་བྱས་ན། ཡངས་ཤིང་རྒྱ་ཆེ་བའི་གསེར་དངུལ་ཐང་མིག་མདུན་དུ་མངོན་ཡོང་ཞིང་། ནུབ་ཕྱོགས་སུ་མིག་བལྟས་བྱས་ཚེ། བརྗིད་ཉམས་ལྡན་པའི་ཁྲི་ཤོར་རྒྱལ་མོ་གསལ་བོར་མཐོང་ཐུབ། 2000ལོའི་ཞི་ཉི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མྱོང་བའི་ལེན་ཝེ་ཉིན་གྱིས་མིག་མདུན་གྱི་མཛེས་ལྗོངས་མཐོང་བས་རང་དབང་མེད་པར་ངག་ནས་སྙན་ངག་གྱེར།

5719010ed7d9ef3b4be9b9fdaa15795.jpg

ལྷ་ཆབ་ཁུག་ནི་རྐང་ཚ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། དེ་ནི་མཚོ་སྔོན་པོའི་བྱང་ཕྱོགས་ཀྱི་མིང་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་ཞིག་ཡིན། ལུས་རྩལ་པ་དག་རླངས་འཁོར་ལས་བབས་མ་ཐག་ས་གནས་མང་ཚོགས་ཀྱིས་དྭངས་གཙང་གི་ཁ་བཏགས་དཀར་བོ་ཕུལ་ཏེ་ཁོ་ཚོ་སླེབས་པར་དགའ་བསུ་དང་རྟེན་འབྲེལ་ཞུས། ཐེངས་དང་པོར་མཚོ་སྔོན་དུ་སླེབས་པའི་ལིང་ཡུས་ཧྲེ་ལ་ས་གནས་མང་ཚོགས་ཀྱིས་དགའ་བསུ་བླ་ལྷག་ཐོབ་པ་དང་། ཁོས་ཀྱང་མི་རིགས་ཀྱི་གྱོན་ཆས་གྱོན་ནས་སྐོར་བྲོ་འཁྲབ་པར་ཞུགས། ཁོས་བཤད་རྒྱུར་ས་གནས་མང་ཚོགས་ཀྱི་ཆེས་སྤྱིར་བཏང་དང་ཡིད་འགུལ་ཐེབས་པའི་གླུ་གཞས་དང་ཞབས་བྲོ་ཡིས་ང་ལ་ངོ་མཚར་བའི་མི་རིགས་རིག་གནས་མྱོང་རོལ་བྱེད་དུ་བཅུག་པར་མ་ཟད། ལུས་སེམས་དགའ་སྤྲོའི་ཚོར་བའི་ཁེངས་བྱུང་ཟེར།

14f2e77a141cb5597c6acaf4f30b1d6.jpg

ལིང་ཡུས་ཧྲེ་མཚོ་སྔོན་པོའི་འགྲམ་དུ་འགྲེང་སྟེ་རང་ཉིད་ཀྱི་འདས་ཟིན་པའི་ལུས་རྩལ་ལས་དོན་ལ་ཕྱིར་རྟོག་བྱས་ཤིང་། ཐེངས་འདིར་མཚོ་སྔོན་དུ་འགྲུལ་བཞུད་དུ་ཡོང་བས་ང་ལ་བག་ཆགས་ཟབ་མོ་བཞག གནས་འདི་རུ་ཞིམ་མངར་ལྡན་པའི་ནོར་ལུག་གི་ཤ་སོགས་ཟས་མཆོག་ལ་རོལ་ཆོག་པ་མ་ཟད། ཡིད་དུ་འོང་བའི་མཛེས་ལྗོངས་དང་བློས་ཐུབ་ཀྱི་གྲོགས་པོ་མང་པོ་འདུག་པས།  རྗེས་ཕྱོགས་གོ་སྐབས་བྱུང་ཚེ་ང་རང་ཕྱིར་གནས་འདིར་ལྟ་སྐོར་དུ་ཡོང་ངེས་ཟེར།


སྐབས་སྔོན་མ། མདའ་བཞི་རྫོང་གིས་མཁའ་དབུགས་རྫོད་པ་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་རྒྱུན་མཐུད་ངང་ལེགས་པོར་རྒྱག་བཞིན་པ།
སྐབས་རྗེས་མ། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་རྩིས་ནུས་རྣམ་གྲངས་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་བྱས་པ།
མཉམ་སྤྱོད།