དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཚོང་འགུག་མ་འདྲེན་གྱི་ལས་དོན་དོན་འཁྱོལ་ཞིབ་ཕྲ་བྱས་པ།

2025-04-10 10:16:38   |   406

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


མདའ་བཞི་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ནས། “སྔོན་ལ་འཆར་འགོད་དང་བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ”བྱེད་པ་ཁྲིད་སྟོན་དུ་བྱས་ཏེ། རང་འགུལ་ངང་འགན་འཁྲི་ཁུར་དུ་བཞེས་པ་དང་། ཆོད་སེམས་སྔར་ལས་ཆེ་བ་དང་སེམས་ཤུགས་སྔར་ལས་ཆེ་བ། བྱེད་ཐབས་སྔར་ལས་ནུས་ལྡན་བཅས་ཀྱི་ཐོག་ནས་ཚོང་འགུག་མ་དངུལ་ནང་འདྲེན་གྱི་རྣམ་གྲངས་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

མདུན་ལྗོངས་བཀོད་སྒྲིག་མཐའ་འཁྱོངས་བྱས་ནས་བར་སྟོང་འཆར་འགོད་དེ་རིམ་བཞིན“མཐོན་པོར”སྙེག་པ། “སྒྲིག་སྲོལ་མང་པོ་གཅིག་གྱུར”གྱི་བླང་བྱ་ལྟར་གཅིག་གྱུར་ཁྲོད་འཆར་འགོད་དང་འཆར་འགོད་ཁྲོད་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་རྒྱལ་ཁོངས་ཐོན་ཁུངས་བར་སྟོང་གི་སྤྱིའི་རྣམ་པ་ཧུར་ཐག་གིས་བཙུགས་པ་དང་། ཞིང་ཆེན་ཡོངས་སུ་རྒྱལ་ཁོངས་ཐོན་ཁུངས་བར་སྟོང་འཆར་འགོད་ཀྱི་གྲུབ་འབྲས་སྔོན་ལ་ཕུལ་ཡོད། ཆོག་མཆན་ཐོབ་པའི《མདའ་བཞི་རྫོང་གི་རྒྱལ་ཁོངས་ཐོན་ཁུངས་བར་སྟོང་གི་སྤྱིའི་འཆར་འགོད(2021ལོ་ནས་2035ལོ་བར)》རྨང་གཞིའི་ཐོག་ཚད་གཞི་མཐོ་བ་དང་ཆུ་ཚད་མཐོ་བ། སྤུས་ཚད་མཐོ་བ་བཅས་མངོན་གསལ་དོད་པོས་ས་ཁོངས་འཆར་འགོད་དམ་འཛིན་བྱས་ཏེ། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ27ཚང་མས་གྲོང་ཚོའི་འཆར་འགོད་བཟོ་འགོད་ལས་དོན་ལེགས་འགྲུབ་བྱས་ཏེ། ཁུལ་ཡོངས་སུ་གྲོང་ཚོའི་འཆར་འགོད་ཡོངས་སུ་ཁྱབ་པ་ཨང་དང་པོ་ཆགས་སུ་བཅུག་པ་དང་། གོང་འོག་སྦྲེལ་བའི”འཆར་འགོད་མ་ལག་ཆགས་ཡོད། དེ་དང་ཆབས་ཅིག་འཆར་འགོད་བཀོད་སྒྲིག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས《མདའ་བཞི་རྫོང་གི་མཁར་གྲོང་གསར་སྤེལ་མཐའ་མཚམས་ཆ་ཤས་ཇེ་ལེགས་སུ་གཏོང་བའི་ཇུས་གཞི》དང་《ནུབ་མཚོ་གྲོང་རྡལ་དང་མཁར་ཟུར་གསུམ་གྲོང་རྡལ་ཚོད་འཛིན་རང་བཞིན་གྱི་འཆར་གཞི》《ཝ་མགྱོགས་ཡུལ་ཚོ་སོགས་གྲོང་རྡལ་བཞིའི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་གཞི》བཟོ་འགོད་ལེགས་གྲུབ་བྱས་ཏེ་མཁར་གྲོང་འཕེལ་རྒྱས་སྔར་བས་གོ་རིམ་ལྡན་པ་དང་ཚན་རིག་དང་མཐུན་པ། རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་བྱས་ཡོད།

རྣམ་གྲངས་འཛུགས་སྐྲུན་ལ་དོ་ཁུར་བྱས་ཏེ་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དེ“དགོས་མཁོ”ལྟར་མཁོ་སྤྲོད་བྱས་པ། དཔྱིད་དུས་རྣམ་གྲངས་གསོག་ཉར་གྱི“སྒེའུ་ཁུང་དུས་ཚོད”དམ་འཛིན་བྱས་ཏེ། ས་ཆའི་དགོས་མཁོར་བརྟག་དཔྱད་དང་། འཛུགས་སྐྲུན་ས་ཆའི་གཞི་ཁྱོན་དང་བཀོད་སྒྲིག་དུས་རིམ་བཅས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། 《མདའ་བཞི་རྫོང་གི2025ལོའི་ས་ཆ་གསོག་ཉར་འཆར་གཞི》དང《མདའ་བཞི་རྫོང་གི2025ལོའི་རྒྱལ་ཁབ་ལ་དབང་བའི་འཛུགས་སྐྲུན་ས་ཆ་མཁོ་སྤྲོད་འཆར་གཞི》གཏན་འབེབས་བྱས་པ་དང་། ཐག་ཉེ་ཟུང་འབྲེལ་དང་ཚབ་བྱེད་གོ་རིམ་ལྡན་པའི་རྣམ་གྲངས་ས་ཆ་གསོག་ཉར་གྱི་རྣམ་པ་ཐོག་མར་ཆགས་ཡོད། “རྣམ་གྲངས་འཆར་འགོད་དང་བསྟུན་ནས་ལག་བསྟར་བྱེད་པ་དང་རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་དང་བསྟུན་ནས་བསྐྱོད་པ”དོན་འཁྱོལ་ནན་པོ་བྱས་ཏེ། གཙོ་གནད་རྣམ་གྲངས་ཀྱི་ས་ཞིང་ཆོག་མཆན་ཞུ་བའི་ཆེད་གཉེར་འཛིན་གྲྭ་བཙུགས་ཏེ། རྫོང་ཁོངས་ཀྱི་རྒྱུ་རྐྱེན་གཙོ་བོའི་དགོས་མཁོའི་རྣམ་གྲངས་རྩིས་ཐོར་གཟབ་ནན་གྱིས་བརྒྱུད་རིམ་ཧྲིལ་པོར་ཞིབ་ཚགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། དེ་དང་ཆབས་ཅིག“འགན་འཁྲི་སྡེ་ཁག་གིས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་ཆེད་ལས་འཛིན་གྲྭས་སྐུལ་འདེད་ཤུགས་ཆེན་གཏོང་བའི”ལས་ཀའི་བྱེད་སྟངས་ལྟར། “1+2+4+N”རྒྱུ་རྐྱེན་གཙོ་བོའི་འགན་སྲུང་གྲོས་མོལ་རྐྱེན་སྲོལ་བཙུགས་པ་དང་། རྫོང་རིམ་པའི་མགོ་ཁྲིད་ཀྱིས་རྣམ་གྲངས་འགན་གཙང་ལེན་གྱི་རྐྱེན་སྲོལ་དང་། གནད་དོན་ཚོགས་འདུའི་རྐྱེན་སྲོལ། རྗེས་འདེད་བརྡ་ཁྱབ་རྐྱེན་སྲོལ་སོགས་མུ་མཐུད་དོན་འཁྱོལ་བྱས་ཏེ་གཟའ་འཁོར་བཀོད་གཏོང་དང་། ཟླ་རེའི་གྲོས་མོལ། དུས་ཚིགས་བརྡ་ཁྱབ་བཅས་བརྒྱུད་རྣམ་གྲངས་ཀྱི་ས་ཆ་བཀོལ་སྤྱོད་དང་ཆོག་མཆན་ཞུ་བ། འཆར་འགོད་སོགས་ཀྱི་ཐད་གནས་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས།

ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་བ་དང་ཞིབ་མཆན་སྒྱུར་བཅོས་ཇེ་ལེགས་སུ་བཏང་བ། ཐོག་མཐའ་བར་གསུམ་དུ“ཚོང་གཉེར་ཁོར་ཡུག་བཟང་པོ་ནི་སྤུས་ལེགས་ཐོན་སྐྱེད་ནུས་ཤུགས་ཤིག་ཡིན”ཞེས་པའི་སྔོན་ཐོན་འདུ་ཤེས་རྒྱུན་འཛིན་བྱས་ཏེ། “433”རྣམ་པ་མུ་མཐུད་ཁྱབ་སྤེལ་བཏང་སྟེ་སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་པ་དང་། སྲིད་སྐྱོང་སྟབས་བདེ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་བྱས་པ་དང་། ཁེ་ལས་ཀྱི་ཐོ་འགོད་གཞི་གྲངས་དྲ་ཐོག་ནས་སྐུལ་འདེད་གཏོང་བ་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས“གང་ལའང་འགྲོ་མི་དགོས་པ”མངོན་འགྱུར་བྱས། “ཁེ་ལས་གཅིག་དང་ཐབས་ཇུས་གཅིག”དོ་དམ་བྱེད་སྟངས་རྒྱུན་མཐུད་དོན་འཁྱོལ་བྱས་ནས་ཁེ་ལས་ལ་རོགས་རམ་དང་ཁེ་ལས་དྲོད་གཏོང་གི་ལས་དོན་རྒྱུན་ལྡན་ཅན་དུ་སྤེལ་ཞིང་། ས་ཞིང་མཁོ་སྤྲོད་དང་འགྲོ་ལུགས་སྒྲུབ་པ་སོགས་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་ཇེ་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་། “ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པ”ལ་དམིགས་ནས་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། གནད་དོན་དབྱེ་ཞིབ་དང་དཔྱད་བསྡུར་ལ་ཤུགས་བརྒྱབ་སྟེ་སྲིད་དོན་ཞབས་ཞུའི“དེང་རབས་ཅན་གསུམ”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་། སྤྱི་ཚོགས་ཀྱི་ཡིད་རྟོན་ལས་སྟེགས་རང་འགུལ་ཡོངས་བསྒྲགས་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་འགན་འཁྲིའི་ལྟ་སྐུལ་དོ་དམ་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་མ་ལག་དོན་འཁྱོལ་ནན་པོ་བྱས་ཏེ། “གཏོང་སྤྲོད་དང་དོ་དམ་ཟུང་འབྲེལ”གཏིང་ཟབ་ཏུ་བཏང་སྟེ། དབང་ཆ་ཡང་དག་པའི་སྒོ་ནས་བེད་སྤྱོད་པར་ཁག་ཐེག་བྱས། དྲ་སྦྲེལ་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ་སྲིད་དོན་གྲངས་གཞི་བསྡུ་སྒྲིལ་ཆེན་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིབ་བཤེར་ཆོག་མཆན་ཐོ་འགོད་ཇེ་མགྱོགས་སུ་བཏང་ནས་ཁེ་ལས་གཉེར་བའི་དུས་ཡུན་ཉིན1བར་ཇེ་ཉུང་དུ་བཏང་། སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པས། ཞིང་ཆེན་ཡོངས་ཀྱིས་སྤུས་ཚད་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྲུན་ལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པའི་སྐུལ་ལྕག་ས་ཁུལ་གྱི་མཚན་སྙན་ཐོབ་ཡོད།



མཉམ་སྤྱོད།