དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་སློབ་གསོ་འཕེལ་རྒྱས་ཀྱི་ལེའུ་གསར་བ་བརྩམས་པ།

2025-04-15 17:37:24   |   456

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས《སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་མ་ལག་ཚང་བའི་ཡིག་ཆ་གསུམ་བཏོན་ཞིང་། བྱེད་ཐབས་ནུས་ལྡན50ཡིས་རྫོང་ཡོངས་ཀྱི་སློབ་གསོའི་སྤུས་ཚད་དོ་དམ་སྔར་བས་ཚད་ལྡན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། སྤུས་ཚད་གདེང་འཇོག་སྔར་བས་ཚན་རིག་དང་མཐུན་ཞིང་། རྫོང་ཡོངས་ཀྱི་སློབ་གསོ་ལོ་གཅིག་གི་ནང་སྒྲོམ་གཞི་ཆགས་ཐུབ་པ་དང་། ལོ་གཉིས་ཀྱི་ནང་ཕན་འབྲས་ཐོན་པར་བྱ་དགོས་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། ལོ་གསུམ་གྱི་རིང་མཐོར་འདེགས་ཆེན་པོ་བྱེད་དགོས་པ་བཅས་ཀྱི་དམིགས་ཚད་ལ་བརྟེན་ནས་མདའ་བཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

མདའ་བཞི་རྫོང་གིས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་ཆེན་པོ་བརྒྱབ་ནས་སློབ་གསོའི་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་དུས་རབས་གསར་པའི་རྫོང་ཡོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་བཟོ་བ་དང་འགྲེམ་སྤེལ་བྱེད་པ། སྲིད་ཇུས་རང་བཞིན་གྱི་གྲོན་དངུལ་དོན་འཁྱོལ་བྱེད་པ། དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱེད་པ་སོགས་བྱེད་ཐབས་གཙོ་བོ་གཉིས་ལ་བརྟེན་ནས་སློབ་གསོའི་བྱ་གཞག་གི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

དེ་མིན་སློབ་གསོའི་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་ནས་ལོ་རེར་སྒོར་ཁྲི200བྱས་རྗེས་གཟེངས་སུ་ཐོན་པའི་དགེ་རྒན་དང་ཕུལ་བྱུང་སློབ་མར་བྱ་དགའ་སྟེར་བཞིན་ཡོད་ལ། དགེ་རྒན་གྱི་གསོ་སྐྱོང་སྦྱོང་བརྡར་གྲོན་དངུལ་ལག་བསྟར་ནན་པོ་བྱས་ཏེ། གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་དགེ་རྒན་གྱི་ཆེད་ལས་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་བཏང་བ་དང་། སློབ་གྲྭའི་མགོ་ཁྲིད་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོག་འཇོག་བྱེད་པར་ཤུགས་སྣོན་དང་། སློབ་གྲྭའི་མགོ་ཁྲིད་ཀྱི་གདན་ཞུའི་ལམ་ལུགས་ཁྱབ་སྤེལ་གཏོང་བ། སློབ་གྲྭའི་མགོ་ཁྲིད་ནང་འདྲེན་བྱེད་པའི་ལམ་སྲོལ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དོ་དམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། དགེ་རྒན་གྱི་དཔུང་ཁག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭ་འབྲིང་ཆུང་གི་བྱ་བའི་བྱས་འབྲས་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་དང་འཛིན་བདག་གི་ཟླ་ཕོགས་མཐོ་རུ་བཏང་ཡོད་པ་དང་། གཞན་སློབ་གསོ་གཉེར་ནས་ལོ་འཁོར30ལོན་པའི་བྱ་དགའི་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ། ཕུལ་བྱུང་དགེ་རྒན་ནང་འདྲེན་མི་ཐུབ་པ་དང་ཕུལ་བྱུང་དགེ་རྒན་ཤོར་འགྲོ་བའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད།

མདའ་བཞི་རྫོང་གིས་བསམ་བློ་དང་ཆབ་སྲིད་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོའི་ནང་གི་སྒུལ་ཤུགས་ཆེ་རུ་གཏོང་བ། མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་ཡིན་པ། མི་གསོ་སྐྱོང་ཇི་ལྟར་བྱ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་ལག་བསྟར་ཇུས་གཞི་བཟོས་ཏེ། བསམ་བློ་སློབ་གསོའི་དཔེ་སྟོན་ཁུལ་འཛུགས་རྒྱུར་ཤུགས་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་གི་བསམ་བློའི་སློབ་ཚན་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

སྲིད་ཞུགས་སློབ་ཚན་འཛུགས་སྐྲུན་དང་སློབ་ཚན་གྱི་སྲིད་གླེང་གསར་གཏོད་གཉིས་མཉམ་དུ་སྐུལ་འདེད་བཏང་སྟེ། རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་བཙུགས་ནས་སློབ་ཚན་དང་དགེ་རྒན་སོགས་རིམ་པ5ནས་རྒྱུན་མཐུད་ངང་ཞིབ་སློབ་སློབ་ཚན་དང་ཞིབ་སློབ་ལམ་ཐིག  སློབ་གྲྭ་ཁག་ལ་ཁྱབ་པའི་ཞིབ་སློབ་དཔེ་དབྱིབས་འཚོལ་ཞིབ་དང་གསར་གཏོད་བྱས་ནས། སྲིད་དོན་ཆེན་པོའི་སློབ་ཚན་འཛུགས་སྐྲུན་བྱེད་པར་ལག་ལེན་གྱི་མ་དཔེ་བཏོན་པའི་དུས་ཚུངས་སུ། སློབ་གྲྭ་འབྲིང་ཆུང་གི་ཏང་འཛུགས་སྐྱོང་དང་སྲིད་དོན་བསམ་གཞིགས་ཀྱི་ལས་ཀའི་གྲོན་དངུལ་དོན་འཁྱོལ་ཧུར་ཐག་བྱས་པ་དང་། འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་བཙུགས་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་སློབ་གྲྭར་ཞུགས་པའི་སྲིད་དོན་སློབ་ཁྲིད་ལམ་ལུགས་གཏན་ལ་ཕབ་པ། ལོ་རེར་ཞིབ་འཇུག་བྱ་གཞིའི་རྣམ་གྲངས1ནས2བར་དང་། ཕྱོགས་ཡོངས་ནས་ཏང་གིས་སྲིད་བསམ་སློབ་ཚན་འཛུགས་སྐྲུན་བྱེད་པའི་འགོ་ཁྲིད་ལ་ཤུགས་བརྒྱབ་ཡོད།

མདའ་བཞི་རྫོང་གིས་བྱེད་ཐབས་ཤུགས་ཆེན་བརྟེན་ནས་སྤུས་ཚད་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། རྫོང་ཁོངས་སློབ་གསོའི་དོན་དངོས་དང་འཕེལ་རྒྱས་འགྲོ་ཕྱོགས་ལ་གཞིགས་ནས། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་ལག་ལེན་འཆར་གཞི་གཏན་འབེབས་བྱས་པ་དང་། ལོ3གྱི་དུས་ཚོད་སྤྱད་དེ་ལོ་རེའི་ལས་འགན་ལ་བརྟེན་ནས་གསོ་སྐྱོང་དམ་འཛིན་བྱེད་པ་དང་ཕན་ནུས་འདོན་པ། ཁུར་པོ་ཇེ་ཡང་དུ་གཏོང་བ། དཔུང་ཁག་སྟོབས་ཆེར་གཏོང་བ། འགན་སྲུང་ལ་མཐོང་ཆེན་བྱེད་པ་སོགས་ཀྱི་བྱེད་ཐབས22སྤྱད་དེ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་གང་ཐུབ་བྱས་པ་དང་།  ལོ་རེར་སློབ་གྲྭ་སོ་སོའི་ཆེད་དོན་གྲོན་དངུལ་སྒོར་ཁྲི1སློབ་གྲྭས་ཁྱད་ཆོས་ལྡན་པའི་སློབ་ཁྲིད་སྤེལ་བར་དངོས་འབེབས་བྱས་ཏེ། 2027ལོར་རྫོང་དང་སློབ་གྲྭ་རིམ་པ་གཉིས་ཀྱི་སློབ་གསོའི་ཞིབ་འཇུག་མ་ལག་གཞི་རྩའི་ཆ་ནས་ཆགས་ཐུབ་པར་བྱས་ཏེ། སློབ་གྲྭའི་སློབ་དེབ་དང་སློབ་གྲྭའི་སློབ་དཔྱོད། དྲ་རྒྱའི་སློབ་དཔྱོད་གསུམ་བཅས་གཞི་གཅིག་གི་སློབ་གསོ་ཞིབ་འཇུག་ལམ་སྲོལ་གྱི་དམིགས་འབེན་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱ་དགོས།

དེ་དང་དུས་མཚུངས་སུ་སྤུས་ཚད་ཞིབ་དཔྱད་ཚད་ལེན་དང་ཕྱོགས་བསྡུས་བྱང་ཚད་ལ་གདེང་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། 2027ལོར་རྫོང་ཡོངས་ཀྱི་སློབ་མ་རྣམས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སྦྱོང་ཚན་སྤུས་ཚད་ཀྱི་ཚད་གཞིར་སླེབས་པར་བརྩོན་ལེན་གང་ཐུབ་བྱ་དགོས་པར་མ་ཟད། 2026ལོར་ཆེད་བསྐོས་ལུས་རྩལ་དགེ་རྒན་བཀོད་སྒྲིག་ཆ་ཚང་བྱས་ཏེ་ཞིང་ཆེན་དང་ཁུལ་རིམ་པའི་ལུས་རྩལ་དཔེ་སྟོན་ཁུལ་དང་དཔེ་སྟོན་སློབ་གྲྭ1གསར་འཛུགས་བྱ་རྒྱུ་ཡིན་པ་དང་། ཞིང་ཆེན་དང་ཁུལ་རིམ་པའི་མཛེས་རྟོག་སློབ་གསོའི་དཔེ་སྟོན་སློབ་གྲྭ་ཁག2དང་། ངལ་རྩོལ་སློབ་གསོར་བརྟེན་ནས་འཆམ་མཐུན་གྱི་ལུས་སེམས་བསྐྲུན་ཏེ་ངལ་རྩོལ་སློབ་གསོའི་སློབ་ཁྲིད་ལེགས་པོར་གཉེར་དགོས་ཤིང་། 2027ལོའི་སྔོན་དུ་ཁུལ་རིམ་པའི་ངལ་རྩོལ་ཚོད་ལྟའི་རྟེན་གཞི་དང་ངལ་རྩོལ་དཔེ་སྟོན་སློབ་གྲྭ་ཁག1གསར་སྐྲུན་བྱས་ཏེ། མདའ་བཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་དུ་བསྐྲུན་དགོས།



མཉམ་སྤྱོད།