དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོས་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལེའུ་གསར་བ་བརྩམས་པ།

2025-04-15 17:49:39   |   444

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


       མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོས་ད་ལོ་ནས་བཟུང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་དམིགས་འབེན་དུ་བཟུང་སྟེ། ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།

རྩྭ་ཐང་བཅོལ་སྐྱོང་གི་རྣམ་པ་གསར་བ་ཡིས་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་གཉིས་ཕན་ལ་སྐུལ་འདེད་བཏང་ཡོད་དེ། སྐྱེ་ཁམས་དང་འཕེལ་རྒྱས་མཉམ་སྐྱོད་བྱེད་པའི་དུས་རབས་ཀྱི་བརྗོད་གཞིའི་འོག་ཏུ། ཝ་མགྱོགས་ཡུལ་ཚོས་ཐུན་མོང་མ་ཡིན་ཞིང་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཧུར་ཐག་གིས་འཚོལ་ཞིབ་དང་གསར་སྐྲུན་བྱས་ཤིང་། ལྷག་པར་དུ་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ཐད་རྒྱུན་ཆད་མེད་པར་ཐོལ་བརྒལ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཝ་མགྱོགས་ཡུལ་ཚོའི་ཆུ་ཁོལ་སྡེ་བའི་ནཱ་ཁཱ་ས་ཁུལ་དུ་སྤྱི་གཉེར་དང་སྡེ་བའི་ཐུན་མོང་དཔལ་འབྱོར། ཁྱིམ་ཚང་བཅས་མཉམ་འདྲེས་ཀྱི་རྣམ་པར་བརྟེན་ནས་རྩྭ་ཐང་བཅོལ་སྐྱོང་ཞབས་ཞུའི་ཚོད་ལྟ་གསར་བར་གོམ་པ་སྤོས་ཡོད་ལ། རྩྭ་ཐང་བཅོས་སྐྱོང་ཞབས་ཞུའི་ཚོད་ལྟ་གསར་པ་བྱས་པ་དེས་གསར་གཏོད་རྣམ་པའི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་ཅིང་། མིག་སྔར་ཁྱིམ་ཚང10ལ་བཅོལ་སྐྱོང་གན་རྒྱ་བཞག་ཡོད་ལ་རྩྭ་རའི་རྒྱ་ཁྱོན་མུའུ 11150ཟིན་ཡོད། རྣམ་པ་འདི་རིགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་ཐོན་སྐྱེད་ཀྱི་ཕན་འབྲས་ཇེ་མཐོར་བཏང་སྟེ་སྡེ་ཚན་གྱི་རྩྭ་རའི་ཐོན་འབོར་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་མ་ཟད།  ལུགས་མཐུན་གྱི་འཆར་འགོད་ལ་བརྟེན་ནས་ཕྱུགས་ལས་ས་ཁོངས་དང་ཤུགས་ཆེ་ཚད་ལ་བརྟེན་ནས་ཕྱུགས་ལས་ས་ཁུལ་གྱི་རྩྭ་ཐང་གི་སྤང་ཤུན་ལ་སྔར་ལས་ལྷག་པའི་བདག་སྐྱོང་དང་སླར་གསོ་བྱུང་བས། རྗེས་མཐུད་ཀྱི་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་རྣམ་གྲངས་སྤེལ་བར་སྐྱེ་ཁམས་དང་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

5273f1ef9ef810474323a7d724d2bc6.jpg

བོད་ལུག་གསོ་སྤེལ་གྱི་ཐབས་ལམ་གསར་བས་ཕྱུགས་ལས་དང་གནས་སྐོར་གྱི་མྱོང་རོལ་ལ་གོ་སྐབས་གསར་བ་བསྐྲུན་ཞིང་།  གྲོང་གསེབ་དར་སྤེལ་དང་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་རྒྱབ་ལྗོངས་ཆེན་པོའི་འོག་ཝ་མགྱོགས་ཡུལ་ཚོས་ཁྱད་ཆོས་ལྡན་པའི་ཕྱུགས་ལས་ཐོན་ལས་ལ་དམིགས་ཏེ། ཝ་མགྱོགས་ཡུལ་ཚོས་ཆུ་ཁོལ་སྡེ་བ་དང་མདའ་བཞི་སྡེ་བ་ཚོད་ལྟ་ས་ཁུལ་དུ་བདམས་སྟེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་བོད་ལུག་གསོ་སྤེལ་གྱི་རྟེན་གཞི་ཆ་ཚང་ཞིག་བསྐྲུན་ནས་འཐུས་སྒོ་ཚང་བའི་མཚོ་སྔོན་པོའི་ས་མཐོ་རང་བཞིན་གྱི་བོད་ལུག་རྒྱུད་བཟང་གསོ་སྤེལ་གྱི་མ་ལག་ཆ་ཚང་ཞིག་བཙུགས་ཡོད་པ་དང་། ཡུལ་ཚོར་རྟེན་གཞི་ས་ཚིགས་དང་ཁྱིམ་ཚང་ལ་དཔེ་སྟོན་ཁྱིམ་ཚང་ཡོད་པའི་རྣམ་པ་བསྐྲུན་ཡོད།  མིག་སྔར་བོད་ལུག་དཀར་དཀར་གྱི་དཀྱིལ་སྙིང་རྟེན་གཞི་ས་ཚིགས159ལ་གསལ་འབྱེད་བྱས་ཤིང་ཁྱོན་བསྡོམས་པས་བོད་ལུག་ཁྲི37251ཡོད། རྒྱུད་བཟང་བོད་ལུག་འདི་རིགས་ཀྱིས་ས་གནས་ཀྱི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། ཐུན་མོང་མ་ཡིན་པའི་ས་མཐོའི་བོད་ལུག་རིག་གནས་ལ་བརྟེན་ནས་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

8a6c88033fdfaee8268876fa13ef355.jpg

ལྗང་མདོག་འདུ་ཤེས་ཀྱིས་མིང་བྱང་གསར་བར་ངེས་ལེན་བྱས་ཏེ་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་ལེའུ་གསར་བ་བརྩམས་ཡོད། གྲོང་གསེབ་དར་སྤེལ་གྱི་རླབས་རྒྱུན་ཁྲོད་ལྗང་མདོག་དང་གསར་གཏོད་ནི་ཝ་མགྱོགས་ཡུལ་ཚོའི་མཚོན་རྟགས་གསལ་པོ་ཞིག་ཏུ་གྱུར་ཡོད་ལ། མིག་སྔར་མཚོ་སྔོན་པོའི་བོད་ལུག་གི་རིན་གོང་སྟོན་གྲངས་ཀྱི་འགན་བཅོལ་ལས་དོན་སྤེལ་ཏེ་བོད་ལུག་གསོ་སྤེལ་གྱི་ཡོང་སྒོར་འགན་སྲུང་བརྟན་པོ་བྱས་ཡོད། ཡུལ་ཚོ་ཡོངས་ཀྱི་བོད་ལུག2500ལ་འགན་སྲུང་ཉོས་ཏེ། ལྗང་མདོག་སྐྱེ་ལྡན་རྩྭ་ཕྱུགས་ངེས་ལེན་ར་སྤྲོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། བསྡོམས་རྩིས་བྱས་ན་སྐྱེ་ལྡན་རྩྭ་ཐང་མུའུ་ཁྲི122.01དང་ཕྱུགས་རིགས་ཁྲི7ལ་ངེས་ལེན་བྱས་ཡོད། ད་ལྟ་ལྗང་མདོག་སྐྱེ་ལྡན་སྤུས་རྟགས་ཀྱི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་པོས་ཇེ་མཐོར་འགྲོ་བཞིན་ཡོད་ཅིང་། མིང་བྱང་གསར་པ་འདིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོའི་ཡིད་དབང་འཕྲོག་སྟེ་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད།

རྗེས་མར་ཝ་མགྱོགས་ཡུལ་ཚོས་རྩྭ་ཐང་བཅོལ་སྐྱོང་གི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་རྒྱུ་དང་། བཅོལ་སྐྱོང་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བོད་ལུག་གསོ་སྤེལ་རྟེན་གཞིའི་གནས་སྐོར་རིན་ཐང་སྔོག་འདོན་བྱེད་པ། ཁྱད་ཆོས་ལྡན་པའི་ཉམས་ལེན་རྣམ་གྲངས་གསར་སྤེལ་གཏོང་བ། རྩེར་སོན་ཞིང་ཕྱུགས་གནས་སྐོར་གྱི་སྤུས་རྟགས་གསར་སྐྲུན་དང་དྲིལ་སྒྲོག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། བྱེད་ཐབས་འདི་རིགས་ལ་བརྟེན་ནས་ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་སྔར་བས་གཏིང་ཟབ་དང་གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཝ་མགྱོགས་ཡུལ་ཚོའི་གྲོང་གསེབ་དར་སྤེལ་གྱི་ལམ་བུ་སྔར་ལས་རྒྱ་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུ། 



མཉམ་སྤྱོད།