དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ནུབ་མཚོ་སྲང་ཆེན་དེ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ་བཞག་པ།

2025-04-21 11:13:36   |   535

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ནུབ་མཚོ་སྲང་ཆེན་དེ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ་བཞག་པ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ་བསྡུས་མིང་ལ《བརྡ་ཐོ》ཞེས་བརྗོད་རྒྱུ)འགྲེམ་སྤེལ་བྱས་པ་དེས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ནུབ་མཚོ་སྲང་ཆེན་དེ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ་དངོས་སུ་བཞག་པ་མཚོན་ཡོད།

《བརྡ་ཐོའི》ནང་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་ཁག་གིས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཨང་དང་པོར་འཇོག་དགོས་པ་དང་སྲུང་སྐྱོབ་བྱེད་འོས་པ་བྱེད་དགོས་པ་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་རིག་གནས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དཔྱད་དཔོག་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོ་ཕུན་སུམ་ཚོགས་ཇེ་ཚོགས་སུ་གཏོང་བ། ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་ནང་དོན་དང་རིན་ཐང་ཞིབ་འཇུག་གཏིང་ཟབ་དང་སྔོག་འདོན་བྱེད་པ་དང་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་གྱི་སྣ་མང་ཅན་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། ལས་རིགས་གསར་པ་སྐྱེད་སྲིང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མདའ་བཞི་རྫོང་སྲིད་གཞུང་གིས་བཅའ་ཁྲིམས་ལྟར་ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་འཆར་འགོད་ལག་བསྟར་ལས་བྱས་ཏེ། ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དང་རིག་དངོས་སྲུང་སྐྱོང་ཚན་པ། ལོ་རྒྱུས་འཛུགས་སྐྲུན་དང་སྲོལ་རྒྱུན་བཟོ་སྐྲུན་རྣམ་པ་བཅས་ཀྱི་སྲུང་སྐྱོང་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་བྱས་ཏེ། འབྲེལ་ཡོད་སྲུང་སྐྱོང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་ནན་པོ་བྱ་དགོས། ཁྲོམ་ཁུལ་འཆར་འགོད་དང་གྲོང་ཁྱེར་གསར་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད། ལོ་རྒྱུས་རིག་གནས་ཁྲོམ་ཁུལ་གྱི་སྤྱི་ཡོངས་ཀྱི་རྣམ་པ་དང་། ཁྲོམ་ཁུལ་དང་སྲང་ལམ་གྱི་གྲུབ་ཚུལ། བར་སྟོང་གི་ཚད་གཞི། ཡུལ་ལྗོངས་ཁོར་ཡུག སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་ལས། ལོ་རྒྱུས་རིག་གནས་ཁྲོམ་གཞུང་གི་ཁོར་ཡུག་དང་རྣམ་པ་མཐུན་སྦྱོར་མིན་པའི་འཛུགས་སྐྲུན་བྱེད་སྒོ་གང་ཡང་སྤེལ་མི་ཆོག



མཉམ་སྤྱོད།