དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དཔྱིད་ཀྱི་དུས་སུ་ལྗང་མྱུག་འཛུགས། མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

2025-04-29 10:36:03   |   153

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


རི་སྔོན་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་སྐྱེ་ཁམས་འདུ་ཤེས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ4ཚེས28ཉིན། མདའ་བཞི་རྫོང་གིས་སྡོང་འཛུགས་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མགོ་ཁྲིད་དང་། ལས་ཁུངས་སོ་སོའི་ལས་བྱེད་མི2600ལྷག་ཙམ་སྡོང་འཛུགས་ནགས་སྐྲུན་བྱེད་སྒོའི་ནང་ཞུགས་ནས་མཚོ་སྔོན་གསོམ་ཤིང་རྐང་ཁྲི1སྟོང5ལྷག་ཙམ་བཙུགས་པ་དང་འདེབས་འཛུགས་ས་ཁྱོན་མུའུ80ཡིན།

 ད་ལོའི་སྡོང་འཛུགས་ལས་འགན་ནི“དམངས་ཡོངས་ལ་སྐུལ་སློང་དང་། དམངས་ཡོངས་མཉམ་ཞུགས”ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གཅིག་སྡུད་སྒྲིག་འཛུགས་དང་ཁུལ་བགོས་འགན་ལེན་གྱི་བྱེད་ཐབས་བརྒྱུད་ནས། ནུབ་མཚོ་གྲོང་རྡལ་ཡན་ལག་བཟོ་གྲྭ་གཉིས་པ་དང་། མཁར་ཟུར་གསུམ་ས་ཁུལ། དེ་བཞིན་ནག་རིལ་མདོ་སོགས་ལ་དམིགས་ནས་སྡོང་འཛུགས་བྱེད་སྒོ་སྤེལ་བ་ཡིན་ཏེ། རྫོང་ཁོངས་སྐྱེ་ཁམས་ཀྱི་མཛེས་ལྗོངས་དང་ས་རྒྱུའི་ཕན་ནུས་ཆེ་རུ་གཏོང་བར་བྱེད་ནུས་ངེས་ཅན་ལྡན། 

སྡོང་འཛུགས་བྱ་ཡུལ་དུ་ཚ་ཚ་འུར་འུར་གྱིས་ཁེངས་པའི་ངལ་རྩོལ་གྱི་རྣམ་པ་ཞིག་མངོན་ཡོད་ལ། རང་བྱུང་ཐོན་ཁུངས་དང་། ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གི་ལག་རྩལ་མི་སྣས་བརྒྱུད་རིམ་ཧྲིལ་པོར་དཔེ་སྟོན་དང་འགྲེལ་བཤད། ལག་རྩལ་མཛུབ་ཁྲིད་བྱས་ནས་སྡོང་འཛུགས་ཀྱི་ཤེས་བྱ་ཡུལ་དངོས་ནས་བརྒྱུད་བསྒྲགས་བྱེད་པ།  ཏང་ཡོན་ལས་བྱེད་པ་ཚོས་དང་བླངས་བའི་སྟོད་ལྭ་དམར་པོ་གོན་ནས་སྐོར་སྐྱོད་ཀྱི་མཛེས་ལྗོངས་ཤིག་གྲུབ་ཡོད་ལ། བྲེལ་འཚུབ་དང་དཀའ་སྤྱད་ཀྱི་ངལ་རྩོལ་ཁྲོད་ནས་སྔོ་ལྗང་གི་ཡལ་ག་དག་དཔྱིད་གསུམ་གྱི་དཔལ་ཡོན་ལ་བརྒྱུས་ཡོད་པ་མ་ཟད། སྐྱེ་སྟོབས་ཀྱི་འབྲས་བུ་དག་ས་རྒོད་ཀྱི་ཕྲ་རྒྱན་དུའང་བཏབ་ཡོད། 

ཐེངས་འདིའི་སྡོང་འཛུགས་བྱེད་སྒོར་དོན་སྙིང་གཏིང་ཟབ་ལྡན་པ་དང་། མདའ་བཞིའི་ས་ཆར་འཚམ་པའི་སྡོང་རིགས་འདེབས་འཛུགས་བྱས་པ་བརྒྱུད། བྱེ་འགོག་བྱེ་བཅོས་དང་རྩྭ་ཐང་ཞན་འགྱུར། ས་ཆུ་ཤོར་བ་སོགས་ལ་བཀག་འགོག་ཐུབ་ལ། སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་བཅས་ལའང་སྐུལ་འདེད་གཏོང་ཐུབ། བྱེད་སྒོའི་ནང“གསེར་རི་དང་དངུལ་རིའི”འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་སྔར་བས་གོང་དུ་འཕེལ་བར་གཞི་རིམ་མི་དམངས་ཀྱི་སྟོབས་ཤུགས་བསྣན་ཡོད།



མཉམ་སྤྱོད།