དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ཀྱི“འབྲས་སྐྲན་གཉིས”ལ་རིན་མེད་སྒོས་བརྟག་དཔྱད་བྱས་པ།

2025-05-08 10:48:14   |   156

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


བུད་མེད་ཀྱི་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱས་ནས“འབྲས་སྐྲན་གཉིས”ཀྱི་ནད་གཞི་སྔ་མོ་ནས་ཤེས་རྟོགས་དང་སྔོན་འགོག སྨན་བཅོས་བཅས་བྱས་ཏེ་བུད་མེད་ཀྱི་བདེ་སྲུང་འདུ་ཤེས་དང་ནད་རིགས་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཟླ5ཚེས6ཉིན་རྫོང་བུད་མེད་དང་འཆར་ལྡན་བུ་སྐྱེ་ལྟེ་གནས་ཀྱིས་རྫོང་ཡོངས་ཀྱི་གཉེན་སྒྲིག་བྱས་ཟིན་པའི་ཕྲུ་གུ་བཙའ་ལོ་རན་པའི་བུད་མེད་ཀྱི་འབྲས་སྐྲན་གཉིས་ལ་བརྟག་དཔྱད་བྱེད་མགོ་བརྩམས། ཐེངས་འདིའི་བྱེད་སྒོའི་ནང་རྫོང་ཡོངས་ཀྱི་ཕྲུ་གུ་བཙའ་ལོ་རན་པའི་བུད་མེད་ལ་འབྲས་སྐྲན་གཉིས་ཞིབ་བཤེར་བྱེད་ཚད་མི་སྟོང་གཅིག་གིས་མང་དུ་ཕྱིན་ཡོད་ལ། མངལ་སྐེའི་འབྲས་སྐྲན་ཞིབ་བཤེར་བྱེད་ཚད་མི500དང་ནུ་མའི་འབྲས་སྐྲན་ཞིབ་བཤེར་བྱེད་ཚད་མི500ཡོད་པ་རེད།

བྱེད་སྒོའི་ཡུལ་དངོས་སུ་རྫོང་ཡོངས་ཀྱི་གཉེན་སྒྲིག་བྱས་ཟིན་པའི་ཕྲུ་གུ་བཙའ་ལོ་རན་པའི་བུད་མེད་རྣམས་བརྟག་དཔྱད་གྲལ་བཤེར་ནང་ཞུགས་བཞིན་ཡོད་ལ།  རྫོང་བུད་མེད་དང་འཆར་ལྡན་བུ་སྐྱེ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཡུལ་དངོས་སུ་ཁྲིད་སྟོན་དང་ཐོ་འགོད། ཞབས་ཞུ་བཅས་བྱས་པ་མ་ཟད།  མོ་ནད་ཚན་ཁག་གི་ཚོན་བརྙན་བརྟག་དཔྱད་དང་ནུ་བསྐྲན་ཚོན་བརྙན་བརྟག་དཔྱད། གཞན་ད་དུང་མོ་ནད་ཚན་ཁག་དང་འབྲེལ་བའི་ཞིབ་བཤེར་ཡང་བྱས་པ་རེད།

“འབྲས་སྐྲན་གཉིས”ཀྱི་རིན་མེད་བརྟག་དཔྱད་ནི་རྒྱ་ཆེའི་བུད་མེད་རྣམས་ལ་ཕན་པ་ཆེ་བའི་དམངས་ཕན་ལས་གཞི་ཞིག་ཡིན་པ་མ་ཟད། རྫོང་བུད་མེད་དང་འཆར་ལྡན་བུ་སྐྱེ་ལྟེ་གནས་ཀྱི་བུད་མེད་ཚན་ཁག་གི་སྨན་པས་བུད་མེད་ཚང་མར“འབྲས་སྐྲན་གཉིས”འགོག་བཅོས་ཀྱི་གནད་འགག་ཤེས་བྱ་དང་བརྟག་དཔྱད་ཀྱི་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་པ་མ་ཟད། ཞིབ་བཤེར་ཁྲོད་འཕྲད་པའི་གནད་དོན་ལ་ཆེད་ལས་དབྱེ་ཞིབ་དང་རྗེས་མཐུད་ཀྱི་སྨན་བཅོས་བསམ་འཆར་བཏོན་པས། ཐེངས་འདིའི་བྱེད་སྒོར་བུད་མེད་རྣམས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

མདའ་བཞི་རྫོང་གི་སྡོད་དམངས་ཀྲང་ཞི་ཧུའེ་ཡིས་ཐེངས་འདིའི་རིན་མེད་ངང་འབྲས་སྐྲན་གཉིས་ལ་ཞིབ་བཤེར་བྱེད་པའི་སྲིད་ཇུས་འདི་ཧ་ཅང་ཡག་པོ་ཡོད།  ང་ཚོ་མི་སེར་རྣམས་ཀྱིས་དུས་རྒྱུན་ཞོར་ལས་བྱེད་པ་དང་ཁྱིམ་ཚང་གི་ཙག་ཙིག་བྱ་བ་སོགས་ཀྱི་དབང་གིས་སྨན་ཁང་དུ་འགྲོ་ཁོམ་མེད་པར་མ་ཟད། བརྟག་དཔྱད་བྱེད་པའི་འགྲོ་གྲོན་ཡང་དམའ་པོ་མ་རེད། ད་ལྟའི་དམངས་ཕན་སྲིད་ཇུས་འདིས་ང་ཚོ་བུད་མེད་རྣམས་ལ་སྟབས་བདེ་དང་ཕན་པ་བསྐྲུན་ཡོད་ལ། ང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཆེན་པོ་ཚོར་དུ་བཅུག་པ་མ་ཟད། སྲིད་ཇུས་བཟང་པོ་འདི་ལྟ་བུ་མུ་མཐུད་དུ་རྒྱུན་མཐུད་ཐུབ་པའི་རེ་བའང་བྱེད་བཞིན་ཡོད་ཅེས་བཤད།



མཉམ་སྤྱོད།