དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་པ་མཇུག་སྒྲིལ་བ།

2025-05-12 16:31:37   |   689

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5ཚེས9ཉིན། 2025ལོའི་མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་དུས་ཐེངས་གཉིས་པའི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་མཛད་སྒོ་མདའ་བཞི་རྫོང་གི་ཏང་གི་སློབ་གྲྭར་འཚོགས་པ་དང་། མདའ་བཞི་རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ་ནོར་བུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། རྐང་ཚ་རྫོང་ཨུའི་རྩ་འཛུགས་པུའི་པུ་དོན་ཨུ་ཡོན་མ་ཝུན་ལིན་དང་མདའ་བཞི་རྫོང་དང་རྐང་ཚ་རྫོང་ནས་ཡོང་བའི་དཔྱད་འདེམས་པ9བཅས་ཞུགས་པ་དང་། རྫོང་ཨུ་ཏང་གི་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས་སློབ་ཐོན་མཇུག་སྒྲིལ་མཛད་སྒོར་གཙོ་སྐྱོང་གནང་།

སློབ་ཐོན་མཇུག་སྒྲིལ་མཛད་སྒོའི་ཐོག་གསོ་སྦྱོང་འཛིན་གྲྭའི་བརྟག་ཞིབ་ཚོ་ཆུང་གསུམ་གྱིས་ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པ་དང་། གསར་བརྗེ་ཞིབ་འཇུག སྐྱེད་ཁམས་དཔལ་ཡོན་ཞེས་པའི་བརྟག་ཞིབ་བརྗོད་གཞི་གསུམ་ལ་དམིགས་ནས་གྲུབ་འབྲས་སྙན་ཞུ་ཕུལ་བ་དང་དེའི་ནང་དོན་ཞིབ་ཕྲ་ཡིན་ལ། རྐང་ཚ་དང་མདའ་བཞི་རྫོང་གི་གནས་ཚུལ་དང་འཚམ་པ་དང་། དཔྱད་ཞིབ་ལྷན་ཚོགས་ཀྱི་དཔྱད་གཏམ་གནད་ལ་འཁེལ་ཞིང་ནུས་པ་ཆེ་བའམ་གནད་འགག་ལ་ཐད་ཀར་རྡུང་རྡེག་བྱས་ནས་གནད་དོན་བསྟན་པ་མ་ཟད། ཐག་གཅོད་བྱེད་ཐབས་མཁོ་འདོན་བྱས་པས་བརྟག་ཞིབ་ཚོ་ཆུང་གསུམ་པོས་བརྟག་ཞིབ་གྲུབ་འབྲས་སྔར་བས་འཐུས་ཚང་དུ་གཏོང་རྒྱུར་རོགས་རམ་བྱས། དེ་དང་ཆབས་ཅིག་གསོ་སྦྱོང་འཛིན་གྲྭའི་ཕུལ་བྱུང་བརྟག་ཞིབ་གྲུབ་འབྲས་བྱ་དགའ་ཐོབ་པའི་བརྟག་ཞིབ་ཚོ་ཆུང་དང་ཕུལ་བྱུང་སློབ་མ4ལ་གཟི་བརྗིད་དཔང་ཡིག་ཕྱིན། 

རྫོང་ཨུའི་རྩ་འཛུགས་པུའི་པུ་ཀྲང་ནོར་བུས་སློབ་ཐོན་མཇུག་འགྲིལ་མཛད་སྒོའི་ཐོག་ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསོན་པོ་ཡིན་ལ། འབྱུང་འགྱུར་འཕེལ་རྒྱས་ཀྱི་རེ་བ་གནས་ས་ཡིན་པས། ངེས་པར་དུ་ནང་ཤུགས་སྦྱོང་བརྡར་ཡག་པོ་དང་བློ་སྦྱོང་མཐོར་འདེགས་བཏང་སྟེ། དད་སེམས་བརྟན་པོ་དང་ཏང་ལ་ལྷག་བསམ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་དང་། ཆབ་སྲིད་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་འཕེལ་རྒྱས་ཀྱི་འཕར་རྩ་ཁོང་དུ་ཆུད་པ། གསར་བརྗེ་རིག་གནས་རྒྱུད་རྒྱུ་རྒྱུན་འཛིན་ཡག་པོ་བཅས་བྱ་དགོས། ཆབ་སྲིད་ཀྱི་སེམས་ཐག་གཅོད་ཤུགས་ཆེ་རུ་གཏོང་བ་དང་། “སྲུང་སྐྱོང་གཉིས”གཏན་ཁེལ་ཡག་པོ་བྱས་ཏེ། “ཏང་གི་རང་བཞིན”ལ་བརྟེན་ནས“རང་གཤིས”ཚོད་འཛིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་བརྟན་པོ་རྒྱུན་འཁྱོངས་བྱ་དགོས། ལས་སྒོའི་ནུས་པ་སྲ་བརྟན་དུ་གཏོང་བ་དང་རང་ངོས་ཀྱི་ལས་སྒོའི་ཁྱབ་ཁོངས་ཀྱི་ལྟེ་བའི་ཤེས་བྱའམ་འགག་རྩའི་རྩལ་ནུས་ཁ་གསལ་གཏོང་བ། ཆེད་ལས་ཤེས་བྱ་ཤེས་རྟོགས་དང་ཁོང་དུ་ཆུད་པ་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྦྱོང་བརྡར་བྱེད་པ་དང་། མང་ཚོགས་ལས་དོན་གྱི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ།  ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས་དང་སྲིད་ཇུས། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཐོག་མའི་བསམ་འདུན་དང་ལས་འགན་བཅས་ལ་བསྡུར་བ་བྱས་ཏེ། བྱ་བ་གང་ཞིག་སྒྲུབ་དགོས་མིན་དང་བསྒྲུབ་ཐུབ་མིན་བཅས་གསལ་པོར་མཐོང་བ་དང་། རང་གཅུན་ནན་མོ་བྱས་ཏེ། སྤྱོད་གཙང་གི་མི་ཞིག་བྱེད་པ་དང་སྤྱོད་པ་གཙང་མས་བྱ་བ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།



མཉམ་སྤྱོད།