དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

2025-05-14 16:53:23   |   630

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས12ཉིན། མདའ་བཞི་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་མགོ་རྩོམ་མཛད་སྒོ་རྫོང་ཨུའི་ཏང་གི་སློབ་གྲྭར་སྤེལ། རྫོང་ཨུའི་རྩ་འཛུགས་པུ་དང་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ཤིང་སྐུལ་སློང་གཏམ་བཤད་གནང་།

རྫོང་ཡོངས་ཀྱི་གྲོང་རྡལ་ཁག་དང་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་མི38ཐེངས་འདིའི་གསོ་སྦྱོང་ནང་ཞུགས། རྫོང་ཨུའི་ཏང་གི་སློབ་གྲྭའི་འགན་འཁུར་བློ་མཐུན་གྱིས་འཛིན་གྲྭའི་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས། མགོ་རྩོམ་མཛད་སྒོའི་སྟེང་། ཐེངས་འདིའི་གསོ་སྦྱོང་སྤེལ་བ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཡང་དག་ལེན་པ་དང་ཤེས་རྟོགས་གསལ་བོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་བསམ་བློ་རྨང་གཞི་དང་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་གནད་དུ་བཟུང་ནས་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་བ། རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་བྱ་གཞག་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་པར་བསྟན།    སློབ་མ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་སྦྱོང་བྱས་ཏེ་མི་རིགས་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་དང་རེ་བ་གསར་པ་བཅས་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་པའི་མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ནས་མདའ་བཞིའི་མི་རིགས་མཐུན་སྒྲིལ་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན་བདུན་ཡིན་ལ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བར་སྔར་ལས་རང་སྐུལ་སྔོན་བརྩོན་བྱས་ཏེ། དངོས་ཡོད་ལས་དོན་ཁྲོད་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། གསོ་སྦྱོང་ནང“རིགས་པའི་གཞུང་ལུགས་སློབ་ཁྲིད་དང་གྱོད་དཔེ་ཞིབ་འཇུག ཡུལ་དངོས་ལྟ་ཞིབ”བཅས་ཀྱི་སློབ་ཁྲིད་རྣམ་པ་སྤྱད་དེ་ཞིང་ཆེན་དང་ཁུལ་གྱི་ཆེད་མཁས་པ་དང་ལས་སྒོའི་རྐང་འཛིན་མི་སྣས་ཆབ་སྲིད་རིག་གཞུང་དང་སྲིད་ཇུས་སྒྲོག་འགྲེལ། ནུས་པ་མཐོར་འདེགས་སོགས་ཕྱོགས་མང་པོའི་ཐད་ཆེད་དོན་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་།  སློབ་མས་སློབ་སྦྱོང་གི་གོ་རིམ་ཁྲོད་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་གྱོད་དཔེ་དབྱེ་ཞིབ་ཁྲོད་ཉམས་མྱོང་བསྡུ་ལེན་བྱས་ཏེ། རྫོང་ཡོངས་ཀྱི་མི་རིགས་ལས་དོན་ལས་བྱེད་པའི་བྱང་ཚད་དང་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་གཏོད་རྒྱུ།  



མཉམ་སྤྱོད།