དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་མ་དངུལ་སྒོར་ཁྲི1740བཏང་ནས་དམངས་ཚིས་དོན་དག9དོན་འཁྱོལ་བྱས་པ།

2025-05-16 10:40:26   |   374

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་ནུས་ཤུགས་འདོན་པ་དང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཛིན་པའི་ཡིད་སྨོན་དེ་དོན་དངོས་སུ་བསྒྱུར་ཡོད།

སྤྱི་ཚོགས་ལ་ཁ་ཕྱོགས་ནས2025ལོའི་དམངས་ཚིས་དོན་དག་གཙོ་གནད་ཀྱི“འོས་འདེམས”བྱེད་མགོ་བཙུགས་ནས་འོས་འདེམས་རྣམ་གྲངས་ཁྲོད2025ལོའི་མདའ་བཞི་རྫོང་གི་དམངས་ཚིས་དོན་དག9གཏན་འཁེལ་བྱས་པ་དང་མདའ་བཞི་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི1740བཏང་ནས་དམངས་ཚིས་དོན་དག་དངོས་སུ་བསྒྲུབ་པ་རེད།

བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤེས་དང་དོན་དངོས་ཀྱི་དམངས་ཚིས་གནད་དོན་མུ་མཐུད་དུ་ཐག་གཅོད་བྱེད་དགོས། མངའ་ཁོངས་ཀྱི་རོང་འབྲོག་པའི་ཁྱིམ་ཚང་ལ་བདེ་ཐང་བརྟག་དཔྱད་ཀྱི་མི་གྲངས་མང་དུ་བཏང་ནས་རོང་འབྲོག་པའི་བདེ་ཐང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། འགན་སྲུང་རང་བཞིན་གྱི་རང་ཡུལ་གྱི་ནོར་ལུག་དང་འབྲུ་སྣུམ་ཉོ་སྒྲུབ་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཡོང་འབབ་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་ཆབས་ཅིག་ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་ཞིང་ལས་ཐོན་ལས་འཕེལ་རྒྱས་ཡོང་བར་འགན་སྲུང་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ20ཡི་ལྷུ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་རའི་བཙོག་ཆུ་སྦུག་དྲ་དང་ཆར་ཆུ་སྦུག་དྲ་ཉམས་གསོ་བྱས་ཏེ། ཆུ་འབུད་འགོག་པའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱས། གཞན་ཡང་ཝ་མགྱོགས་ཡུལ་ཚོ་ཆུ་ཁོལ་སྡེ་བ་དང་དཔལ་སྦྱིན་ཡུལ་ཚོ་གཡུ་ཐོག་སྡེ་བའི་སྡེ་བ་རིམ་པའི་གཞུང་ལམ་དང་དེ་བཞིན་དམངས་སྟབས་བདེ་བགྲོད་ལམ་བདག་སྐྱོང་བཅོས་སྒྲིག་ལས་གཞི་ལག་བསྟར་བྱས་ནས་མང་ཚོགས་ཕྱིར་སྐྱོད་བྱེད་པར་བདེ་འཇགས་འགན་ལེན་བྱས་ཡོད།

 ཐེངས་རྗེས་མར་མདའ་བཞི་རྫོང་གིས་མུ་མཐུད་དུ“དོན་དངོས་གཅིག་དང་ཇུས་གཞི་གཅིག”གི་རྩ་དོན་དམ་འཛིན་བྱས་ཏེ། རྣམ་གྲངས་ཅན་དུ་སྐུལ་འདེད་དང་ཞིབ་ཐོ་ཅན་དུ་དོ་དམ། ཚིགས་ཚེག་ཅན་དུ་ལྟ་ཞིབ་བཅས་གཅིག་གྱུར་འཆར་འགོད་བྱས་ནས་ལས་འགན་ཁག་མཐུན་སྦྱོར་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས། དམངས་ཚིས་ཁས་ལེན་དེ“བྱ་བ་ཚང་མར་བྱ་སྤྱོད་མཐོང་བ་དང་དོན་དག་རེ་རེར་ལྡོག་འཕྲོ་ལྡན་པའི”མདའ་བཞི་ལག་ལེན་དུ་བསྒྱུར་དགོས།



མཉམ་སྤྱོད།