དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ལས་གཞི་འཛུགས་སྐྲུན་གྱི་འབོད་སྐུལ་དང་དུ་བླངས་ནས་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་རིས་གསར་བ་བཀོད་པ།

2025-05-20 16:19:53   |   522

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། མདའ་བཞི་རྫོང་གིས་དམངས་ཚིས་འགན་སྲུང་དང་སྐྱེ་ཁམས་ཆུ་བེད། གསར་བརྗེ་རིག་གནས་སོགས་གཙོ་གནད་ལས་གཞིར་དམིགས་ཏེ། མཚོ་སྔོན་པོའི་བྱང་ངོགས་སུ་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། གཅིག་བསྡུས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་གནས་སྤོར་རོང་འབྲོག་མང་ཚོགས་དང་ཤྭ་ལུང་འགག་ཆུ་མཛོད།ཀྲུང་གོའི་རྡུལ་ཕྲན་མཁར་གསར་བརྗེའི་ཞིབ་སློབ་རྟེན་གཞིའི་དུས་ཐེངས་གཉིས་པ་བཅས་ཀྱི་ལས་གཞི་གལ་ཆེན་གསུམ་གྱི་ལས་མགོ་བརྩམས་ཡོད།

ཝ་མགྱོགས་ཡུལ་ཚོ་དངུལ་རི་སྡེ་བའི་གནས་སྤོར་ལས་གཞིའི་ཡུལ་དངོས་སུ་ལས་སྒྲུབ་ལ་བྲེལ་བའི་འཕྲུལ་ཆས་ཀྱི་སྒྲ་གང་སར་ཁྱབ་ཡོད་ལ། ཁྱིམ་ཚང46གི་གནོད་ཐེབས་མང་ཚོགས151གིས་རེ་ཞིང་སྒུག་པའི་བཟོ་སྐྲུན་མིག་སྔར་དངོས་སུ་བཟོ་སྐྲུན་ལག་བསྟར་བྱས་ཡོད་ལ། ལས་གཞིའི་ལག་རྩལ་འགན་འཁུར་མི་སྣས་དཔེ་རིས་ལག་ཏུ་བཟུང་སྟེ་ཨར་ལས་ཚོགས་པ་དང་མཉམ་དུ་སྡོད་ཁང་གི་རྨང་གཞི་དང་སྐུད་གཏོང་གི་གྲངས་གཞིར་ཡང་ཡང་ཞིབ་བསྡུར་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་མཚོ་སྔོན་པོའི་མཚོ་ཆུ་རྒྱུན་མཐུད་ངང་ཇེ་མཐོར་སོང་བས།  མདའ་བཞི་རྫོང་གིས་གནོད་ཐེབས་རོང་འབྲོག་མང་ཚོགས་ཀྱི་གནས་སྤོར་ལས་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།   ཝ་མགྱོགས་ཡུལ་ཚོ་དངུལ་རི་སྡེ་བའི་མང་ཚོགས་ལ་བདེ་སྡོད་ཀྱི་བཀག་རྒྱ་བརྟན་པོ་བསྐྲུན་ཡོད། ལས་གཞི་འདིར་སྤྱིའི་མ་དངུལ་སྒོར་བྱེ་བ2བཏང་ཞིང་། ཧྲན་ཏུང་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཁ་གཏད་རོགས་སྐྱོར་ལས་དོན་ཁྲོད་མ་དངུལ་འདི་དག་དངོས་འབེབས་འགན་སྲུང་བྱས་ཡོད་པ་དང་།  “ཚན་རིག་དང་མཐུན་པའི་འཆར་འགོད་དང་དམངས་ཚིས་སྔོན་ལ་འཇོག་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  སྡོད་ཁང་སྨི་གྲུ་བཞི་མ3969དང་ཚ་བརྗེ་ས་ཚིགས་སྨི་གྲུ་བཞི་མ96.7གསར་སྐྲུན་བྱས་པ་དང་། སྨི་གྲུ་བཞི་མ67དང86.5ཅན་གྱི་ཁྱིམ་ཚུགས་རིགས་གཉིས་བཀོད་སྒྲིག་བྱས་ཏེ། ཁྱིམ་ཚང46གི་གནོད་ཐེབས་མང་ཚོགས151སྟབས་བདེའི་ངང་ཁང་གསར་དུ་གནས་སྤར་ཆོག ལས་གཞི་འདི་འཛུགས་སྐྲུན་བྱས་པ་ལས་མཚོ་སྔོན་པོའི་མཚོ་ཆུ་རྒྱས་པའི་གནས་ཚུལ་ཁྲོད་ཀྱི་གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱ་ཐུབ་པ་མ་ཟད། ཕྱོགས་བསྡུས་བདེ་འགོད་ཀྱི་རྣམ་པ་བརྒྱུད་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་བཏང་ནས།རོང་འབྲོག་མང་ཚོགས་སྡེ་ཁུལ་གསར་བར་གནས་སྤོར་བྱས་ནས་འཚོས་བ་གསར་བ་རོལ་བའི་མགོ་བརྩམས་པ་མཚོན།

མཚོ་ངོས་ལས་མཐོ་ཚད་སྨི3200ཡོད་པའི་ཤྭ་ལུང་འགག་ཆུ་མཛོད་ཀྱི་འཛུགས་སྐྲུན་བྱ་ཡུལ་དུ་མི་མེད་བདེ་སྙོམས་འཕྲུལ་འཁོར་རགས་ཆེན་ཐོག་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཆུ་བེད་འཕེལ་རྒྱས་འཆར་འགོད་ཁྲོད་བཞག་པའི་གཙོ་གནད་ལས་གཞི་འདིས་གང་སར་ཚན་རྩལ་ནུས་སྐྱེད་ཀྱི་སྟོབས་ཤུགས་མངོན་ཡོད་ལ།  མཚོ་བྱང་ཁུལ་གྱི་གཙོ་གནད་ཆུ་བེད་བཟོ་སྐྲུན་ཡིན་པའི་ཆ་ནས། ཤྭ་ལུང་འགག་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་འདིར་བསྡོམས་པའི་སྒོར་དུང་ཕྱུར3བྱེ་བ4ས་ཡ7བཏང་བ་དང་།  དེའི་ནང་རགས་ཆེན་དང་ཆུ་ཉར་ཕུགས་དོང་། ཆུ་འདྲེན་སྦུགས་ལམ།   ཆུ་འདྲེན་བཟོ་སྐྲུན་གཙོ་གནད་དུ་བཟུང་ཡོད། ཤོངས་ཚད་ལ་རྒྱ་དཔངས་སྨི་ས་ཡ3ཁྲི1ཅན་གྱི་རྣམ་པ་གྲུབ་པ་དང་། ལོ་གཅིག་གི་ཆུ་འདོན་ཚད་རྒྱ་དཔངས་སྨི་ས་ཡ5འབུམ5ཁྲི6ཟིན་ལ།   མཐའ་འཁོར་གྱི་ཞིང་རར་ཆུ་འདྲེན་པ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཆུ་གསབ་ཐད་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་ཀྱི་ཡོད། ཆུ་རགས་འཛུགས་སྐྲུན་ཐད“བྱང་སྐར་དང་རིག་ནུས་མཐོ་གནོན”མ་ལག་སྤྱད་ནས་འཛུགས་སྐྲུན་སྤུས་ཚད་ལ་དུས་ཐོག་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་ཡོད་ལ།  ཕུག་ལམ་ཨར་ལས་ཀྱིས་ས་གཤིས་ལེ་ཏ་སྔོན་བརྒལ་སྔོན་བརྡའི་ལག་རྩལ་བེད་སྤྱོད་བྱས་ནས་ས་མཐོའི་གྲང་ངར་ཁྲོད་ཀྱི་ཨར་ལས་དཀའ་གནད་ཐག་གཅོད་བྱས་ཡོད། སྐྱེ་ཁམས་བཞུར་རྒྱུན་ཁྲོད་ཀྱི་དྲ་ཐོག་ལྟ་ཞིབ་སྒྲིག་ཆས་བཀོད་ནས་སྐྱེ་ཁམས་ཆུ་སྤྱོད་ཀྱི་གནད་ལ་ཁེལ་བའི་སྙོམས་སྒྲིག་འགན་ལེན་བྱས་ཡོད་པ་དང་། མིག་སྔར་ལས་གཞི་ལེགས་འགྲུབ་བྱུང་ཚད་སྤྱིའི་བཟོ་སྐྲུན་གྱི60%སླེབས་ཡོད།

ཆུ་ལོག་འགོག་པ་དང་ཆུ་འདྲེན་པ། སྐྱེ་ཁམས་བྱེད་ནུས་བཅས་གཉིས་ལྡན་གྱི་ཆུ་མཛོད་དེ་སྔོན་དཔག་བྱས་ན2026ལོའི་ཟླ6པར་འཛུགས་སྐྲུན་བྱས་ནས་སྤྱོད་མགོ་རྩོམ་རྒྱུ་ཡིན་ཞིང་།    སྐབས་དེར་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་མཁོ་སྤྲོད་བར་གྱི་འགལ་བ་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་ཐུབ་པ་དང་། ཞིང་ལས་ཐོན་འཕར་དང་སྐྱེ་ཁམས་ཉམས་གསོ་བྱ་རྒྱུ་གཙིགས་སུ་བཟུང་ནས་མཐའ་འཁོར་གྲོང་ཚོའི་ཆ་སྙོམས་ཡོང་འབབ་སྒོར་འབུམ5ཡན་དུ་འཕར་བར་སྐུལ་ཁྲིད་བྱས་ཏེ། “བཟོ་སྐྲུན་གཅིག་འཛུགས་སྐྲུན་ལས་དམངས་ཡོངས་ཕྱུག་འགྱུར་གྱི་ཕྱོགས་བསྡུས་ཕན་ཁེ་མངོན་འགྱུར་འབྱུང་ཐུབ།

ཀྲུང་གོ་རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་ཞིབ་སློབ་རྟེན་གཞིར་དུས་རིམ་གཉིས་པའི་ལས་གཞི་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། དེ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་། ལས་གཞི་འདིར་མ་དངུལ་སྒོར་བྱེ་བ2ས་ཡ6འབུམ8བཏང་ཡོད་ཅིང་། དེའི་ནང་ཁང་ངོས་སྒྱུར་བཀོད་དང་ཕྱི་ངོས་ཉམས་གསོ། ཡུལ་ལྗོངས་ལེགས་སྒྱུར། ཆུ་གློག་སྦུག་དྲ་སྒྱུར་བཀོད་སོགས་ཀྱི་ལས་གྲྭ་ཚུད་ཡོད་པ་རེད།  

རྫོང་ཡོངས་ཀྱིས་ལས་གཞི་མགོ་བརྩམས་པ་གོ་སྐབས་སུ་བརྩིས་ནས་རྒྱུ་རྐྱེན་གཙོ་བོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཞབས་ཞུའི་ལམ་སྲོལ་སྤུས་ལེགས་སུ་གཏོང་བ་བཅས་བྱས་ཏེ། ལས་གཞི་གལ་ཆེན་སྔ་མོ་ནས་འཛུགས་སྐྲུན་དང་སྔ་མོ་ནས་ཕན་འབྲས་ཐོབ་པ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་རྒྱུ་རེད།



མཉམ་སྤྱོད།