དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“མདའ་བཞིའི་འཕེལ་རྒྱས་ལ་བཏོན་པའི་རེ་འདུན་དྲོན་མོའི”བྱེད་སྒོ་སྤེལ་ནས་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2025-05-22 09:59:27   |   405

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད།  མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་བསམ་འདུན་ལ་ཉན་པ་དང་།“མདའ་བཞིའི་འཕེལ་རྒྱས་ལ་བཏོན་པའི་རེ་འདུན་དྲོན་མོའི”ཐབས་འདོན་ཇུས་འབུལ་གྱི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས། མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དང་མང་ཚོགས་ཀྱི་བདེ་སྐྱིད་ཚད་གཞི་མཐོ་རུ་གཏོང་བར་བྱས་ཡོད།

 བྱེད་སྒོ་སྤེལ་བ་ནས་བཟུང་། མདའ་བཞི་རྫོང་གིས་གསལ་འདེབས་དང་ལེན་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་ཚུལ་གང་མང་ཕྱོགས་བསྡུས་བྱས་ནས། དུས་ཐོག་ཏུ《མདའ་བཞིའི་འཕེལ་རྒྱས་ལ་བཏོན་པའི་རེ་འདུན་དྲོན་མོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་མ་ཟད། “དྲ་བ་དང་མགྱོགས་འཕྲིན། འདར་དབྱངས”སོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ་བསམ་འཆར་དང་གྲོས་གཞི་བསྡུ་རུབ་ཀྱི་དྲིལ་སྒྲོག་མུ་མཐུད་དུ་བྱེད་བཞིན་ཡོད། འབྲེལ་ཡོད་བསམ་འཆར་བསྡུ་རུབ་བྱེད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་ཆེད། མང་ཚོགས་ཀྱིས་ཐད་ཀར་གཞུང་ཕྱོགས་སྤྱི་སྟེགས་བརྒྱུད་ནས་སྐད་འཇོག་པའམ་འཕྲིན་ཡིག་བསྐུར་ནས་རང་ཉིད་ཀྱི་བསམ་ཚུལ་བཏོན་ཆོག

 བྱེད་སྒོ་སྤེལ་བ་ནས་བཟུང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་། ཏང་ཡོན་ལས་བྱེད་ལས་བཟོ་དང་ལས་བྱེད་པ་རྒན་གྲས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། དགེ་རྒན། དམངས་གཉེར་ཁེ་ལས་མཁས་ཅན་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་གཅིག་རྗེས་གཉིས་མཐུད་ངང་ཞུགས་ནས་མདའ་བཞིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད། སྡོམ་རྩིས་བྱས་པ་ལྟར་ན། བྱེད་སྒོ་སྤེལ་བ་ནས་བཟུང་བརྙན་ཐུང་སྣ་ཚོགས་དང་ཡིག་རིས་ཆ་འཕྲིན100ལྷག་ཙམ་ཡོངས་བསྒྲགས་བྱས་པར་ལྟ་ཚད་ཐེངས་ས་ཡ་གཅིག་འབུམ4ཁྲི4ལྷག་ཟིན་པ་དང་། བསྔགས་བརྗོད་བྱེད་ཚད་ཁྲི33920ཟིན་ནས་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས“མདའ་བཞིའི་འཕེལ་རྒྱས་ལ་བཏོན་པའི་རེ་འདུན་དྲོན་མོའི”བྱེད་སྒོར་མཐོང་ཆེན་གང་མང་བྱེད་མུས་ཡོད་ལ།  “མདའ་བཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་ཆུ་རླབས་བཞིན་འཕྱུར་ནས་མདའ་བཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། བསྡུ་ལེན་བྱས་པའི་བསམ་འཆར་དང་གྲོས་གཞི342ནང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྫོང་ཡོངས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ཡོད་ལ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་དཀའ་གནད་ཀྱི་གནད་དོན་ཡང་གང་མང་འདུས་ཡོད།

མིག་སྔར། རོགས་སྒྲུབ་སྡེ་ཁག་སོ་སོས་འགན་འཁྲི་ཧུར་ཐག་ངང་སྒྲུབ་པ་དང་རང་འགུལ་ངང་བྱས་རྗེས་ཡོད་པ། སེམས་ཤུགས་ཡོད་རྒུས་དཀའ་གནད་ཐག་གཅོད་བྱས་ཏེ།“ཁྲོམ་རའི་སྒོ་འགྲམ་དུ་ལྟ་སྐུལ་ཚོད་འཛིན་ཡོ་བྱད་སྒྲིག་སྦྱོར་བྱེད་པ”དང“ལམ་སྒྲོན་གྱིས་དུས་ཚིགས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་གློག་སྒོ་ལེགས་སྒྲིག་བྱས་ཏེ། ནུས་རྒྱུ་གྲོན་ཆུང་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།སོགས་དམངས་དོན44ཙམ་ལག་བསྟར་བྱས་ནས་མང་ཚོགས་ལ་དངོས་ཡོད་བདེ་སྐྱིད་བསྐྲུན་ཡོད།

“མདའ་བཞིའི་འཕེལ་རྒྱས་ལ་བཏོན་པའི་རེ་འདུན་དྲོན་མོ”ཅེས་པའི་ཐབས་འདོན་ཇུས་འབུལ་བྱེད་སྒོ་སྤེལ་བ་དེས་མདའ་བཞི་རྫོང་གི་ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུས་པ་མ་ཟད། སྲིད་གཞུང་དང་མང་ཚོགས་དབར་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ཡང་བཙུགས་ཡོད་པ་རེད། མདའ་བཞི་རྫོང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་མང་ཚོགས་ཀྱི་སྐད་སྒྲ་ལ་རྒྱུན་མཐུད་ངང་ཉན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དེ་བས་མཛེས་སྡུག་ལྡན་པའི་མདའ་བཞི་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།



མཉམ་སྤྱོད།