དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་འཁོར་སྐྱོད་གྲོན་དངུལ་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྣང་ཚུལ་བཅོས་སྐྱོང་བྱས་པ།

2025-06-12 11:07:13   |   128

རྩོམ་སྒྲིག ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཡུལ་ཚོ་དང་གྲོང་རྡལ་གྱི་ནོར་སྲིད་མ་དངུལ་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཏན་ཏིག་གིས་ཆེ་རུ་གཏོང་བ་དང་མ་དངུལ་བདེ་འཇགས་ཀྱི་ཚད་ཐིག་ནན་སྲུང་བྱ་ཆེད། ཉེ་ཆར་མདའ་བཞི་རྫོང་ནོར་སྲིད་ཅུ་ཡིས་ཡུལ་ཚོ་དང་གྲོང་རྡལ་གྱི་འཁོར་སྐྱོད་མ་དངུལ་ཚད་ལྡན་དོ་དམ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་རྩ་འཛུགས་བྱས་པ་དང་། ཐེངས་འདིའི་ཆེད་དོན་ཞིབ་བཤེར་གྱི་དམིགས་ཡུལ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་ལྟ་སྐུལ་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་དང་། ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། མང་ཚོགས་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྣང་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ་དང་། གཅིག་སྡུད་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནོར་སྲིད་མ་དངུལ་ཚད་ལྡན་དང་བདེ་འཇགས། ནུས་ཆེའི་བེད་སྤྱོད་བཅས་འགན་ལེན་བྱེད་དགོས། 

བཀོད་སྒྲིག་ཧུར་ཐག་བྱས་ནས་སྒྲིག་འཛུགས་དང་ལག་བསྟར་ནན་ཏན་བྱས་པ། ཐེངས་འདིའི་ཆེད་དོན་ཞིབ་བཤེར་ལས་དོན་ལ་མདའ་བཞི་རྫོང་ནོར་སྲིད་ཅུ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆེད་དོན་ཞིབ་བཤེར་ཚོ་ཆུང་བཙུགས་ཤིང་། འགན་འཁྲི་ལས་བགོས་ཁ་གསལ་བཟོས་ནས་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བརྡ་ཐོ་དུས་ཐོག་ཏུ་དཔར་འགྲེམ་བྱས། ཡུལ་ཚོ་དང་གྲོང་རྡལ་གྱི་ནང་ཁུལ་ཚོད་འཛིན་དོ་དམ་དང་ནོར་དོན་དོ་དམ། ནོར་སྲིད་སྒྲིག་ཁྲིམས་ལག་བསྟར་བཅས་ཀྱི་ཐད་ལ་དམིགས་ནས་ཞིབ་བཤེར་བྱས་ཏེ། གོམ་སྟབས་རྗེས་མའི་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ནས་ཞིབ་བཤེར་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས།

གནད་འགག་གི་གོ་རིམ་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ། ཞིབ་བཤེར་བྱས་པའི་རིང་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་གོ་རིམ་ལ་དམིགས་ནས། དཔང་ཡིག་ལ་ལྟ་ཀློག་དང་རྩིས་ཐོའི་ཞིབ་བཤེར། མ་དངུལ་ཞིབ་རྩིས་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་ཚོ་དང་གྲོང་རྡལ་གྱི་འཁོར་སྐྱོད་གྲོན་དངུལ་དང་། སྡེ་བའི་ལས་བྱེད་པའི་ཐོབ་ཆ། སྡེ་བ་རིམ་པའི་འཁོར་སྐྱོད་གྲོན་དངུལ་སོགས་མ་དངུལ་སྣ་ཚོགས་བེད་སྤྱོད་བྱས་ཚུལ་ལ་ཞིབ་དཔྱད་ཞིབ་ཕྲ་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་གནད་དོན་གྱི་ཚུར་ལན་རེའུ་མིག་བཟོས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་ཆེད་དོན་གྲོན་དངུལ་ཚད་ལྡན་ལུགས་མཐུན་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས་ནོར་སྲིད་མ་དངུལ་གྱི་ཕན་འབྲས་ཆེ་རུ་བཏང་། 

ལྟ་སྐུལ་དང་དྲན་སྐུལ་བྱེད་ཤུགས་ཇེ་ཆེ་དང་བཅོས་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་བ། ཐེངས་འདིའི་ཞིབ་བཤེར་རིང་། ནོར་སྲིད་ཀྱི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནོར་སྲིད་སྒྲིག་ཁྲིམས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་རྩིས་པའི་ཆ་འཕྲིན་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས་ཀྱི་གནད་དོན་གཙོ་གནད་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་། ལྟ་སྐུལ་ཞིབ་བཤེར་གྱིས་གནད་དོན་ཤེས་རྟོགས་བྱུང་ན་ཞིབ་བཤེར་ཞོར་དུ་ངོས་འཛིན་བྱས་པ་དང་། ཞིབ་བཤེར་མྱུར་དུ་བཟོ་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ་སྔོན་གྱི་ལྟ་སྐུལ་དོ་དམ་དུས་རིམ་དུ་གནད་དོན་ཐག་གཅོད་བྱས། ནང་ཁུལ་ཚོད་འཛིན་ལམ་ལུགས་འཛུགས་སྐྱོང་རྒྱུན་མཐུད་སྒོས་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ཀྱི་ངོས་ནས་མ་དངུལ་ལྟ་སྐུལ་དོ་དམ་གྱི་ལྟ་སྐུལ་དམ་ཟབ་བྱས། 

གོམ་སྟབས་རྗེས་མར་མདའ་བཞི་རྫོང་ནོར་སྲིད་ཅུས་ཡུན་རིང་ཕན་ནུས་ལྡན་པའི་སྒོ་ནས་ལྟ་སྐུལ་དོ་དམ་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཤེས་རྟོགས་བྱུང་བའི་གནད་དོན་གྱི་འབྱུང་རྩ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། དུས་ཐོག་ཏུ་ཚུར་ལན་དང་དུས་བཀག་ནང་བཅོས་སྒྲིག་བྱས་ནས་གནད་དོན་དུས་ཐོག་ཏུ་ཐག་གཅོད་ཐུབ་པར་འགན་ལེན་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ནོར་སྲིད་མ་དངུལ་བེད་སྤྱོད་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་གཏོང་རྒྱུ།



མཉམ་སྤྱོད།