དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་སྒོས་སྤུས་ལེགས་སློབ་གསོ་གཉེར་ཏེ། བཅོས་སྒྱུར་གསར་གཏོད་ཀྱིས་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

2025-06-13 14:53:55   |   142

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་། མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་ལས་དོན་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་ཆབ་སྲིད་ཀྱི་མཐོ་ས་ནས་སློབ་གསོར་བལྟ་བ་དང་། དམངས་འཚོའི་ཐོག་ནས་སློབ་གསོ་དམ་འཛིན་བྱེད་པ། འཕེལ་རྒྱས་ཐོག་ནས་སློབ་གསོ་དར་སྤེལ་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྔོན་སློབ་གསོའི་ཁྱབ་སྤེལ་དང་ཁྱོན་ཡོངས། འོས་འགན་སློབ་གསོ་བཅས་སྤུས་ལེགས་དོ་སྙོམས་ཀྱིས་འཕེལ་རྒྱས་སུ་གཏོང་བ་གཙོ་གནད་དུ་བཟུང་ནས། སློབ་གསོའི་མ་དངུལ་མུ་མཐུད་དུ་མང་དུ་བཏང་བ་དང་སློབ་གསོའི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། རྫོང་ཡོངས་ཀྱི་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། 

རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་འདེགས་སྐྱོར་ཆེན་པོས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ། “སློབ་གསོའི་ལས་དོན་སྔོན་ལ་བཀོད་སྒྲིག་དང་སློབ་གསོའི་གནད་དོན་སྔོན་ལ་ཐག་གཅོད་བྱེད་པ། སློབ་གསོའི་གྲོན་དངུལ་སྔོན་ལ་འགན་སྲུང་བྱེད་པ། སློབ་གསོའི་ལས་བྱེད་པ་སྔོན་ལ་བཀོད་སྒྲིག་བྱེད་པ། སློབ་གསོའི་སྟོབས་ཤུགས་ལ་སྔར་ལས་ཤུགས་རྒྱག་པ”ཞེས་པའི་སྔོན་ལ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ལྔ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཆེན་པོས་སློབ་གསོ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སློབ་གསོ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར1.1བཏང་ནས་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་། དགེ་རྒན་གྱི་འཁོར་རྒྱུག་ཁང་པ། ལུས་རྩལ་ར་བ་འཛུགས་སྐྲུན། སློབ་གསོའི་སྒྲིག་ཆས་ཉོ་སྒྲུབ་སོགས་སློབ་གསོའི་རྣམ་གྲངས་ཁག44དངོས་འབེབས་ལག་བསྟར་བྱས་པ་དང་། སློབ་གྲྭ་ཆུང་འབྲིང(བུ་བཅོལ་ཁང)6སྒྱུར་བཀོད་རྒྱ་བསྐྱེད་བྱས་པ་དང་སློབ་གྲྭའི་ཁང་པའི་རྒྱ་ཁྱོན་ཤོ་སྨི1.77གསར་དུ་བསྐྲུན་ཡོད། 2024ལོའི་ལོ་མཇུག་བར་བུ་བཅོལ་ཁང་དང་སློབ་ཆུང་། དམའ་འབྲིང་བཅས་ཀྱི་སློབ་མ་མི་རེའི་ཆ་སྙོམས་རྒྱ་ཁྱོན་ཤོ་སྨི18.87དང་ཤོ་སྨི28.29དང་། ཤོ་སྨི35.23བཅས་སོ་སོར་འཕར་ནས་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྒྲིག་བཀོད་ཚད་ལྡན་ཅན་དུ་བསྒྱུར་ཡོད།

བཅོས་སྒྱུར་ནུས་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ། 《སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། དེ་བཞིན་མ་ལག་ཚང་བའི་ཡིག་ཆ་གསུམ་ཞིབ་འཇུག་གཏན་འབེབས་བྱས་ཏེ། བྱེད་ཐབས་ནུས་ལྡན50ལྷག་ཙམ་སྤྱད་དེ་རྫོང་ཡོངས་ཀྱི་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་དཔྱད་འཇོག་སྔར་བས་ཚན་རིག་དང་མཐུན་པ་བྱས་ཡོད། “དྲ་སྦྲེལ+སློབ་གསོ”ཧུར་ཐག་གིས་སྤེལ་བ་བརྒྱུད་ནས་བློ་རིག་སློབ་གསོའི་འཕྲིན་སྟེགས་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་ཏེ་ཆ་འཕྲིན་ལག་རྩལ་དང་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། དགེ་རྒན་གྱི“རྫོང་རིམ་པའི་དོ་དམ་གྱི་སློབ་གྲྭའི་གདན་ཞུའི”བཅོས་སྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སློབ་གྲྭ་བར་གྱི་དགེ་རྒན་བཀོད་སྒྲིག་ལེགས་སྒྱུར་དང་སློབ་གཉེར་ཆུ་ཚད་དང་སློབ་ཁྲིད་སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་བ་དང་། རྫོང་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ཞུགས་ཚད107.6%དང་། འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད98.33%དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད122.57%བཅས་ལ་སླེབས་ཡོད། མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་མུ་མཐུད་དུ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད་ལ། མཐོ་རྒྱུགས་སློབ་འཕར་བྱེད་ཚད99.7%ཡན་རྒྱུན་འཁྱོངས་བྱས་ཡོད་ཅིང་། སློབ་ཆེན་དངོས་གཞིའི་རིམ་པ་བསྡུ་ལེན་བྱས་ཚད་བསྟུད་མར་ལོ་འགར་ཡར་འཕར་ཡོད། དེ་མིན2024ལོའི་སློབ་འབྲིང་གི་སློབ་སྦྱོང་ཆུ་ཚད་ཞིབ་དཔྱད་ཚད་ལེན་གྱི་གྲུབ་འབྲས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་བཞིའི་གྲས་སུ་སླེབས་ཡོད་པ་དང་། རྫོང་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

དཔུང་ཁག་འཛུགས་སྐྱོང་བྱས་ནས་དགེ་རྒན་གྱི་སྟོབས་ཤུགས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། “ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཤེས་ལྡན་མི་སྣ་འདུ་འཛོམས་བྱེད་པ”བཅས་མཉམ་སྤེལ་བྱས་ཏེ།《དུས་རབས་གསར་པའི་རྫོང་ཡོངས་ཀྱི་དགེ་རྒན་དཔུང་ཁག་གི་འཛུགས་སྐྱོང་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ལོ་རེ་རེར་སྒོར་ཁྲི200ཡི་སློབ་གསོ་འཕེལ་རྒྱས་ཀྱི་ཐེབས་རྩ་བཙུགས་ནས་སློབ་གྲྭ་ཆུང་འབྲིང་གི་གྲུབ་འབྲས་མཐོ་རུ་གཏོང་བའི་བྱ་བའི་ལམ་ལུགས་དང་། སློབ་ཁྲིད་བྱས་ཡུན་ལོ30ལོན་པའི་བྱ་དགའ་དང་ཁ་གསབ་སོགས་བྱ་དགའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕུལ་བྱུང་དགེ་རྒན“ནང་འདྲེན་བྱེད་མི་ཐུབ་པ་དང་ཉར་མི་ཐུབ་པའི”གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཤིང་། སློབ་ཞིབ་ཀྱི“སྐུལ་འདེད་ཤུགས་དང་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཟུང་འབྲེལ་རོགས་སྐྱོར་ས་ཁུལ་གྱི་སློབ་གྲྭ་གྲགས་ཅན་དང་དགེ་རྒན་གྲགས་ཅན་དང་མཉམ་ལས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱི་དགེ་རྒན་གྲགས་ཅན་དང་སློབ་གཙོའི་དྲ་རྒྱའི་ལས་དོན་ཁང་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་སྟེ། “རྒྱལ་ཁབ་གསོ་སྦྱོང་དང་ཞིང་ཆེན་གསོ་སྦྱོང”གི་རྣམ་གྲངས་དེ་ཁུལ་དང་རྫོང་རིམ་པའི་གསོ་སྦྱོང་དང་ཟུང་འབྲེལ་བྱས་ཏེ། རྐང་འཛིན་དགེ་རྒན་གསོ་སྦྱོང་དང་ཞིབ་འཇུག་སྦྱོང་བརྡར་གཞི་གཅིག་ཅན་གྱི་གསོ་སྦྱོང་སོགས་མི་ཐེངས1500ལྷག་སྒྲིག་འཛུགས་བྱས་ནས། ཞིང་ཆེན་དང་ཁུལ་རིམ་པའི་རྐང་འཛིན་དགེ་རྒན22གསོ་སྐྱོང་བྱས། གཞན་དགེ་རྒན24ལ་འབྲིང་རིམ་དང་མཐོ་རིམ་གོ་གནས་ཀྱི་ཐོབ་ཐང་ལག་བསྟར་བྱས་ནས་རྒྱ་ཆེའི་དགེ་རྒན་གྱི་ལས་རིགས་འདིར་མཐོང་ཆེན་དང་གུས་བཀུར་བླ་མེད་བྱས་ཡོད།



མཉམ་སྤྱོད།