དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཁུལ་ཡོངས་ཀྱི2025ལོའི“ཆུ་ལོག་བདེ་འཇགས”སྐོར་གྱི་དངོས་འཐབ་སྦྱོང་བརྡར་བྱེད་སྒོ་སྤེལ་བ།

2025-06-19 16:31:33   |   137

རྩོམ་སྒྲིག ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་དང་ཐན་འགོག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དྲག་ཆར་སོགས་ཐལ་དྲགས་པའི་གནམ་གཤིས་དང་དེ་བཞིན་ཆུ་ལོག་དུས་སྐབས་ཀྱི་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་དངོས་འཐབ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཆེད། ཟླ6ཚེས18ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་ཆུ་ལོག་སྔོན་འགོག་ཐན་འགོག་བཀོད་འདོམས་པུ་ཡིས་གཙོ་གཉེར་དང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་རྫོང་ཆུ་ལོག་སྔོན་འགོག་ཐན་འགོག་བཀོད་འདོམས་པུ་ཡིས་འགན་སྒྲུབ་བྱས་པའི2025ལོའི“ཆུ་ལོག་་སྔོན་འགོག”གི་་དངོས་འཐབ་སྦྱོང་བརྡར་དེ་མདའ་བཞི་རྫོང་དུ་བདེ་བླག་ངང་འཚོགས།

ཐེངས་འདིའི་སྦྱོང་བརྡར་གྱིས“དངོས་འཐབ་གཙོར་འཛིན་པ་དང་ནུས་པར་ཞིབ་བཤེར། རྐྱེན་སྲོལ་མཐུན་སྦྱོར”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་ཀྱི་ཐད་ཀའི་བཀོད་འདོམས་འོག་རྫོང་ཆུ་ལོག་སྔོན་འགོག་དང་ཐན་འགོག་བཀོད་འདོམས་པུ་ཡིས་གཅིག་གྱུར་འཆར་འགོད་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ6དང་ཁོངས་མིའི་སྡེ་ཚན21དང་། ཡུལ་དངོས་ཐག་གཅོད་དཔུང་ཁག3དང་། འཕྲལ་སྡོམ་སྟོབས་ཤུགས150ལྷག་ཙམ་བཅས་ཀྱིས་མཐུན་སྦྱོར་མཉམ་འགུལ་མཉམ་འབྲེལ་བྱས། ཐལ་དྲགས་པའི་གནམ་གཤིས་ཀྱི“དྲག་ཆར་གྱི་གནོད་འཚེ་དང་ཆུ་ལོག་ཆུ་མཛོད་ལས་བླུགས་པ། འགྲིམ་འགྲུལ་ལ་བར་ཆད་བྱུང་བ་སོགས་མཉམ་འདུས་རྣམ་པའི་གནོད་འཚེའི་རྣམ་པར་ལད་ཟློས་འཁྲབ་སྦྱོང་བྱས་ཏེ། བརྒྱུད་རིམ་ཡོངས་ལ“དུས་ཐོག་ཏུ་སྔོན་དཔག་བྱེད་ཐུབ་པ་དང་གྲོས་མོལ་ཞིབ་འཇོག་བྱེད་པ། དཔུང་ཁག་འདུ་འཛུགས། ཉེན་སྐྱོབ་རོགས་སྐྱོབ། མང་ཚོགས་གནས་སྤོར”སོགས་འགག་རྩའི་གོ་རིམ་བཀོད་སྒྲིག་བྱས་ཏེ། འཕྲལ་སྡོམ་དང་ལེན་མྱུར་ཚད་དང་སྡེ་ཁག་མཐུན་སྦྱོར་ཕན་ནུས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས།

འཁྲབ་སྦྱོང་སྐབས་འཕྲལ་སྡོམ་བཀོད་འདོམས་པུ་ཡིས་བཀོད་འདོམས་སྟེགས་བུར་བརྟེན་ནས་གནམ་གཤིས་བརྟག་དཔྱད་དང་རང་བྱུང་ཐོན་ཁུངས། ཆུ་བེད་བརྟག་དཔྱད་སོགས་སྣ་མང་གཞི་གྲངས་མཉམ་འདྲེས་སྒོས་ནུས་ཤུགས་ཆེ་བའི་སྒོ་ནས་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་ཞིབ་འཇུག་དང་འཕྲལ་ཐག་བྱེད་མགོ་བརྩམས་ཡོད། གནམ་གཤིས་དང་རང་བྱུང་ཐོན་ཁུངས། ཆུ་བེད་སོགས་སྡེ་ཁག་གིས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བ་དང་། ཆ་འཕྲིན་རིམ་བཞིན་ཁྱབ་བསྒྲགས་བྱས་ཏེ་འཕྲལ་སྡོམ་དངོས་ཟོག་གསེད་བཀྲོལ་དང་དཔུང་ཁག་གི་སྒྲིག་ཆས་བསྡུ་རུབ་སོགས་མགྱོགས་མྱུར་ངང་ལེགས་གྲུབ་བྱས་ནས་ཉེན་ཁའི་གནས་ཚུལ་ཐག་གཅོད་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས། སྡེ་ཁག་ཁག་གིས“བློ་སེམས་གཅིག་སྒྲིལ”གྱི་བསམ་གཞིག་ལ་བརྟེན་ནས་བཀག་རྒྱ་སེལ་ཏེ“བཀོད་འདོམས་པུ་ཡིས་གཅིག་གྱུར་འཆར་འགོད་དང་ཡུལ་དངོས་བཀོད་འདོམས་པུ་ཡིས་མདུན་ནས་བཀོད་འདོམས་དང་སྡེ་ཁག་ཁག་གིས་མཉམ་འགུལ་དང་ལེན་བྱས་པའི”རིམ་པ་གསུམ་གྱི་བཀོད་འདོམས་མ་ལག་བཙུགས་ནས་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་དང་ཐོན་ཁུངས་ནུས་ཆེའི་བཀོད་སྒྲིག་མངོན་འགྱུར་བྱུང་ཡོད། སྔོན་བརྡ་དང་ལེན་བྱེད་པ་ནས་ཉེན་སྐྱོབ་རོགས་སྐྱོར་དང་། མང་ཚོགས་གནས་སྤོར་བཀོད་སྒྲིག་བཅས་ཀྱི་བར་གོ་རིམ་ཁག་འབྲེལ་མཐུད་དམ་ཟབ་དང་འཁོར་སྐྱོད་ཕན་ནུས་ཆེ་བས། གཏན་འཁེལ་བྱས་པའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ཡོད། 

  འཁྲབ་སྦྱོང་མཇུག་སྒྲིལ་རྗེས། ཚན་རིག་ཁྱབ་གདལ་གྱི་ཀྲུང་གོའི་ཆེད་མཁས་པ་ཞུས་ཁྲོན་ཅེ་ཡིས་འཁྲབ་སྦྱོང་བརྒྱུད་རིམ་ཧྲིལ་པོར་བསྐྱར་བཤེར་དཔྱད་དཔོག་བྱས་པ་དང་འབྲེལ་དམིགས་སའི་རང་བཞིན་གྱི་ཇེ་ལེགས་སུ་གཏོང་དགོས་པའི་སྐོར་ལ་བསམ་འཆར་བཏོན་པར་མ་ཟད་དཔྱད་འཇོག་བྱས། དེའི་རྗེས་ཀྱི་འཁྲབ་སྦྱོང་ཕྱོགས་བསྡོམས་ཚོགས་འདུའི་ཐོག་ཁུལ་ཆུ་ལོག་དང་ཐན་འགོག་བཀོད་འདོམས་པུ་ཡིས་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་སོ་སོར་ཐེངས་འདིའི་འཁྲབ་སྦྱོང་གི་གྲུབ་འབྲས་སྒྱུར་བཀོད་གཏིང་ཟབ་ཏུ་བཏང་ནས་གནོད་འཚེ་འགོག་སྲུང་གི་ལས་དོན་ཁག་གི་ལག་ལེན་ནང་འདྲེས་ཏེ་ཆུ་ལོག་སྔོན་འགོག་དང་ཆུ་ལོག་ཉེན་སྐྱོབ་དང་གེགས་སེལ་གྱི་ནུས་པའི་ཆུ་ཚད་མུ་མཐུད་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།



མཉམ་སྤྱོད།