དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཞིང་སྤྱོད་རྩི་ཤིང་སྲུང་སྐྱོབ་མི་མེད་གནམ་གྲུའི་ཁ་ལོ་བར་གསོ་སྦྱོང་བྱས་ནས་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

2025-06-25 09:26:50   |   135

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་སྐབས་དང་པོའི་ཞིང་སྤྱོད་རྩི་ཤིང་སྲུང་སྐྱོབ་ཀྱི་མི་མེད་གནམ་གྲུའི་ཁ་ལོ་བའི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་འཚོགས་པ་དང་། ཆེད་མཁས་པའི་སློབ་ཁྲིད་དང་དཔེ་མཚོན་དབྱེ་ཞིབ་བྱེད་པ། མཉམ་འགུལ་དྲི་བ་དྲིས་ལན་བཅས་ཀྱི་སློབ་ཁྲིད་བྱེད་སྟངས་བརྒྱུད་ནས། འཕུར་སྐྱོད་ཀྱི་རྩ་བའི་རིགས་པ་དང་རྩི་ཤིང་སྲུང་སྐྱོབ་སྐོར་གྱི་ཤེས་བྱ། སྨན་རྫས་སྡེབ་སྡུར་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བྱས་ཤིང་། སློབ་མ30ལ་རིན་མེད་གསོ་སྦྱོང་བྱས་ནས་དཔྱད་ཞིབ་ཚད་ལེན་ཐོབ་སྟེ་ཞིང་སྤྱོད་མི་མེད་གནམ་གྲུའི་བཀོལ་སྤྱོད་ལག་ཁྱེར་སྤྲད་པས། “འཕུར་སྐྱོད་པའི”ལས་རིགས་ཐབས་ལམ་གསར་འབྱེད་བྱས་ནས་ལས་ཞུགས་དང་ལས་གཏོད་ལ་རོགས་རམ་དང་ཡོང་འབབ་མང་དུ་གཏོང་བར་སྐུལ་འདེད་བཏང་། 

ཐེངས་འདིའི་གསོ་སྦྱོང་ནི་མདའ་བཞི་རྫོང་གིས“གྲོང་གསེབ་དར་སྤེལ་དང་ཐོན་ལས་རིགས་སྒྱུར་རིམ་སྤོར”རྐྱེན་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་གྲུབ་འབྲས་ལ་ཞབས་འདེགས་ཞུ་བའི་གནད་འཁེལ་ལག་ལེན་ཞིག་ཡིན། གསོ་སྦྱོང་བརྒྱུད་རྩལ་ནུས་སློབ་ཁྲིད་བྱས་པ་མ་ཟད། སློབ་མར་ཚན་རྩལ་གྱིས་ཞིང་ལས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཧ་ཅང་ཆེན་པོ་ཤེས་རྟོགས་བྱུང་བ་དང་། ཤེས་བྱ་གསར་པ་སློབ་སྦྱོང་དང་ལག་རྩལ་གསར་པ་བཀོལ་སྤྱོད་བྱེད་པར་སྐུལ་སློང་བྱས་ཤིང་། སྲོལ་རྒྱུན་ཞིང་པ་ལས་རིགས་གསར་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་བས། མདའ་བཞིའི་ཞིང་ལས་ཚན་རྩལ་བཀོལ་སྤྱོད་ཐད་ཤེས་ལྡན་མི་སྣ་དཀོན་པའི་དཀའ་ངལ་ཞི་ལྷོད་དུ་བཏང་བ་དང་། ཞིང་ལས་འཕེལ་རྒྱས་གཏོང་བར་རང་ཡུལ་གྱི་སྟོབས་ཤུགས་གསོག་འཇོག་བྱས་ཡོད། 

ཐེངས་རྗེས་མར། མདའ་བཞི་རྫོང་གིས་སློབ་མའི་འཕེལ་རྒྱས་ལ་མུ་མཐུད་དུ་རྗེས་འདེད་བྱ་རྒྱུ་ཡིན་པ་དང་། ཐོན་ལས་གཙོ་གཟུགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཡུན་རིང་ཕན་ནུས་ལྡན་པའི་འཕུར་སྐྱོད་གསོ་སྐྱོང་དང་དཔང་འཛིན། ཞབས་ཞུ། དོ་དམ་བཅས་ཀྱི་མ་ལག་འཚོལ་ཞིབ་བྱེད་པ། ཞིང་ལས་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་ཤེས་ལྡན་མི་སྣ་དང་ལག་རྩལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་རྒྱུ་རེད། 



མཉམ་སྤྱོད།