དེ་རིང་ནི2025ལོའི་ཟླ07པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་འཛུགས་སྐྲུན་ཁྲོད་ཞུགས་པ།

2025-07-02 08:54:40   |   113

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་། མདའ་བཞི་རྫོང་གིས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་སྐྲུན་པའི་ཐད་ཀྱི་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པའི་དམིགས་ཚད་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ།  དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་རྫོང་གི་གནས་ཚུལ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པར་གཞི་ཚུགས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་སྐྲུན་པའི་ལས་དོན་ལ་ཇུས་འགོད་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཕྲ་བྱེད་པ། མ་ལག་ལྡན་པའི་མཛུབ་ཁྲིད་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས“སྐྱེ་ཁམས+གནས་སྐོར”མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚ་རླབས་ཡོད་པ་དང་ཐོལ་བརྒལ་ཡོད་པ། ཤུགས་རྐྱེན་མངོན་གསལ་ཆེ་རུ་ཕྱིན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཡོད།

རང་བྱུང་གི་ལྗང་མདོག་དེ་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་གྱི་ཆེས་མཛེས་སྡུག་ལྡན་པའི་རྨང་གཞི་བྱས་པ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་། རིག་གནས་ལ་བརྟེན་ནས་གནས་སྐོར་འཕེལ་རྒྱས་དང་གནས་སྐོར་ལ་བརྟེན་ནས་རིག་གནས་རྒྱུན་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “སྐྱེ་ཁམས+རིག་གནས+གནས་སྐོར”བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་དུ་ཤུགས་བརྒྱབ་སྟེ། སྐྱེ་ཁམས་ལ་བརྟེན་ནས་གནས་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གནས་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བའི"ལས་གྲྭ་བཅུའི"ལས་དོན་ཇུས་གཞི》ཁྱབ་བསྒྲགས་བྱས་ཏེ་མཚོ་སྔོན་པོའི་མཐའ་འཁོར་གྱི་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་ལ། "སྐྱེ་ཁམས+རིག་གནས+གནས་སྐོར"གྱི་ཐབས་ལམ་ཡག་ཤོས"འཚོལ་ཞིབ་ཧུར་ཐག་བྱས་ཏེ།《མདའ་བཞི་རྫོང་གི་རིག་གནས་གནས་སྐོར་ལས་རིགས་ཀྱི་བྱ་དགའ་དང་རོགས་སྐྱོར་བྱེད་ཐབས》བཏོན་པ་དང་། མ་ལག་ཅན་དང་ཕྱོགས་མང་པོས་མཐོ་རུ་གཏོང་ཐབས་བརྒྱུད་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་མདའ་བཞིར་ཡོང་བར་སྐུལ་འདེད་བཏང་སྟེ། གནས་སྐོར་བའི་མྱོང་རོལ་དང་ས་ཁོངས་གནས་སྐོར་གྱི་འགྲན་རྩོད་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བཏང་། དེ་དང་ཆབས་བྱེ་མ་ལ་བདུན་དང་སྨོན་ལམ་མཐོན་པོ། མདའ་བཞིའི་ཆུ་ཚན་སོགས་སོགས་རང་བྱུང་མཛེས་ལྗོངས་ཁུལ་དང་མ་རྡུལ་མཁར། མདའ་བཞི་ཚོ་བ། སྒར་གཞི་བཅུ་གཉིས་པའི་གསར་བརྗེ་ཞིབ་སློབ་རྟེན་གཞི་སོགས་མཛེས་ལྗོངས་ཁུལ་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱས་པ་བརྒྱུད། “སྐྱེ་ཁམས+གནས་སྐོར”གྱི་སྤུས་ལེགས་ལམ་ཐིག་མང་པོ་ཇེ་ལེགས་སུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་། ཐོན་རྫས་ལས་རིམ། སྣེ་ལེན་ཞབས་ཞུ་སོགས་ཀྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་བཏང་སྟེ། “སྐྱེ་ཁམས+རིག་གནས+གནས་སྐོར”གྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ཤིང་། སྐྱེ་ཁམས་རིན་ཐང་དང་དཔལ་འབྱོར་རིན་ཐང་གཉིས་ཕན་ངང་མངོན་འགྱུར་བྱས་དང་བྱེད་མུས་ཡིན་ལ། ཟླ5པའི་ཟླ་མཇུག་བར་གནས་སྐོར་བ་ཁྱོན་ཁྲི45.96སྣེ་ལེན་བྱས་ཤིང་། དུས་མཚུངས་ལས79.81%ཡར་འཕར་བ་དང་ཡོང་འབབ་སྒོར་ཁྲི14200.6བྱུང་བ་དང་དུས་མཚུངས་ལས92.76%ཡར་འཕར་ཡོད།

ས་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་ཆེས་མཛེས་པའི་རི་མོ་བྲིས་པ། “གསར་བརྗེ་ཞིབ་སློབ་དང་ལྗང་མདོག་སྐྱེ་ཁམས”སོགས་མཉམ་འདུས་རྣམ་པའི་ཞིབ་འཇུག་སློབ་སྦྱོང་ལམ་ཐིག15ཞིབ་ཚགས་ཇུས་འགོད་དང་འགྲེམ་སྤེལ་བྱས་ཡོད་པ་དང་། རིམ་རྩིས་བྱས་ན་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་ཁག74སྣེ་ལེན་བྱས་པ་དང་སློབ་མ་མི་ཐེངས5798ལ་ཞབས་འདེགས་ཞུས་ཤིང་། རྒྱལ་ཁའི་ངང་རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དང་གནས་སྐོར་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་དཔེ་སྟོན་ཁུལ་དུ་བདམས་ཐོན་བྱུང་བ་དང་། གསེར་དངུལ་རྩྭཐང་དེ་རྒྱལ་ཁབ་ཀྱི“གསར་བརྗེ་རྩྭ་ཐང”ཁག་དང་པོའི་ནང་བདམས་ཐོན་བྱུང་ལ།  དེ་དང་ཆབས་ཅིག་མ་རྡུལ་མཁར་དྲན་གསོ་ཁང་དང“221”བཟོ་ལས་གནས་ཡུལ་རྙིང་པ་སོགས་གསར་བརྗེ་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་སློབ་གསོའི་ལག་ལེན་རྟེན་གཞི་དང་སྒར་གཞི་བཅུ་གཉིས་པའི་གནས་ཡུལ་རྙིང་པ་སོགས་སློབ་ཁྲིད་ས་ཚིགས་བདེ་བླག་ངང་འཛུགས་སྐྲུན་བྱས་ཡོད་པར་མ་ཟད། རྫོང་ནང་ཁུལ་གྱི་སྡེ་བ་ཁག་གི་གསར་བརྗེའི་གཏམ་རྒྱུད་དང་སྡེ་བའི་ལོ་རྒྱུས་བརྒྱུད་རིམ་སོགས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། སྟོང་རྟ་སྡེ་བའི་ལོ་རྒྱུས་ཁང་སོགས་རྫོང་ཁོངས་ཀྱི་རང་ཡུལ་གྱི་སློབ་གསོའི་གཡུལ་ས29གསར་བརྗེ་ཞིབ་སློབ་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་ཁྱབ་ཁོངས་སུ་བཞག་ཤིང་། “ས་ཁུལ་གཅིག་དང་ས་གནས་གཉིས། རྗེས་དྲན་ཁང་གསུམ། དེང་རབས་ཅན་བཞི། ས་ཚིགས་མང་པོའི”གསར་བརྗེ་ཞིབ་སློབ་མ་ལག་བཙུགས་ཏེ། “མདེལ་གཉིས་སྐར་གཅིག”གི་ཞིབ་འཇུག་གསར་སྤེལ་བརྒྱུད་རིམ་འཚོལ་ཞིབ་དང་། ནུབ་མཚོ་ཅུན་གྱི་གནའ་མཁར་ལོ་རྒྱུས་རིག་གནས་སྔོག་འདོན། གསེར་དངུལ་རྩྭ་ཐང་གི་མཛེས་སྡུག་རོལ་མྱོང་བྱེད་པ་སོགས་བརྗོད་གཞི་མང་པོ་དང་རྣམ་པ་མང་བོའི་སློབ་ཚན། རླངས་འཁོར་ནང་གི་སློབ་ཁྲིད། མཉམ་འགུལ་བཅར་གླེང་རྣམ་པའི་སློབ་ཁྲིད་སོགས་སློབ་ཁྲིད་རྣམ་པ་རིགས8གསར་སྤེལ་བྱས་ལ། ཕྱོགས་བསྡུས་ལག་ལེན་ལྟེ་གནས་ཀྱི་རྒྱལ་ཁབ་ཆེན་པོའི་བཟོ་པ་སོགས་བརྗོད་དོན་སློབ་ཁང10འཐུས་ཚང་དུ་བཏང་། འགྲེམས་སྟོན་དང་སློབ་གསོ།ཞིབ་སློབ། གནས་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་གསར་བརྗེ་སྤུས་རྟགས་བསྐྲུན་ཡོད། གསར་བརྗེ་ཞིབ་སློབ་ཆེད་གཏོང་མེ་འཁོར་ཤར་གཏོང་བྱས་ཏེ། “འགྲིམ་འགྲུལ+རིག་གནས་གནས་སྐོར+ཞིབ་འཇུག་སློབ་སྦྱོང”མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གསར་བརྗེ་ཞིབ་སློབ་སྤུས་རྟགས་ཧུར་ཐག་གིས་བཏོད་ཡོད། 

 མཉམ་ལས་ལ་བརྟེན་ནས་སྐྱེ་ཁམས་གནས་སྐོར་གྱི་ཚེས་མཛེས་པའི་རྒྱུག་ཚད་གཅིག་ཏུ་བསྡུས་པ། དྲང་སྲུང་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་རང་འགུལ་ངང་འགྱུར་ལྡོག་ངོས་འཛིན་དང་བབ་བསྟུན་བྱེད་པ། འགྱུར་ལྡོག་བརྩོན་ལེན་བཅས་བྱས་ཏེ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ལ། དུས་བཞིའི“སྡེ་བའི་དགོང་ཚོགས”དང་སྐོར་བྲོ་འགྲན་སྡུར་སོགས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བ་དང་། 2025ལོར་སྔོན་དཔག་བྱས་ན་རིག་གནས་གནས་སྐོར་གྱི་བྱེད་སྒོ་ཁག་ཐེངས23སྤེལ་རྒྱུ་ཡིན་པ་དང་། མིག་སྔའི་བར་བྱེད་སྒོ་ཐེངས5སྤེལ་བ་ལ་འཁྲབ་སྟོན་ལ་ཞུགས་མཁན་མི380ལྷག་ཙམ་དང་། ལྟད་མོ་བའི་མི་ཐེངས1300ལ་སླེབས་ཡོད། དེ་ལས་གཞན་ཚོང་འགུག་ངོ་སྤྲོད་ཚོགས་པ་རྩ་འཛུགས་བྱས་ནས་ཀང་ཀྲོའུ་དང་ཁུན་མིང་གཉིས་སུ་བསྐྱོད་དེ། “གསར་བརྗེས་སྣེ་ཁྲིད་དང་སྐྱེ་ཁམས་ནུས་གཏེར། རིག་གནས་གནས་སྐོར་མཉམ་འདྲེས”བཅས་བརྗོད་བྱ་གཙོ་བོར་བྱས་པའི་རིག་གནས་གནས་སྐོར་ཚོང་འགུག་དང་གནས་སྐོར་ཐོན་རྫས་ཆེད་དོན་ངོ་སྤྲོད་བྱེད་སྒོ་སྤེལ་བ་དང་། ཚོང་འགུག་མ་འགུག་རྣམ་གྲངས10དང“ཚོང་ལས་ལ་བརྟེན་ནས་ཚོང་འགུག་བྱེད་པའི”རྣམ་གྲངས6གཙོ་གནད་སྒོས་ངོ་སྤྲོད་བྱས་ཤིང་། རྣམ་གྲངས་ཀྱི་མ་འཇོག་ཁྱོན་སྒོར་དུང་ཕྱུར34.38ཡིན། ཀོང་ཀྲོའུ་དང་ཁུན་མིང་གཉིས་ཀྱི་རིག་གནས་གནས་སྐོར་ཁེ་ལས་དང་ལས་རིགས་མཐུན་ཚོགས། གནས་སྐོར་ལས་དོན་ཁང་བཅས་དང་རྒྱ་ཁྱབ་མཉམ་ལས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་བ་དང་། རིག་གནས་གནས་སྐོར་རྣམ་གྲངས་ཀྱི་འདོད་བློ་ཡོད་པའི་མཉམ་ལས་གྲོས་མཐུན་སྒོར་དུང་ཕྱུར9.6བཞག་པ་མ་ཟད། གནས་སྐོར་ལས་དོན་ཁང157དང་འགྲུལ་པ་སྐྱེལ་འདྲེན་དང་ཐོན་རྫས་མཉམ་འབྲེལ་ཕྱིར་འཚོང་གི་མཉམ་ལས་ལམ་སྲོལ་བཙུགས་ཡོད།



མཉམ་སྤྱོད།