དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་མཐུན་སྦྱོར་ལྟ་སྐུལ་མ་ལག་བཙུགས་ནས་གྲོང་གསེབ་དར་སྤེལ་མ་དངུལ་གྱི་ཞིབ་བཤེར་ནུས་པ་ཇེ་མཐོར་བཏང་བ།

2025-07-08 16:36:00   |   206

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་མ་དངུལ་སྤྱོད་པའི་ལྟ་སྐུལ་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ། དམངས་ཕན་མ་དངུལ་གནད་ལ་འཁེལ་བའི་སྒོ་ནས་འགན་ལེན་བྱ་ཆེད།  སྣ་མང་རང་བཞིན་གྱི་མཐུན་སྦྱོར་ལྟ་སྐུལ་མ་ལག་གསར་གཏོད་ཀྱིས་བཙུགས་ཏེ།  ཆེད་དོན་བཅོས་སྒྲིག་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་ཡོད། 

མ་དངུལ་ལྟ་སྐུལ་དོ་དམ་གྱི་ཁྱབ་རྒྱ་ཆེ་ཞིང་གཞི་རིམ་གྱི་རྒྱུས་ཡོད་སྤྱི་ཚོགས་ལ་ལྟ་སྐུལ་བྱེད་པའི་དཀའ་གནད་ལ་དམིགས་ནས། མདའ་བཞི་རྫོང་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱིས《རྒྱུན་རྣམ་ཅན་གྱིས་ས་ཁུལ་དབར་མཉམ་ལས་བྱས་ཏེ་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་འགན་འཁྲི་བདའ་འདེད་དང་ལྟ་སྐུལ་བརྟག་དཔྱད་ཐག་གཅོད་རྐྱེན་སྲོལ》བཟོས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་སྒྲིག་ཁྲིམས་ལྟ་ཞིབ་བ་ཨུ་ཡོན་ལྷན་ཁང6དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁང3དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང2བཅས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་སྐུལ་ས་ཁུལ་དབྱེ་ཡོད། ཕན་ཚུན་ཞིབ་བཤེར་དང་མཐུན་སྦྱོར་ལས་སྒྲུབ་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་གྲོང་གསེབ་དར་སྤེལ་རྣམ་གྲངས112ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་། ཕན་འབྲས་མི་ལེགས་པ་དང་རྒྱུ་ནོར་བེད་མེད་དུ་བཞག་པ་སོགས་ཀྱི་གནད་དོན་ཡོད་པའི་རྣམ་གྲངས30གནད་ལ་འཁེལ་བའི་སྒོ་ནས་གསལ་འབྱེད་བྱས་པ་དང་། བཅོས་སྒྲིག15ལེགས་གྲུབ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གནད་དོན་གྱི་ཁུངས་སྣེ8ཤེས་རྟོགས་བྱུང་བས། ས་ཁུལ་དབར་གྱི་མཉམ་ལས་གྱི་དགེ་མཚན་དེ་ལྟ་སྐུལ་བཅོས་སྐྱོང་གི་ཕན་ནུས་ལ་ནུས་ལྡན་ངང་བསྒྱུར་ཡོད། 

གྲོང་གསེབ་དར་སྤེལ་གྱི་མ་དངུལ་བེད་སྤྱོད་དོ་དམ་གྱི་ཆེད་ལས་རང་བཞིན་ཁྱབ་རྒྱ་ཆེ་བ་དང་། བརྒྱུད་རིམ་གྱི་གོ་རིམ་མང་བ། ལྟ་སྐུལ་དོ་དམ་གྱི་དཀའ་ངལ་ཆེ་བ་བཅས་ཡིན་པས། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་གྱི་ནུས་པར་རྒྱུན་ཆད་མེད་པར་ཤུགས་བརྒྱབ་སྟེ་ལྟ་སྐུལ་གྱི“འཚོལ་མགོ”དང“ལྟེ་གནས”ཀྱི་ནུས་པ་ཡག་པོ་བཏོན་ཚེ། གཞི་ནས་གཏིང་ཟབ་དང་མ་ལག་རང་བཞིན་གྱི་ནད་གཞི་ལྟ་བུའི་གནད་དོན་རྟོགས་ཐུབ། མདའ་བཞི་རྫོང་སྒྲིག་ཨུས་རྫོང་ནོར་སྲིད་ཅུ་དང་རྫོང་རྩིས་བཤེར་ཅུ། རྫོང་ཨུའི་སྐོར་ཞིབ་གཞུང་ལས་ཁང་བཅས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྟ་སྐུལ་“ཆིག་རྐྱང་བ”གཏོར་ནས་དུས་བཀག་གྲོས་མོལ་དང་ཁུངས་སྣེ་རྩིས་སྤྲོད་སོགས་ཀྱི་རྐྱེན་སྲོལ་བརྒྱུད་ནོར་སྲིད་ལྟ་སྐུལ་གྱི་ཐད་གཏོང་རང་བཞིན་དང་རྩིས་བཤེར་ལྟ་སྐུལ་གྱི་ཆེད་ལས་རང་བཞིན། སྐོར་ཞིབ་ལྟ་སྐུལ་གྱི་ཕྱོགས་བསྡུས་རང་བཞིན་བཅས་མཉམ་འདྲེས་གཏིང་ཟབ་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།  

མདའ་བཞི་རྫོང་གིས་ཏང་ཨུ་དང་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འགན་འཁྲི་ཕྲག་ཏུ་འཁུར་བར་སྐུལ་འདེད་བཏང་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཆེད་དོན་སྙན་ཞུ་ཐེངས་གཉིས་ལ་ཉན་པ་དང་མགོ་ཁྲིད་གཙོ་བོས་བཀོད་འདོམས་བྱས་པ། རྫོང་གི་མགོ་ཁྲིད་ཀྱིས་ཐོན་ལས་གསར་བཟོ་དང་གནད་དོན་བཅོས་སྒྲིག་སོགས་འགག་རྩའི་གོ་རིམ་ལ་དམིགས་ཏེ་འཐབ་ཕྱོགས་དང་པོའི་ལྟ་སྐུལ་བརྟག་དཔྱད་ཐེངས་བཞི་བྱས་ནས་ལོ་རྒྱུས་ཐོག་འཐུསཤོར་བྱུང་བའི་བེད་མེད་རྒྱུ་ནོར་ཁག་གཉིས་བེད་སྤྱོད་ཐུབ་པ་བྱུང་། རྫོང་སྒྲིག་ཁྲིམས་ལྟ་ཞིབ་་ཨུ་ལྷན་གྱིས་གནད་དོན་བཅོས་སྒྲིག་གི“མཐའ་མའི་སྤྱི་ལེ་གཅིག”ལ་དོ་སྣང་ཆེན་པོ་བྱས་ཏེ་འབྲེལ་ཐག་ཡོངས་ཀྱི་འགན་འཁྲི་དམ་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། 

ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས། རིམ་པ་གཅིག་མཚུངས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་དོ་དམ་བྱེད་པའི་རྫོང་རིམ་པའི་མགོ་ཁྲིད་ལ་གནད་ལ་འཁེལ་བའི་སྒོ་ནས《ལས་ཀའི་དྲན་སྐུལ་ཡི་གེ》བཟོས་ནས། ཁོང་ཚོར“ལས་གནས་གཅིག་དང་འགན་འཁྲི་གཉིས”ཀྱི་ལག་བསྟར་ནན་མོ་བྱ་རྒྱུར་སྐུལ་མ་བཏང་སྟེ། “རྣམ་པ་དང་པོ”སྤྱད་ནས་སྔ་མོ་ནས་དམ་འཛིན་དང་ཆུང་ཆུང་ནས་དམ་འཛིན་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། གནོན་ཤུགས་བརྒྱུད་སྤྲོད་གནད་ལ་འཁེལ་ཞིང་གནད་དོན་དངོས་སུ་བཅོས་སྒྱུར་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་རེ་རེ་དངོས་སུ་ཚད་ལྡན་དུ་སྤྱོད་པ་དང་ཕན་འབྲས་ཆེན་པོ་ཐོན་དུ་འཇུག་དགོས།



མཉམ་སྤྱོད།