དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་མཇུག་སྒྲིལ་ས་ཚིགས་ཀྱི་མདའ་བཞིའི་མཐོང་སྣང་།

2025-07-17 10:09:47   |   128

རྩོམ་སྒྲིག ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རབ་མཛེས་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྒྱུག་འགྲན་སྡུར་སྐབས་ཉེར་བཞི་པའི་མཇུག་སྒྲིལ་འགྲན་སྡུར་དེ་མདའ་བཞི་རྫོང་གསེར་ཐང་རྩྭ་ཐང་དུ་སྤེལ་ཞིང་། མདའ་བཞི་རྫོང་ནི་རང་རྒྱལ་གྱི་མདེལ་གཉིས་སྐར་གཅིག་གི་གནས་ཡུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་འགོག་སྲུང་ཁུལ་གྱི་ལྟེ་བའི་ས་ཁུལ་ཡིན་པའི་ཆ་ནས། ལོ་འདི་ལོ་འགར་རང་རྫོང་གིས་རྒྱལ་ཕྱི་ནང་གི་འགྲན་སྡུར་སྣ་ཚོགས་གོ་སྐབས་སུ་བཟུང་ནས་ལུས་རྩལ་གྱི་སྙིང་སྟོབས་དང་སྤྲོ་སེམས་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ། ལྕགས་རྒྱུག་དཔལ་འབྱོར་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་ནུས་བསྐྲུན་ཞིང་། རིག་གནས་དང་གནས་སྐོར་མཉམ་འདྲེས་ཀྱིས་ལྗང་མདོག་ཐོན་ལས་ལ་སྐུལ་འདེད་བྱེད་པའི་ལེའུ་གསར་བ་བསྐྲུན་ཡོད། 

འགྲན་སྡུར་གྱིས་སྐྱེ་ཁམས་མཛེས་སྡུག་ལ་སྒུལ་ཤུགས་གསར་བ་བསྣན་པ།  ལོ་ངོ40ལྷག་གི་འབད་འབུངས་བརྒྱུད་མདའ་བཞི་རྫོང་གིས་གྲང་ངར་ཆེ་བའི་མྱ་ངམ་ཐང་དུ་ལྗང་མདོག་གི་ལྕགས་རི་ཞིག་བསྐྲུན་ཡོད་དེ། ད་ལྟ་སྡོང་བའི་ཁེབས་ཚད11.72 %ཀྱིས་མཐོར་འདེགས་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད72.68%ལ་སླེབས་ཤིང་།  བྱེ་ཐང་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་དེ་རྒྱལ་ཁའི་ངང་བཀག་འགོག་བྱས་ཏེ་མཚོ་སྔོན་པོའི་ལྟེ་བའི་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱས་ཡོད།  ལྕགས་རྟ་འགྲན་སྡུར་ཁིས་ཐོག་བྱེ་འགོག་ས་ཚིགས་བརྒྱུད་པའི་སྐབས་སུ་མུ་མཐའ་མེད་པའི་ལྗང་མདོག་གི་སྡོང་ཕྲུག་རེ་རེས་འཛམ་གླིང་ཤར་ནུབ་ནས་སླེབས་པའི་འགྲན་ཞུགས་པ་རྣམས་ལ་མཐོ་སྒང་སྐྱེ་ཁམས་སླར་གསོའི་ཀྲུང་གོའི་བློ་གྲོས་བརྗོད་ཀྱིན་པ་དང་འདྲ་ལ། ལྗང་མདོག་གེར་གནས་པའི་འགོག་རགས་ཀྱིས་བསྐོར་བའི་འགྲན་ལམ་གྱིས་བྱེ་ཐང་བཅོས་སྐྱོང་ཐད་ཀྱི་མདའ་བཞིའི་མ་དཔེ་ཀུན་ནས་མཚོན་པར་བྱས་ཡོད།  སྤྱི་ལེ137གྱི་འགྲན་ལམ་གྱིས་མཚོ་སྔོན་པོའི་ལྷོ་རིའི་མཛེས་ལྗོངས་སྟེགས་བུ་དང་ཕྱེད་ཀ་མཚོ་མོ་དང་ཕྱེད་ཀ་བྱེ་མའི་རྣམ་པར་མངོན་པའི་བྱེ་མ་ལ་བདུན་གྱི་ངོ་མཚར་མཛེས་ལྗོངས་དང་སྨོན་ལམ་མཐོན་པོའི་སྐྱེ་ཁམས་རྟེན་གཞི་སོགས་གཞི་གཅིག་ཏུ་སྦྲེལ་ཏེ་འགྲན་ཞུགས་པ་རྣམས་མཛེས་སྡུག་གི་རི་ཆུ་དང་སྔོ་ལྗང་གི་མཚོ་མོ། གསེར་མདོག་གི་ལོ་ཏོག ལྗང་མདོག་གི་རྩྭ་ཐང་བཅས་བསྐོར་ནས་འགྲན་རྒྱུག་བྱེད་པ་ནི་མཛེས་ཤིང་སྡུག་པའི་རང་བྱུང་ཁམས་ལ་ཚེ་སྲོག་གཞི་གཅིག་ཅན་གྱི་བཀྲངས་མདང་འཚེར་བའི་རི་མོ་ཞིག་བཞེངས་བསྐྲུན་བྱས་པ་དང་འདྲ།

ཐོན་ལས་ལྔ་མཐུན་སྦྱོར་གྱིས་སྐྱེ་ཁམས་རིན་ཐང་གི་འགྱུར་ལྡོག་ཕྲེང་བར་སྐུལ་འདེད་བཏང་བ། འགྲན་སྡུར་མཇུག་སྒྲིལ་ས་ཚིགས་སུ་ཅ་ཉིན་ཧྭས་ཆེད་བཙུགས་ཀྱི་བདེ་བརྟན་མདའ་བཞིའི་ལྗང་མདོག་འདེམས་སྒྲིག་གི་ཞིང་ཕྱུགས་ཚོང་ཁྲོམ་ཕྱེས་ཡོད་ཅིང་། ཁེ་ལས20ལྷག་གིས་ས་གནས་ཀྱི་ལུག་ཤ་དང་སྟར་ཁུ། འབྲི་ཞོ་སོགས་ཐོན་རྫས་རིགས132འགྲེམ་སྟོན་བྱས་ཡོད་པ་དང་། མདའ་བཞི་རྟགས་མའི་ལུ་གུའི་ཤ་ཡིས་ན་ནིང་ཟི་ལིང་གི་འོས་སྦྱོར་ཁྲོམ་རར་སྒོར་ཁྲི1210ཡོང་འབབ་བཙལ་ཏེ་གསེར་དངུལ་རྩྭ་ཐང་གི་གཟི་བརྗིད་ཚོང་རྟགས་ཤིག་ཏུ་གྱུར་ཡོད་པར་མ་ཟད། ཐེངས་འདིའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་བརྒྱུད་དེ་ཚོང་ལམ་རྒྱ་བསྐྱེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད། མདའ་བཞིའི་ལོག་དཀར་སྣུམ་གྱིས་བཙོས་པའི་རྩམ་པའི་བག་ལེབ་དང་ནས་ཆང་བཙགས་མའི་སྦི་རག་འགྲེམས་སྟོན་བྱས་ཏེ་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ངོ་མཚར་བརྒྱུད་རིམ་དང་ལག་རྩལ་དེ་ཐད་གཏོང་སྒྲིག་ཆས་བརྒྱུད་གསོན་ཉམས་ལྡན་པའི་སྒོ་ནས་ཕྱི་རུ་མངོན་པ་དང་། འདི་ལས་ཞིང་ལས་ཀྱི་དཔལ་འབྱོར་སྦྲེལ་ཐག་ལ་ཚོན་མདངས་གསར་པ་བསྣན་ཡོད། འགུལ་རྣམ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་གི་ངོ་མཚར་ལག་རྩལ་གྱིས་ལྟད་མོ་བའི་ཡིད་དབང་རབ་ཏུ་འཕྲོག་ལ། རྨ་ཙོང་འཚེམ་དྲུབ་ཀྱིས་འབྲོག་པའི་ནོར་ནག་ཕབ་བཟོས་བྱས་ཤིང་། གནས་འདིའི་སྲོལ་རྒྱུན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དེ་དག་འཇགས་རྣམ་འགྲེམས་སྟོན་ནས་རེག་ཐུབ་པ་དང་སློབ་ཐུབ་པ། ཉོ་ཐུབ་པའི”གསོན་ཉམས་ལྡན་པའི་རྒྱུན་འཛིན་དུ་མངོན་འགྱུར་བྱུང་ཡོད། ད་དུང“ཧའེ་པོ་པོ་དང་ཡན་ཏེན་ཏེན”ཞེས་པའི་བརྗོད་དོན་རིག་གནས་གསར་གཏོད་ལ་ཉོ་མཁན་ཧ་ཅང་མང་དུ་བྱུང་ལ། རྡུལ་ཕྲན་མཁར་གྱི་དཔེ་དབྱིབས་རྟགས་མ་དང་ཝང་ལུའོ་པིན་གྱི་རོལ་དབྱངསCDཆ་ཚང་དེ་གནས་སྐོར་བའི་ཉར་ཚགས་བྱ་ཡུལ་གྱི་ཚོང་རྫས་གསར་པ་ཞིག་ཏུ་ཆགས་ཡོད། འདི་ཡིས“རིག་གནས་མཚོན་རྟགས་དང་འགྲན་བསྡུརIP”ཡི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ར་སྤྲོད་བྱས་པ་དངIPརིག་གནས་གསར་གཏོད་ཀྱིས་མདའ་བཞིའི་གཏམ་རྒྱུད་བརྗོད་ཀྱིན་པ་མཚོན།

རིག་རྩལ་འཁྲབ་སྟོན་གྱིས་མི་རིགས་མཐུན་སྒྲིལ་གྱི་སེམས་པ་གཅིག་ཏུ་སྒྲིལ་བ།  འཁྲབ་སྟོན་མི་སྣ་སྟོང་གི་མཉམ་འཛོམས་བསྐོར་བྲོ221ཐང་ཆེན་དུ་འཁྲབ་པ་དང་། བོད་རིགས་ཀྱི་ཨ་རྩེད་དང་སོག་རིགས་ཀྱི་ཕོར་པའི་ཞབས་བྲོ། མི་རིགས་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《རྒྱང་རིང་གི་ཕ་ཡུལ》སོགས་ཞབས་བྲོ་ཡིས་ཡུལ་དངོས་ཀྱི་ལྟད་མོ་བའི་སྤྲོ་སྣང་ཆེས་ཆེར་འཕེལ་དུ་བཅུག་ལ།  རྒྱལ་ཁབ་སོ་སོའི་འགྲན་ཞུགས་པ་རྣམས་བསྐོར་བྲོ་འཁྲབ་པའི་ཁྲོད་མཉམ་ཞུགས་བྱས་པ་བརྒྱུད་ནས་མཐོ་སྒང་གི་ཐུན་མིན་རིག་གནས་ལ་ཅི་དགར་རོལ་མྱོང་བྱེད་དུ་བཅུག  མི་མེད་གནམ་གྲུ་མང་པོ་ནམ་མཁར་བསྐྱོད་དེ་འགྲན་སྡུར་གྱི་ལམ་ཐིག་དང་རྡུལ་ཕྲན་མཁར་གྱི་ཤ་མོ་དབྱིབས་སྤྲིན་སོགས་འགུལ་རྣམ་གྱིས་མཁའ་དབྱིངས་ནས་ཤར་དུ་བཅུག་ཅིང་།  བརྡ་ཚང་འཕྲོ་གྲིབ་ལག་རྩལ་གྱིས་ཐེངས་འདིའི་མཚོ་སྔོན་པོའི་འགྲན་ལམ་གར་སྟེགས་སུ་མངོན་པར་བྱས་ཏེ། འགྲན་ཞུགས་པའི་ཉམས་སྣང་དང་འགྲན་ལམ་རིང་མོ་མཁའ་རུ་འཕགས་ནས་མིག་གི་དགའ་སྟོན་དུ་མངོན་པ་ནི། ཚན་རྩལ་ལ་བརྟེན་ནས་དད་མོས་ལ་གུས་བཀུར་བྱེད་པ་དང་རྒྱུག་བསྐྱོད་ལ་བརྟེན་ནས་ལུས་རྩལ་གྱི་སྙིང་སྟོབས་བརྒྱུད་འཛིན་བྱེད་པའི་ཐབས་ཤེས་མཆོག་གྱུར་ཞིག་ཅི་ལ་མིན།

བདེ་བརྟན་མདའ་བཞིའི་ཕུན་ཚོགས་མཛེས་སྡུག་ལ་ནམ་ཡང་ཡལ་བ་མེད།  མི་མེད་གནམ་གྲུ་ཚོགས་པས221ཐང་ཆེན་གྱི་མཚན་མོའི་མཁའ་དབྱིངས་ནས“རབ་མཛེས་མཚོ་སྔོན་བསྐོར་བ”ཞེས་པའི་ཡིག་འབྲི་ཤར་བའི་ཚེ་དང་འཁྲབ་སྟོན་པ་སྟོང་གིས་གར་གྱི་སྟངས་སྟབས་བསྒྱུར་བའི་སྐད་ཅིག་མ་དེ་ལ། འགྲན་རིམ་བདུན་པའི་མཇུག་སྒྲིལ་ས་ཚིགས་ནི་མདའ་བཞིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགོ་རྩོམ་ས་ཚིགས་གསར་པ་ཞིག་ཏུ་གྱུར་ཡོད།  གནས་འདི་རུ་གསར་བརྗེ་སྙིང་སྟོབས་ཀྱིས་བླ་སོག་བསྐྲུན་ལ། ལྗང་མདོག་ཐོན་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བསྐྲུན་ཡོད། རིག་རྩལ་དང་གནས་སྐོར་མཉམ་འདྲེས་ཀྱིས་ནུས་པ་འདོན་སྤྲོད་བྱེད་པ་སྟེ། ལྕགས་རྟ་འགྲན་སྡུར་གྱི་སྤྱི་ལེ་རེ་རེ་ནི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྙན་འཇེབས་དབྱངས་རྟ་ལྟ་བུ་ཡིན་ལ། མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་རུ་བསྐྱོད་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་ལ་སླར་ཡང་གསོན་ཤུགས་བསྐྱེད་པའི་དན་རྟགས་དེའང་ཡིན། གོམ་པ་རྗེས་མར་མདའ་བཞི་རྫོང་གིས་མུ་མཐུད་དུ་འགྲན་སྡུར་བརྒྱུད་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་པའི་ཐད་ཀྱི་དྲིས་ལན་གྱི་འབྲི་རྒྱུ་ཡིན། 



མཉམ་སྤྱོད།