དེ་རིང་ནི2025ལོའི་ཟླ09པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདའ་བཞི་རྫོང་གིས་གསར་བརྗེ་གཡུལ་སར་ནུས་སྤྲོད་བྱས་ཏེ་རྩ་འཛུགས་འཚོ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་བཏང་བ།

2025-08-12 15:33:32   |   738

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་ལ།   མདའ་བཞི་རྫོང་གིས“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་གསར་བརྗེ་རྨང་གཞིར་བཟུང་སྟེ། སྔ་རྗེས་སུ་ཞིང་ཆེན་དང་ཁུལ་རིམ་པའི་ཏང་ཀྲི་པུ10ཡི་རྩ་འཛུགས་འཚོ་བ་མཉམ་སྤྱོད་བྱེད་པའི་གཡུལ་ས་བསྐྲུན་ཏེ། “གསར་བརྗེ་སྒུལ་འཁོར”བླ་སྲོག་དང“གསར་བརྗེ་ཕྲ་ཕུང”གི་རྨང་གཞི།   “གསར་བརྗེ་ལིང་ཚེའི”ནུས་སྤྲོད་བཅས་བརྒྱུད་ནས་ས་ཁོངས་ཡོངས་ལ་ཁྱབ་པ་དང་མཉམ་འདྲེས་གསར་གཏོད་ཀྱི་རྩ་འཛུགས་འཚོ་བའི་རྣམ་པ་གསར་པ་བསྐྲུན་ཡོད། “གསེར་དངུལ་ཐང་དུ་བསྐྱོད་པའི་གསར་བརྗེའི་ཞིབ་སློབ་ཆེད་གཏོང་མེ་འཁོར”ཤར་གཏོང་བྱས་ནས།  “སྐོར་སྐྱོད་སློབ་ཚན”གྱི་རྣམ་པའི་ཐོག་ནས་གཡུལ་སའི་ནུས་པ་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཏང་ཡོན་སློབ་གསོར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

རྣམ་ཤེས་ནུས་སྤྲོད་དང་བསམ་བློའི་རྨང་གཞི་སྲ་བརྟན་དུ་འགྱུར་བའི་གསར་བརྗེའི་སྒུལ་ཤུགས་བསྐྲུན་པ། ཞིང་ཆེན་རིམ་པའི་མཉམ་སྤྱོད་གཡུལ་ས་ལྟེ་བར་བྱས་ཏེ། ཏང་གཤིས་ལྡན་པའི་སློབ་གསོའི་མཐོ་ས་བསྐྲུན་ཡོད། ནུབ་མཚོ་ཅུན་རྟེན་མཛོད་ཁང་གིས་ཧན་རྒྱལ་རབས་ཀྱི་སྐད་གྲགས་ཆེ་བའི་ཅུན་བཞིའི་གྲས་ཀྱི་ནུབ་མཚོ་ཅུན་འགྲེམས་སྟོན་བརྗོད་བྱ་གཙོ་བོར་བྱས་ཏེ། ལོ་རྒྱུས་རིག་དངོས་དང་སྨྱན་མང་ལག་རྩལ་འགྲེམས་སྟོན་བྱས་པ་བརྒྱུད་རྒྱ་བོད་མཉམ་འདྲེས་ཀྱི་མཐའ་མཚམས་རིག་གནས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཡོད་ལ། ལོ་རེར་བརྗོད་དོན་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས50ལྷག་ཙམ་སྤེལ་བ་དེ། ཏང་ཡོན་ལས་བྱེད་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་སྦྱོང་བྱེད་པའི“སློབ་དེབ་གསོན་པོ་ཞིག་ཏུ་གྱུར་ཡོད། “དུས་རབས་ཀྱི་དཔེ་བཟང”དྲན་གསོ་ཁང་དུ་སྐལ་བཟང་སོགས་སྔོན་ཐོན་དཔེ་མཚོན་ལ་དམིགས་ནས། འགྲེམས་སྟོན་ཐེངས་གཅིག་ལ་ལྟ་སྐོར་དང་ཏང་གི་བསླབ་ཚན་ཞིག་ལ་ཉན་པ། དངོས་བཤུས་གློག་བརྙན་ཞིག་ལ་ལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། “དུས་རབས་ཀྱི་དཔེ་བཟང”ལྷོད་མེད་ངང་ལེགས་སྐྱེས་ཕུལ་བ་དང་ཏང་གི་བྱ་གཞག་ལ་ལྷག་བསམ་ཟོལ་མེད་བྱེད་པའི་གཟི་བརྗིད་ལྡན་པའི་བརྒྱུད་རིམ་གསོན་ཉམས་དོད་པོས་བརྗོད་པ་དང་། 2024ལོར་རིམ་རྩིས་ཐོག་ཏང་ཡོན་ལས་བྱེད་པ་མི་ཐེངས་ཁྲི1.5ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ཏང་ཡོན་སྤེལ་རེས་བྱེད་སྒོ་ཁང་དང་གསར་བརྗེ་སློབ་གསོའི་འགྲེམས་ཁང་སོགས་སྒྲིག་བཀོད་ཆ་སྒྲིག་བྱས་ཏེ། “དཔེ་མཚོན་སློབ་སྦྱོང་དང་ཐོག་མའི་བསམ་འདུན་ལག་ལེན་བྱེད་པའི”རྣམ་པ་ཟབ་མོ་བསྐྲུན་ཡོད། སྲིད་གཙང་སློབ་སྟོན་སློབ་གསོའི་རྟེན་གཞིས“ཉེ་འཁོར་གྱི་གྱོད་གཞིའི”ཐོག་ནས“ཉེ་འཁོར་གྱི་མི་ཚོར”སློབ་སྟོན་བཏང་བ་དང་དཔེ་མཚོན་གྱི་གྱོད་དཔེ་དབྱེ་ཞིབ། འགྱུར་བའི་ཟིན་བྲིས་འགྲེམས་སྟོན། ཏང་ཡོན་གྱི་དམ་བཅའ་བསྐྱར་ཞིབ་སོགས་ཀྱི་རྣམ་པ་སྤྱད་དེ། 2024ལོའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱས་པ་ནས་བཟུང་ཏང་ཡོན་ལས་བྱེད་པ2000ལྷག་ཙམ་སྒྲིག་འཛུགས་བྱས་ནས་སློབ་སྟོན་སློབ་གསོ་དང་ལེན་བྱས་ཏེ། “རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་སྐུལ་འདེད་བཏང་ཡོད། སྨོན་ལམ་མཐོན་པོ་གསར་བརྗེ་ཞིབ་སློབ་རྟེན་གཞིས་མཁའ་དམག་གི་སྒར་གཞི་བཅུ་གཉིས་པའི་གནས་ཡུལ་རྙིང་པར་བརྟེན་ནས། སྒར་གཞི་བཅུ་གཉིས་པའི་དམག་དཔུང་གི་ལོ་རྒྱུས་འགྱུར་ལྡོག་གི་བརྒྱུད་རིམ་གཙོ་གནད་དུ་བཟུང་སྟེ། འཕུར་མདེལ་ལྷག་ལུས་ཀྱི་འགེབས་སྲུང་དང་ཚེག་ཐིག་གི་སྦྱར་ཡིག་སྤྱད་དེ་གསར་བརྗེའི་ལོ་རྒྱུས་བསྐྱར་དུ་མངོན་པ་དང་། “སྣང་ཚུལ་རྣམ་པ”དང“ཉམས་ལེན་རྣམ་པའི”སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས་གསར་བརྗེ་སྙིང་སྟོབས་དང་གཏམ་རྒྱུད“གསོན་པོ”ཡོང་བ་དང་། ཏང་ཡོན་ལས་བྱེད་པར“དབྱང་དབུགས་དཀོན་ཅིང་དཔའ་མི་ཞུམ་པའི”ས་མཐོའི་འགན་འཁྲི་དངོས་སུ་རྟོགས་ཐུབ་པ་བྱས་ཡོད། 

རྨང་གཞི་སྲ་བརྟན་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་གསར་བརྗེའི་ཕྲ་ཕུང་སྐུལ་སློང་བྱས་པ། ཁུལ་རིམ་པའི་མཉམ་སྤྱོད་གཡུལ་ས་དེ་གསར་བརྗེ་སློབ་གསོ་དང་གྲོང་གསེབ་དར་སྤེལ་ལ་དམ་འཛིན་བྱས་ནས། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“སེམས་འབྲེལ་ཟམ་པ”ཞིག་ཏུ་གྱུར་ཡོད། སྟོང་རྟ་སྡེ་བའི་ལོ་རྒྱུས་ཁང་གིས“སྡེ་བ་ཆུང་ཆུང་ལ་འགྱུར་ལྡོག་ཆེན་པོ”ཞེས་པའི་བརྗོད་བྱ་གཙོ་གནད་དུ་བྱས་ཏེ། ཏང་ཀྲི་པུས་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་སྐྱོར་འགག་སྒྲོལ་གྱི་འབད་འཐབ་བརྒྱུད་རིམ་འགྲེམས་སྟོན་བྱས་པ་དང་། “སྡེ་བའི་ལོ་རྒྱུས་འཆད་ཁང”“གྲོང་གསེབ་ཀྱི་མཁས་ཅན་གྲོས་ཞིབ”སོགས་གཞི་རྟེན་བརྒྱུད་སྲིད་ཇུས་བསྒྲགས་བཤད་ཐེངས100ལྷག་ཙམ་བྱས་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་དུས་མཉམ་འཕེལ་རྒྱས་འཚོལ་ཞིབ་བྱས་ནས་སྡེ་བའི་ཐུན་མོང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི40ལྷག་ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས། སྐལ་བཟང་གི་སྡོད་གནས་རྙིང་པ་དེ་ཡིག་ཚགས་དང་རིག་དངོས་ཀྱི་ཐོག་ནས“འབྲོག་པའི་ཧྲིན་ཀྲང”གི་གཞུང་ཞབས་པའི་བརྩེ་སེམས་བསྐྱར་དུ་མངོན་པ་དང་ཞིང་ཆེན་ཕྱི་ནང་གི་ཏང་རྩ་འཛུགས300ལྷག་ཙམ་ལ“ཞིབ་ཚགས་ཀྱི་རྣམ་པས”ཏང་གཤིས་སློབ་གསོ་སྤེལ་རྒྱུའི་ཡིད་དབང་འགུག་ནས་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱེད་པའི“བསམ་པའི་ཕོ་བྲང”ཞིག་ཏུ་གྱུར་ཡོད། མདའ་བཞི་བུ་རྒོད་སྡེ་བའི་ལོ་རྒྱུས་ཁང་གིས་རང་ཉིད་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྱུར་གཞིར་བཟུང་ནས་པར་རིས་དང་ཡི་གེའི་རྒྱུ་ཆ། ལོ་རྒྱུས་དངོས་རྫས། སྨྱན་མང་གཟུགས་ལག་རྩལ་བཅས་ཐབས་མཁས་ངང་སྡེབ་སྒྲིག་བྱས་ཏེ། གསར་བརྗེ་སློབ་གསོ་དང་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་དང་ས་གནས་དེ་གའི་རིག་གནས་རྒྱུན་འཛིན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་བར་སྟོང་བཏོད་ནས། “བལ་དཀར་ཐང་སྙིང་སྟོབས”ཀྱི་ནང་དོན་གཏིང་ཟབ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་དང་། 2024ལོར་སྡེ་བའི་ལོ་རྒྱུས་ཁང་གིས་ཞིང་ཆེན་ཕྱི་ནང་གི་ཏང་རྩ་འཛུགས་རིམ་པ་ཁག་གི་ལྟ་སྐོར་དང་སློབ་སྦྱོང་ཐེངས100ལྷག་ཙམ་སྣེ་ལེན་བྱས་ནས་གསེར་བརྗེ་རིག་གནས་ཁྱབ་སྤེལ་དང་གྲོང་གསེབ་དར་སྤེལ་ཡོང་བར་རོགས་རམ་བྱེད་པའི་མདུན་གྲལ་གྱི་གཡུལ་སར་གྱུར་ཡོད། རྡུལ་ཕྲན་མཁར་གྱི་གཞོན་ནུ་ལོ་ཆུང་གསེར་བརྗེ་ཞིབ་སློབ་སྒར་གཞིས་ཏང་ཡོན་ལས་བྱེད་པ་དང་སྤྱི་ཚོགས། གཞོན་ནུ་ལོ་ཆུང་སོགས་མང་ཚོགས་མི་འདྲ་བའི་སློབ་གསོའི་ལག་ལེན་གྱི་དགོས་མཁོར་དམིགས་ནས། “ཞིབ་འཇུག་སློབ་སྦྱོང+གསེར་བརྗེ་རིག་གནས།” “ཞིབ་འཇུག་སློབ་སྦྱོང+སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།” “ཞིབ་འཇུག་སློབ་སྦྱོང+མི་རིགས་མཐུན་སྒྲིལ་ཡར་ཐོན”སོགས་ཁྱད་ཆོས་ལྡན་པའི་ལམ་ཐིག་བསྐྲུན་པ་དང་ལོ་རེར་གཞོན་ནུ་ལོ་ཆུང་གི་ཞིབ་འཇུག་སློབ་སྦྱོང་ཚོགས་པ་ཁག40ལྷག་ལ་སྣེ་ལེན་བྱས་ནས་གཞོན་ནུ་ལོ་ཆུང་གི་ཕུགས་བསམ་དང་དད་མོས་སློབ་གསོའི“སློབ་ཚན་གཉིས”བསྐྲུན་ཡོད། 

མཉམ་འདྲེས་གསར་གཏོད་བྱས་ནས་ས་ཁོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་གསར་བརྗེའི་གཡུལ་ས་བསྐྲུན་པ། “གསེར་དངུལ་ཐང་གི་ཞིབ་སློབ་གསེར་བརྗེ་ཆེད་གཏོང་མེ་འཁོར་དུ་བསྐྱོད་པ”གོ་སྐབས་སུ་བཟུང་སྟེ། རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ། སྒར་གཞི་བཅུ་གཉིས་པའི་གནས་ཡུལ་རྙིང་པ་སོགས་ལྟེ་བའི་གཡུལ་ས་དྲུག་སྦྲེལ་མཐུད་མཉམ་སྤྱོད་བྱས་ཏེ།  “མེ་འཁོར་བསླབ་ཚན་དང་ཡུལ་དངོས་ཞིབ་འཇུག་སློབ་སྤྱོད། སྣང་ཚུལ་སློབ་ཁྲིད”ཀྱི་རྣམ་པ་བརྒྱུད་ནས། “ཕྱིར་སྐྱོད་ཐེངས་གཅིག་བྱས་ན་སློབ་གསོ་མང་པོ་ཞིག་མྱངས་ཐུབ་པ”མངོན་འགྱུར་བྱས་ཡོད། 2025ལོའི་ཟླ4པར་ཐོག་མར་མགོ་བརྩམས་པ་ནས་བཟུང་། སློབ་མ1000ལྷག་ལ་སྣེ་ལེན་བྱས་ཏེ། “འགྲོ་བསྐྱོད་རྣམ་པའི་གསར་བརྗེ་སློབ་དེབ”ཀྱི་རྣམ་པ་ཆགས་ནས་སློབ་གསོའི་ཕན་ནུས་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་ཡོད། རྫོང་ནང་ཁུལ་གྱི་རིམ་པ་ཁག་གི་རྩ་འཛུགས་འཚོ་བ་མཉམ་སྤྱོད་གཡུལ་སའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་པ་དང་འབྲེལ་གསོ་སྦྱོང་སློབ་ཚན་སྣ་ཚོགས་ཁྲོད་མཉམ་འདྲེས་བྱས་ནས། གཡུལ་སའི“སྒོ་ཆེན་རྟག་ཏུ་ཕྱེ་བ་དང་ས་གནས་རྒྱུན་སྤྱོད”ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ཆབས་ཅིག་ཉེ་འགྲམ་རྫོང་དང་ཡུལ་ཚོ་དང་“མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་མནའ་འབྲེལ”བཙུགས་ནས། “གཡུལ་ས་མཉམ་སྐྲུན་དང་བྱེད་སྒོ་མཉམ་འབྲེལ། ཐོན་ཁུངས་མཉམ་སྤྱོད”བཅས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། གཡུལ་སའི་གྲངས་ཀའི་ནུས་པ་ཇེ་མགྱོགས་སུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཆེས་ཐོག་མའི“ཏང་ཀྲི་པུའི་རྩ་འཛུགས་འཚོ་བ་མཉམ་སྤྱོད་གཡུལ་སའི”དྲ་ཐོག་འགྲེམས་སྟོན་ཁང་དང་པོ་སྟེ་མདའ་བཞི་རྫོང་གི“དུས་རབས་ཀྱི་དཔེ་བཟང”དྲན་གསོའི་ཁང་བསྐྲུན་ཡོད། དེ་ལས་གཞན་ད་དུང་རྟོག་བཟོའི(VR)དང3Dསོགས་ཀྱི་ལག་རྩལ་སྤྱད་དེ་ཞིབ་ཚགས་ཀྱི་རྣམ་པ་དང་ཡུལ་ལྗོངས་མང་པོའི་རྟོག་བཟོའི་ཉམས་ལེན་མཁོ་འདོན་བྱས་ཏེ། ཏང་ཡོན་རྣམས་སྒོར་མ་བུད་པར་ཏང་གཤིས་སློབ་གསོ་ཉམས་སུ་མྱངས་ཐུབ། རིག་གནས་དང་གནས་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། “ཞིབ་འཇུག་སློབ་སྦྱོང+”གི་ཕན་ནུས་ཆེ་རུ་བཏང་ནས། གསར་བརྗེ་ཞིབ་སློབ་སྤུས་ལེགས་ལམ་ཐིག5དང་གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་ལག་ལེན་བྱེད་སྒོ10དང་། ཏང་གཤིས་སློབ་གསོའི་སློབ་ཚན5བཅས་གསར་སྤེལ་བྱས་ཏེ། གསར་བརྗེ་ལམ་ཐིག་དང་གསར་བརྗེ་རིག་གནས་གསར་གཏོད་སོགས་ཁྱད་ཆོས་ལྡན་པའིIPརིམ་བཞིན་མངོན་པ་དང་། 2024ལོར་ཞིབ་འཇུག་སློབ་སྦྱོང་ཐོན་ལས་ཀྱིས་གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི3500ལ་སྐུལ་ཁྲིད་བྱས་ཏེ། “སློབ་གསོ་གཏིང་ཟབ་པ་དང་གནས་སྐོར་ལ་དྲོད་ཚད་ལྡན་པ། འཕེལ་རྒྱས་ལ་མཐུག་ཚད་ལྡན་པ”བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་མངོན་འགྱུར་བྱུང་ཡོད། 



མཉམ་སྤྱོད།