དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོས་ཞིང་ཕྱུགས་ལས་རིགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ་དར་སྤེལ་གྱི་སྒུལ་ཤུགས་ལ་གསོན་ཤུགས་བསྐྲུན་པ།

2025-08-21 10:16:36   |   98

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་ཁུངས་དང་ས་གནས། ཐོན་ལས་བཅས་ཀྱི་ལེགས་ཆ་གཞིར་བཟུང་ནས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་དངོས་གཉེར་བྱས་ཏེ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ། ཞིང་འབྲོག་ལས་སྐྱེ་ཁམས་སྤུས་ཚད་ལྡན་པ་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཐོན་ལས་འཕེལ་རྒྱས་གཏོང་བའི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

འགན་སྲུང་དམ་འཛིན་དང་རྨང་གཞི་སྲ་བརྟན།  ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་གསར་པ་ལེན་པར་ཤུགས་བསྣན་པ། འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩའི་གནས་ཚུལ་བརྟན་པོ་ཡོང་བ་དང་།  ཞིང་ལས་ཐོན་སྐྱེད་དང་རྨོ་ཞིང་སྲུང་སྐྱོབ། ལག་རྩལ་རྒྱ་ཆེར་སྤེལ་བ་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ།  ཞིང་ལས་ཀྱི་དམིགས་ཚད་གཙོ་བོ་བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བ་དང་བརྟན་བརླིང་ཁྲོད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ལ། འདེབས་འཛུགས་བྱས་པའི་ལེགས་འགྲུབ་གྱི་ཞིང་ལས་ལོ་ཏོག་འདེབས་ཁྱོན་མུའུ4966.83དང་། དེའི་ནང་འབྲུ་རིགས་ལོ་ཏོག་མུའུ420དང་སྣུམ་རྫས་ལོ་ཏོག་མུའུ1840.46གཟན་རྩྭ་སྔོན་པོ་འདེབས་འཛུགས་རྒྱ་ཁྱོན་མུའུ2706.37བཅས་ཡོད་པ་རེད། སྐྱེ་ལྡན་ལུད་ཏུན84སྐྱེལ་འདྲེན་དང་འགྲེམས་སྤེལ་བྱས་པ་ཡོད་པ་དང་།  ཞིང་ལས་འཕྲུལ་འཁོར་དང་ཡོ་བྱད20ལྷག་ཙམ་ཞིབ་བཤེར་བཟོ་བཅོས་བྱས་ཡོད།  ཞིང་ལས་རྒྱུ་ཆ་ཕྱིར་འཚོང་གཉེར་སྐྱོང་ཚོང་ཁང་དང་སྐྱེ་ལྡན་ལུད་ཐོན་སྐྱེད་ཁེ་ལས་ལ་ཞིབ་བཤེར་ཐེངས6བྱས་པ་དང་། སྤུས་ལེགས་ལོ་ཏོག་འདེབས་འཛུགས་བྱས་ཚད90%ཟིན་ཡོད་པ་རེད། དེ་དང་ཆབས་ཅིག《2025ལོའི་ཝ་མགྱོགས་ཡུལ་ཚོའི་ཞིང་སའི་ནུས་པའི་སྲུང་སྐྱོང་ཁ་གསབ་ལག་བསྟར་སྤེལ་བ་སྤྱོད་པ་ཇུས་གཞི》བཟོས་ནས་ཁ་གསབ་རྒྱ་ཁྱོན་མུའུ336.63གཏན་འཁེལ་བྱས་པ་དང་ཁ་གསབ་མ་དངུལ་སྒོར་ཁྲི3.36སྤྲད་ནས་ཞིང་འབྲོག་པའི་རྒྱུན་མཐུད་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

འཕེལ་རྒྱས་དམ་འཛིན་བྱས་ཏེ་ཕྱུགས་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་པ། ཆུ་ཁོལ་སྡེ་བའི་མཐོ་སྒང་རང་བཞིན་གྱི་འབྲོག་ལུག་གསོ་སྤེལ་རྟེན་གཞི་དང་མདའ་བཞི་སྡེ་བའི་གཅིག་བསྡུས་གསོ་སྤེལ་ཚད་ལྡན་ཅན་མཐོར་འདེགས་བསྒྱུར་བཅོས་ཀྱི་འཛུགས་སྐྲུན་ལས་གཞི། ཆུ་ཁོལ་སྡེ་བའི་གཅིག་བསྡུས་གསོ་སྤེལ་ཚད་ལྡན་ཅན་མཐོར་འདེགས་བསྒྱུར་བཅོས་ཀྱི་འཛུགས་སྐྲུན་ལས་གཞི། མཐུ་དཔའ་ནོར་ནག་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་ལ་བརྟེན་ནས་ནོར་ལུག་གི་སྤུས་ཀ་མཐོར་འདེགས་བཏང་ཡོད། ཡུལ་ཚོ་ཡོངས་ཀྱིས་ལོ་ཧྲིལ་བོར་ཕྱུགས་ཟོག་ཁྲི33གསོ་སྤེལ་བྱས་ཡོད་པ་དང་། ནོར་ལུག་གསོ་སྤེལ་ཁྱིམ་ཚང817ཡོད་ཅིང་། དེའི་ཁྲོད་གསོ་སྤེལ་ཁྱིམ་ཚང་ཆེ་གྲས174ཡོད། ལོ་སྟོད་བར་ཡུལ་ཚོ་ཡོངས་ཀྱིས་ནོར་ལུག་ཁྲི5.06ཕྱིར་འཚོང་བྱས་ཤིང་། དེའི་ཁྲོད་ལུག་ཁྲི4དང་ནོར་ནག1.06ཕྱིར་འཚོང་བྱས་པ་དང་བྱ་དགའི་ཁ་གསབ་སྒོར་ཁྲི62.34སྤྲད་ཟིན། སྔོན་དཔག་བྱས་པ་ལྟར་ན་ལོ་ཧྲིལ་བོར་དམིགས་འབེན་ལས་བརྒལ་ཏེ་ཕྱིར་འཚོང་ལས་འགན་ལེགས་འགྲུབ་བྱ་ཐུབ་པའི་དུས་མཚུངས་སུ། རྒྱལ་ཡོངས་ཀྱི་རྩྭ་ཐང་འབྲོག་ལས་ཀྱི་རྣམ་པ་བསྒྱུར་བའི་རིམ་སྤར་ཚོད་ལྟ་ས་ཁུལ་གོ་སྐབས་སུ་བཟུང་སྟེ། སྔོན་ལ་དྲིལ་སྒྲོག་བྱེད་པ་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། གོ་རིམ་ཞིབ་དཔྱད་བྱེད་པ་བཅས་བྱས་ཏེ་ཡུལ་ཚོ་་ཡོངས་ཀྱི་འབྲོག་ཁྱིམ60ཡིས་རང་འགུལ་ངང་རྣམ་གྲངས་སུ་ཞུགས་འདོད་པའི་རེ་ཞུ་ཞུས་ཡོད། འདི་ཡིས་ཝ་མགྱོགས་ཡུལ་ཚོའི་འབྲོག་ལུག་དང་ནོར་ནག་གསོ་སྤེལ་ཐོན་ལས་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཅན་དང་ཕན་འབྲས་མཐོ་བ་ཅན་གྱི་འཕེལ་རྒྱས་འགྲོད་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་འབྲོག་ལས་ཀྱི་རྣམ་པ་སྒྱུར་ཏེ་སྤུས་ཀ་མཐོར་འདེགས་གཏོང་བར་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད།

01.jpg

ཁྱད་ཆོས་དམ་འཛིན་དང་ཟོང་རྟགས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པར་སྐུལ་འདེད་བཏང་བ། འབྲོག་པ་མང་ཚོགས་ཁྲོམ་རའི་ཁོར་ཡུག་དང་ལོབས་པར་ཁྲིད་སྟོན་གང་ལེགས་བྱས་པ་བརྒྱུད། འབྲོག་པ་རྣམས་ལ་དཔལ་འབྱོར་གྱི་རྩིས་དང་སྐྱེ་ཁམས་ཀྱི་རྩིས་རྒྱག་པར་རོགས་རམ་ཡག་པོ་བྱས་ཏེ། ཕྱིར་འཚོང་གི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་རྩྭ་རའི་གནོན་ཤུགས་ཇེ་ཆུང་དུ་བཏང་ཡོད་པ་དང་། འབྲོག་ལུག་དཀར་དཀར་གྱི་ཁྱད་ལྡན་ཟོང་རྟགས་ནུས་ཤུགས་ཡོད་རྒུས་གསར་བསྐྲུན་བྱས་ཏེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྐྱེ་ལྡན་ལུག་ཤ་མཁོ་འདོན་རྟེན་གཞི་ཧུར་ཐག་གིས་བསྐྲུན་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་རིགས་དང་ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ། ཕྱུགས་རིགས་ལག་རྩལ་འོས་འཚམ་གྱིས་ཁྱབ་གདལ་དང་བོད་ལུག་དཀར་དཀར་གྱི་གསོ་སྤེལ་ར་བའི་ཁྱུ་ཚོགས་ཀྱི་གྲངས་འབོར་རྒྱ་ཆེར་བཏང་ཡོད་། གཞན་ཡང་ཚད་གཞི་མཐོ་བའི་གསོ་སྤེལ་དང་འབྲོག་ལུག་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་བྱས་ཏེ“བོད་ལུག་དཀར་དཀར”གྱི་ཟོང་རྟགས་སྔར་ལས་མཚན་སྙན་རྒྱས་པར་འགན་ལེན་བྱས་ཡོད། མིག་སྔའི་བར་ཡུལ་ཚོ་ཡོངས་ལ་བོད་ལུག་དཀར་དཀར་གྱི་ཁྱུ་ཚོགས159དང་བོད་ལུག37251ཡོད་པ་དང་། དེའི་ཁྲོད་མོ་ལུག35601དང་ཁྲོམ་ལུག1650ཡོད།  དེ་དང་ཆབས་ཅིག་ཕྱུགས་རིགས་ཇེ་ཉུང་དུ་འགྲོ་བ་དང་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་དཀའ་ངལ་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་“ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས”ཀྱི་གོང་འཕེལ་ཐབས་ལམ་བསྐྲུན་ཏེ། ཆུ་ཁོལ་སྡེ་བ་ཚོད་ལྟ་ཁུལ་དུ་བདམས་ཏེ་གསར་གཏོད་ལྡན་པའི་སྒོ་ནས་རྩྭ་ཐང་ཚབ་གཉེར་ཞབས་ཞུའི་རྣམ་པ་ཁྱབ་སྤེལ་བཏང་སྟེ། “གཅིག་གྱུར་དོ་དམ་དང་གཞི་རྒྱ་ལྡན་པའི་གཉེར་སྐྱོང”གི་ཁྲོམ་ར་ཅན་གྱི་ལམ་སྲོལ་བརྒྱུད་ནས། སྲོལ་རྒྱུན་འབྲོག་ལས་དེ་ལེགས་བསྡུས་ཅན་དང་དང་གཞི་ཁྱོན་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲོག་ལུག་ཐོན་ཁུངས་རྒྱུན་མཐུད་འཕེལ་རྒྱས་གཏོང་ཐུབ་པའི་རྨང་གཞིའི་སྟེང་།  ཁྱད་ལྡན་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་བཏང་ནས་ཕྱོགས་གཅིག་ནས་སྐྱེ་ཁམས་དམ་འཛིན་དང་ཕྱོགས་གཅིག་ནས་ཐོན་ལས་དམ་འཛིན་བྱས་ཏེ། ཁྱད་ལྡན་ཟོང་རྟགས་བསྐྲུན་ཏེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།   

གོམ་པ་རྗེས་མར། ཝ་མགྱོགས་ཡུལ་ཚོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་དང་ཐོན་ལས་དར་རྒྱས་གཏོང་བའི་དམིགས་ཚད་གཏན་འཁེལ་བྱས་ཏེ། ད་ཡོད་འཕེལ་རྒྱས་ཀྱི་གྲུབ་འབྲས་རྨང་རྡོ་བྱས་ཏེ་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཟོང་རྟགས་གསོ་སྐྱོང་དང་ཁྲོམ་ར་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། དེ་མིན་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཏེ་ནང་གནས་ཀྱི་སྒུལ་ཤུགས་བསྐྲུན་ཏེ་ཞིང་འབྲོག་ལས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་ཡོང་བ་དང་། ཐོན་ལས་ཀྱི་ཁྱད་ཆོས་སྔར་ལས་གསལ་བ། མང་ཚོགས་ཀྱི་ཡོང་འབབ་སྔར་ལས་བརྟན་པོ་ཡོང་བ་བཅས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རྒྱུན་ཆད་མེད་པར་གསོན་ཤུགས་བསྣན་ནས། ཝ་མགྱོགས་ཡུལ་ཚོའི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་སྒོས་འབྲི་དགོས།



མཉམ་སྤྱོད།