དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་རྟེན་མཛོད་ཁང་གི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ།

2025-09-04 11:21:17   |   148

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་དུས་རབས་དཔེ་སྟོན་དྲན་གསོ་ཁང་དང་མདའ་བཞི་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ཉམས་ལེན་ཁང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སོགས་རྟེན་མཛོད་ཁང་སྐོར་ཞིག་གཅིག་གྱུར་སྒོས་མདའ་བཞི་རྫོང་གི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་ལག་ལེན་ལྟེ་གནས་ལ་དོ་དམ་དང་གཉེར་སྐྱོང་བྱ་རྒྱུར་རྩིས་སྤྲོད་བྱས་པ་དང་། མཐུན་སྦྱོར་ཕན་ནུས་དང་སྤུས་རྟགས་ཕན་ནུས། གཞི་ཁྱོན་ཕན་ནུས་ཆགས་པའི་རྣམ་པ་བསྐྲུན་ཡོད་ལ།  འགྲེམས་སྟོན་དང་སློབ་གསོ། ཞིབ་འཇུག གནས་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་མཛོད་ཁང་སྐོར་ཞིག་བསྐྲུན་ཡོད།   

དེ་དང་ཆབས་ཅིག་མདའ་བཞི་རྫོང་གིས་ཁོངས་གཏོགས་རྟེན་མཛོད་ཁང་སྟེ་མ་རྡུལ་མཁར་དྲན་གསོ་ཁང་དང་། མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་ངམ་མཚོ་སྔོན་པོ་རྟེན་མཛོད་ཁང་སོགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཕུགས་འདུན་དད་མོས་བསྐྲུན་ས་དང་མི་རིགས་མཐུན་སྒྲིལ། རིག་གནས་རྒྱུན་འཛིན་བཅས་ཀྱི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

དུས་རབས་དཔེ་སྟོན་དྲན་གསོ་ཁང་ནི་མི་སྣའི་ཆེད་དོན་རིགས་ཀྱི་ས་གནས་རྟེན་རྫས་ཁང་ཞིག་ཡིན་པའི་ཐད་ནས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་སྐལ་བཟང་དང་གཞི་རིམ་ལས་བྱེད་པ་བློ་མཐུན་ལེན་ཧྥུ་ཀྲང་གཉིས་ཀྱི་མི་ཚེའི་མཛད་རྗེས་གཙོ་བོར་བཟུང་སྟེ་བསྐྲུན་པ་ཞིག་ཡིན། སྒོ་འབྱེད་བྱས་པའི་ཚུན་ལ་ལྟ་སྐོར་བ་ཐེངས800ལྷག་ལ་སྣེ་ལེན་བྱས་པ་དང་སློབ་མ་མི་ཐེངས་ཁྲི3.5ལྷག་བརྒལ་བར་སློབ་གསོའི་སྦྱོང་བརྡར་སྤྲད་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་སྲིད་གཙང་སློབ་གསོའི་རྟེན་གཞིར་བདམས་ཡོད།

དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས“ལྟེ་གནས་དང་མནའ་འབྲེལ། ལས་སྟེགས་དང་སྡེ་ཚན”བཅས་ཀྱི་རིམ་པ་བཞིའི་རྩ་འཛུགས་སྒྲོམ་གཞི་བཙུགས་ནས་དང་བླངས་ཞབས་ཞུའི་དཔུང་ཁག130དང་བླངས་པ3000ལྷག་ཙམ་རྩ་འཛུགས་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་དང་རྒན་པར་རོགས་སྐྱོབ། སྲིད་ཇུས་སྒྲོག་སྤེལ་སོགས་ཀྱི་བྱེད་སྒོ་ཐེངས2000ཙམ་སྤེལ་བས། ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱབ་སྤེལ་བྱེད་པའི་ལྟེ་བའི་གཡུལ་ས་ཞིག་ཏུ་གྱུར་ཡོད། 

“རི་བོ་གཉིས་ཀྱི་རིགས་པའི་གཞུང་ལུགས”ཀྱི་སློབ་གསོ་ལག་ལེན་རྟེན་གཞི་ནི“སྐྱེ་ཁམས་ཐང་ག”ལྟེ་བར་བྱས་པའི་འགྲེམས་སྟོན་རྣམ་པ་ཞིག་ཡིན་ཞིང་། དེ་ཡིས་མདའ་བཞི་བྱེ་ཐང་ཅན་ལ་འགྱུར་ཉེན་གྱི་དཀའ་ངལ་ནས“གསེར་དངུལ་ཐང་ལྗང་མདོག་གིས་བསྒྱུར་བའི”སྐྱེ་ཁམས་སླར་གསོའི་གཟི་འོད་བསྐྲུན་ཏེ། གསར་བརྗེ་གཞི་རྒྱུ་དང་ལྗང་མདོག་ལག་ལེན་གཉིས་ཐབས་ཤེས་ཟུང་འབྲེལ་སྒོས་མཉམ་འདྲེས་བྱས་ཏེ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་ཀྱི་ཚན་རིག་གི་ནང་དོན་དང་ལག་ལེན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཡོད། རྟེན་གཞིས“མདེལ་གཉིས་སྐར་གཅིག”གི་བློས་གཏོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་གི་ཐོག་མའི་བསམ་འདུན་རྒྱུན་འཛིན་བྱེད་པའི་དྲན་གསོའི་གནས་ཤིག་ཡིན་ལ། མི་རབས་དུ་མས་བྱེ་འགོག་དང་སྐྱེ་ཁམས་སླར་གསོ་བྱས་པ་བརྒྱུད་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་འགོག་རགས་བརྟན་པོ་བསྐྲུན་པའི་འགྲེམས་སྟོན་བྱ་ཡུལ་ཞིག་ཀྱང་ཡིན།  མིག་སྔར་རྟེན་གཞི་འགྲེམས་སྟོན་བྱེད་པའི་དུས་ལ་སླེབས་ཡོད་ཅིང་། ཟླ10པའི་ཟླ་མགོར་དངོས་སུ་སྒོ་འབྱེད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་ལེགས་འགྲུབ་བྱས་རྗེས་སྐྱེ་ཁམས་འདུ་ཤེས་ཁྱབ་སྤེལ་གཏོང་བའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་འགྱུར་ངེས། 

ནུབ་མཚོ་ཅུན་རྟེན་མཛོད་ཁང་ནི་མདའ་བཞིའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་གྱི་ལྟེ་བ་ཡིན་ལ། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་གཙོ་གནད་སྡེ་ཚན་དང་ནུབ་མཚོ་ཅུན་གནའ་མཁར་རྗེས་ཤུལ་ལ་བརྟེན་ནས“གནའ་རྫས་རྟོག་ཞིབ་རྗེས་ཤུལ་དང་རྟེན་མཛོད་ཁང”མཉམ་འགུལ་བྱེད་སྟངས་སྤྱད་ཡོད། འཛུགས་སྐྲུན་གྱི་ཕྱི་ཚུལ་ནི་ཧན་རྒྱལ་རབས་ཀྱི་མཁར་གྱང་གི་རྣམ་པ་དང་མཐུན་ཞིང་། ནང་ཁུལ་དུ“ཧན་སྲོལ་ནུབ་མཚོ·མཐའ་མཚམས་གྲོང་རྡལ”ཞེས་པའི་བརྗོད་བྱ་གཙོ་བོར་བྱས་ཏེ། མདའ་བཞིའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་དང་ནུབ་མཚོ་ཅུན་གྱི་ཆེད་དོན་འགྲེམས་སྟོན། སྤུས་ལེགས་རིག་དངོས་འགྲེམས་སྟོན་བཅས་འགྲེམས་སྟོན་ཁང་ཆེན་པོ་གསུམ་བཙུགས་ཡོད། རྟེན་མཛོད་ཁང་གི་ནང་སྤོ་སྒུལ་ཉར་ཚགས་བྱས་པའི་རིག་དངོས278ཡོད་པའི་ཁྲོད་རིམ་པ་དང་པོའི་རིག་དངོས2དང་། རིམ་པ་གཉིས་པའི་རིག་དངོས7རིམ་པ་གསུམ་པའི་རིག་དངོས29བཅས་ཡོད། རིག་དངོས1157ལྷག་ཙམ་དང་དེ་བཞིན3Dའཕྲོ་གྲིབ་དང་གྲངས་འཛིན་མཉམ་འགུལ་ལག་རྩལ་བརྒྱུད་ནུབ་མཚོ་ཅུན་གྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོ་གསལ་བོར་མངོན་ཡོད་པ་དང་། 2025ལོའི་ཟླ7པར་སྒོ་འབྱེད་བྱས་པ་ནས་བཟུང་གནས་སྐོར་བ་མི་ཐེངས2569སྣེ་ལེན་བྱས་ཡོད། 

ནུབ་མཚོའི་བྱུང་བརྗོད་རིང་མོ·མདའ་བཞི་རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ཉམས་ལེན་ཁང་ནི་ཁུལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་མི་རིགས་མཐུན་སྒྲིལ་བརྗོད་དོན་དུ་བཟུང་བའི་འགྲེམས་སྟོན་ཁང་ཞིག་ཡིན་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་སྟོང་སྨི་གྲུ་བཞི2683ཡོད་པ་དང་འགྲེམས་ཁུལ6ལ་དབྱེ་ཡོད། VRལྗོངས་ཡོངས་ལག་རྩལ་ནང་འདྲེན་བྱས་ནས“སྤྲིན་འགྲེམས་ཁང”བསྐྲུན་ཡོད་པ་དང་། དྲ་ཐོག་ནས་བལྟ་ཚད་ཁྲི123.9སླེབས་ཡོད་པ་དང་། བསྡོམས་རྩིས་བྱས་ན་མི་ཐེངས་ཁྲི4.3ལྷག་ལ་སྣེ་ལེན་བྱས་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་འགྲེམས་སྟོན་ཁང་གི་འགྲེམས་སྟོན་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི400ཡོད་པ་དང་། རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་འགྲེམས་སྟོན་ངོ་སྤྲོད་བྱེད་བཞིན་ཡོད། ལྟ་སྐོར་ཞིབ་འཇུག་སློབ་སྦྱོང་ཐེངས89སྤེལ་བ་དང་མི་སྣ4100ལྷག་ལ་ཁྱབ་ཡོད། བརྗོད་དོན་གཏམ་བཤད་དང་ཁུལ་རིམ་པས་ཕན་ཚན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ནས། གཟུགས་མེད་ཤུལ་བཞག་རིག་གནས་དང་རིག་དངོས་ཐོན་ཁུངས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད། 



མཉམ་སྤྱོད།