དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་དགེ་རྒན601མདའ་བཞི་རྫོང་དུ་ཡོང་ནས་གསར་བརྗེ་ཞིབ་སློབ་བྱེད་སྒོར་ཞུགས་པ།

2025-09-09 17:26:15   |   50

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9ཚེས6ཉིན་ཏེ། དགེ་རྒན་དུས་ཆེན41པ་སླེབས་ལ་ཉེ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་སྤེལ་བའི་གསར་བརྗེ་རིག་གནས་ལག་ལེན་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ཞིབ་སློབ་ཆེད་གཏོང་མེ་འཁོར་ཟི་ལིང་ནས་ལམ་ལ་ཆས་ཤིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་སླེབས་པའི་དགེ་རྒན601ཆེད་གཏོང་མེ་འཁོར་ལ་བསྡད་ནས་མདའ་བཞི་རྫོང་དུ་ཡོང་སྟེ་མ་རྡུལ་མཁར་དྲན་གསོ་ཁང་དང་དུས་རབས་དཔེ་མཚོན་དྲན་གསོ་ཁང་། མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་སོགས་གསར་བརྗེ་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས།    

མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཁྲུན་ཝང་གིས་ཐེངས་འདིའི་ཆེད་གཏོང་མེ་འཁོར་ནི་དུས་དང་བར་སྟོང་བརྒལ་བའི་གསར་བརྗེ་སློབ་ཁྲིད་ཞིག་ཡིན་པ་མ་ཟད་ནང་སེམས་ལ་ཞབས་ཁྲུས་བྱེད་ཐེངས་ཤིག་ཀྱང་རེད་ཅེས་གསུངས། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་འགྲུལ་བཞུད་ཁྲོད་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་དུས་རབས་རིན་ཐང་ཤེས་རྟོགས་གཏིང་ཟབ་བྱས་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་སེམས་འདུན་བརྟན་པོ་དང་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུར་རེ་སྐུལ་གནང་། དེའི་རྗེས་གུང་ཧོ་རྫོང་སློབ་གསོ་ཅུའི་འཐུས་མིས་དགེ་རྒན་གྱི་འཐུས་མི་ལ་དར་ཆ་སྤྲད་པ་དང་ལྷན་ཅིག ཐེངས་འདིའི་གསར་བརྗེ་ཞིབ་སློབ་ཀྱི་ཆེད་གཏོང་མེ་འཁོར་དངོས་སུ་ལམ་ལ་ཆས།      

མདའ་བཞི་རྫོང་ནི་མཚོ་སྔོན་པོའི་བྱང་ངོགས་སུ་ཆགས་ཡོད་པ་དང་གསར་བརྗེ་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཡོད་པས“མདེལ་གཉིས་ཀྱི་ཕ་ས”ཞེས་སྐད་གྲགས་ཤིན་ཏུ་ཆེ་ལ། རླབས་ཆེན་གྱི“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི་འབྱུང་གནས་ཡིན། ཉེ་བའི་ལོ་འགའི་རིང་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསར་བརྗེ་ཐོན་ཁུངས་རྒྱུན་མཐུད་ངང་སྔོག་འདོན་བྱས་པ་དང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མ་རྡུལ་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོའི་གསར་བརྗེ་ཞིབ་སློབ་རྟེན་གཞི་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལ་བརྟེན་ནས་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་པའི་ལག་ལེན་རྟེན་གཞི་ཁག་ཅིག་བསྐྲུན་ཡོད་པ་དང་། ད་ལྟའི་ཆར་ཁྱད་ཆོས་མངོན་གསལ་དོད་པའི་གསར་བརྗེ་ཞིབ་སློབ་ཟོང་རྟགས་ཆགས་ཡོད་ཅིང་། བརྗོད་དོན་སློབ་གསོ་སྤེལ་རྒྱུར་སྤུས་ལེགས་ཀྱི་གར་སྟེགས་མཁོ་འདོན་བྱས་ཡོད།     

ཞིབ་སློབ་ལམ་བར་དུ་ཆེད་གཏོང་མེ་འཁོར་གྱི་འཁོར་སྒམ་ནང་དུ་ཕུན་སུམ་ཚོགས་ཤིང་སྣ་མང་བའི་ཤུལ་བཞག་རིག་གནས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པས་ཡུལ་དངོས་ནས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་ངོམ་པ་དང་། དགེ་རྒན་རྣམ་པའང་མཉམ་འགུལ་ནང་ཞུགས་པས་འཁོར་སྒམ་ནང་དུ་བསམ་བློ་བརྗེ་རེས་ཀྱི་ཉམས་དགའ་བའི་རྣམ་པས་ཁེངས་ཡོད། དགེ་རྒན་ཀྲའོ་ཝུན་ཞིན་གྱིས“ཐེངས་འདིའི་ཞིབ་སློབ་ནི་རང་ཉིད་ཀྱི་བསམ་བློ་ཡར་ཐོན་བྱེད་པའི་གོ་སྐབས་ལེགས་པོ་ཞིག་རེད། འཁོར་སྒམ་ནང་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་འོད་ཉམས་སུ་མྱངས་ཐུབ་པ་མ་ཟད། ཡུལ་དངོས་བརྒྱུད་ནས་གསར་བརྗེ་སློབ་གསོའི་རྟེན་གཞིར་སོང་ནས་བསམ་གཞིགས་དང་ཚོར་སྣང་བཙལ་ན་ཆོག་ཅིང་། ཕྱིར་སོང་ནས་གསར་བརྗེའི་སྙིང་སྟོབས་དེ་སློབ་ཁྲིད་ཁྲོད་བཞག་ནས་སློབ་མའི་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་བར་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད།    

ཐེངས་འདིའི་གསར་བརྗེ་ཞིབ་སློབ་བྱེད་སྒོ་ནི་མདའ་བཞི་རྫོང་གིས་གསར་བརྗེ་སློབ་གསོའི་རྣམ་པ་གསར་སྐྲུན་བྱས་པའི་ལག་ལེན་གལ་ཆེན་ཞིག་ཡིན་པ་དང་། འགྲིམ་འགྲུལ+རིག་གནས་གནས་སྐོར+ཞིབ་འཇུག་སློབ་སྦྱོང་བཅས་གཏིང་ཟབ་ངང་མཉམ་འདྲེས་ཡོང་བར་བྱས་ཏེ། གཟབ་ནན་དང་ཞིབ་ཚགས། མཉམ་འགུལ་རང་བཞིན་གྱི་སློབ་གསོའི་ལག་ལེན་གསར་པ་ཞིག་གསར་བཏོད་བྱས་པ་ཞིག་ཀྱང་ཡིན། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་སློབ་ཁྲིད་དང་མི་སྣ་གསོ་སྐྱོང་གི་དོན་དངོས་དངོས་ཡོད་ལག་ལེན་དུ་བསྒྱུར་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པར་བསམ་པའི་སྒུལ་ཤུགས་ཆེན་པོ་བསྐྲུན་པར་ཁྲིད་སྟོན་བྱས་ཡོད།



མཉམ་སྤྱོད།