དེ་རིང་ནི2025ལོའི་ཟླ09པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་དང་སྲ་བརྟན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ།

2025-09-16 16:27:00   |   139

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་ལས་ཤེས་གསལ་ལྟར་ན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་རྩ་འཛུགས་དང་མགོ་ཁྲིད། གསར་གཏོད་བྱེད་ཐབས་ཀྱི་ཐབས་ཤེས་སོགས་ལ་ཤུགས་བརྒྱབ་སྟེ། ཞིང་བའི་གླ་ཕོགས་གཏོང་སྤྲོད་དང་བྱ་བའི་ལས་འགན་ཁག་དོན་འཁྱོལ་བྱས་པ་དང་། ཞིང་བའི་གླ་ཕོགས་ཆད་འགྱངས་དང་འཕྲི་གཅོག་གི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། གླ་ཕོགས་ཆད་འགྱངས་ཀྱི་བཅོས་སྐྱོང་བྱ་བར་གྲུབ་འབྲས་གསར་བ་བླངས་ཡོད།

མདའ་བཞི་རྫོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ནས་འགུལ་རྣམ་གཙང་སེལ་དམིགས་འབེན་དུ་བཟུང་སྟེ། འགན་ནུས་སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས་ཞིང་བའི་གླ་ཕོགས་གཏོང་སྤྲོད་དམིགས་ཚན་སྲུང་སྐྱོབ་བཅོས་སྐྱོང་བྱས། རྒྱུན་ལྡན་གྱི་ལྟ་སྐུལ་དང་སྐོར་ཞིབ་བརྒྱུད་ནས་ཞུ་སྦྱོར་དང་ཞུ་གཏུག་ཆེད་དོན་ཞིབ་བཤེར། གྱོད་གཞི་གལ་ཆེན་ལ་ལྟ་སྐུལ་བྱེད་པ། སྟེགས་བུའི་ཁུངས་སྣེ་ཞིབ་བཤེར་སོགས་ཁྲིམས་བསྟར་བྱེད་སྒོ་སྤེལ་བ་བརྒྱུད་ནས། ཞིབ་བཤེར་བྱས་པའི་གནད་དོན་གྱི་བྱུར་རྐྱེན་ལ་གསལ་ཁྲ་བཙུགས་ནས་གླ་ཕོགས་གཏོང་སྤྲོད་ཚད་ལྡན་ཅན་དུ་འགྱུར་བའི་དོ་དམ་ཆུ་ཚད་མཐོར་འདེགས་བཏང་ཡོད། ཟླ་དང་པོ་ནས་ཟླ་བརྒྱད་པའི་བར། བསྡོམས་པས་ཚན་པ54ལ་ཞིབ་བཤེར་བྱས་ཏེ་རིམ་རྩིས་བྱས་ན་ངལ་རྩོལ་པ1000ལྷག་གི་ཁྲིམས་མཐུན་འགན་དབང་ལ་འགན་ལེན་བྱས་ཤིང་། ངལ་རྩོལ་གན་རྒྱ180ལྷག་ཙམ་འཇོག་རྒྱུར་སྐུལ་འདེད་བཏང་བ་དང་། ལས་བཟོ་སྡེ་ཁག་གིས་དུས་ཐོག་ཏུ་ངལ་རྩོལ་བཟོ་བཀོལ་ཞུ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་། 

   མདའ་བཞི་རྫོང་གིས་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ངལ་རྩོལ་ལས་བཀོལ་དོ་དམ་སྔར་བས་ཚད་ལྡན་དུ་བཏང་སྟེ། ལམ་ལུགས་ཀྱི་ཚོད་འཛིན་བརྟན་པོར་ཤུགས་བསྣན་ནས་ཞིང་བའི་གླ་ཕོགས་འབབ་དངུལ་འགན་ལེན་སོགས་ཞིབ་ཕྲའི་ལམ་ལུགས་བཞི་དོན་འཁྱོལ་བྱས་ཡོད་པ་དང་། ལས་བཟོ་དོ་དམ་ཚད་ལྡན་ནན་མོ་དང་ལམ་ལུགས་དོན་འཁྱོལ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ། གསལ་ཐོའི་རྒྱུ་ཆ་འཐུས་ཚང་དང་ཆ་ཚང་བ། གྱོད་གཞི་ཞིབ་བཤེར་ཐག་གཅོད་དུས་ཐོག་དང་ནུས་ལྡན། སྔོན་ཟོན་ཐག་གཅོད་མགྱོགས་མྱུར་དང་ནུས་མཐོའི་སྒོ་ནས་རྫོང་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ངལ་རྩོལ་ལས་བཀོལ་དོ་དམ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ་ཞིང་བའི་གླ་ཕོགས་གཏོང་སྤྲོད་ལྟ་སྐུལ་སྔོན་ཟོན་སྟེགས་བུའི་དོ་དམ་ལ་ཤུགས་བསྣན་ནས། ཆེད་གཉེར་མི་སྣས་དུས་ལྟར་ལྟ་སྐུལ་སྔོན་ཟོན་གྱི་ཆ་འཕྲིན་བདག་གཅུན་བྱས་ཏེ། གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐག་གཅོད་བྱེད་པར་ཁག་ཐེག་དང་། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་གྲུབ་འབྲས་ཐོབ་ཚོར་སྔར་བས་ཆེ་རུ་བཏང་ཡོད།

མདའ་བཞི་རྫོང་གིས་མང་ཚོགས་ཉེ་འགྲམ་ཀྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། སྲིད་གཞུང་གི་རྒྱལ་དབང་ཁེ་ལས་རྣམ་གྲངས་ཀྱི་ཞིང་བའི་གླ་ཕོགས་ཆད་འགྱངས་བྱེད་པའི་གནད་དོན་མུ་མཐུད་དུ་ལེགས་བཅས་བྱས་ཡོད་ལ། ཞུ་གཏུག་རྒྱུ་ལམ་རྒྱ་བསྐྱེད་དེ་གླ་ཕོགས་ཆད་འགྱངས་ཞུ་སྦྱོར་དང་ཞུ་གཏུག་བྱེད་པའི་གྱོད་གཞི་སྣ་ཚོགས་དུས་ཐོག་ཏུ་བདག་སྤྲོད་བྱས་ཏེ། མང་ཚོགས་ཀྱི་ཞུ་གཏུག་ཁ་པར་སྣེ་ལེན་དང་ངོ་བཅར་སུན་སྣང་མེད་པའི་སྒོ་ནས་སྣེ་ལེན་བྱས་ནས། མགྱོགས་སྒྲུབ་དང་མགྱོགས་སྒྲིལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་བརྒྱུད། ཕན་ནུས་ཆེ་བའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།



མཉམ་སྤྱོད།