དེ་རིང་ནི2025ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་རིག་གནས་ལོ་རྒྱུས་སྲང་ཁུལ་གཉིས་ཀྱི་སྲུང་སྐྱོབ་འཆར་འགོད་ལ་ཞིང་ཆེན་སྲིད་གཞུང་གིས་མཆན་ལན་བཏབ་པ།

2025-09-17 16:04:26   |   134

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


893632837e1b11b09e10c139e890da45.jpg

ཟླ9པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བཀའ་མཆན་ཁྱབ་བསྒྲགས་བྱས་པ་ལྟར་ན། 《མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མ་རྡུལ་ལམ་གྱི་ལོ་རྒྱུས་རིག་གནས་སྲང་ཁུལ་སྲུང་སྐྱོང་འཆར་གཞི(2024ལོ་ནས2035ལོ་བར)》དང《མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ནུབ་མཚོ་ཁྲོམ་གཞུང་ཆེན་མོའི་ལོ་རྒྱུས་རིག་གནས་སྲང་ཁུལ་སྲུང་སྐྱོང་འཆར་གཞིར(2024ལོ་ནས2035ལོ་བར)》(གཤམ་དུ《སྲུང་སྐྱོང་འཆར་གཞི》ཞེས་བརྗོད་རྒྱུ་ཡིན)མོས་མཐུན་བྱུང་ཡོད།     

མཆན་ལན་གྱིས《སྲུང་སྐྱོང་འཆར་འགོད》ནང་གཏན་འཁེལ་བྱས་པའི་ལོ་རྒྱུས་རིག་གནས་ཀྱི་སྲང་ཁུལ་སྲུང་སྐྱོང་གི་རིམ་པ་དང་ཁྱབ་ཁོངས་ལ་མོས་མཐུན་བྱས་ཡོད་དེ། མ་རྡུལ་ལམ་གྱི་ལོ་རྒྱུས་རིག་གནས་སྲང་ཁུལ་ཀྱི་ལྟེ་བའི་སྲུང་སྐྱོང་ཁྱབ་ཁོངས་རྒྱ་ཁྱོན་སྤྱི་ཆིང11.24དང་། ཚོད་འཛིན་ཁུལ་གྱི་ཁྱབ་ཁོངས་འཛུགས་སྐྲུན་བྱེད་པའི་རྒྱ་ཁྱོན་སྤྱི་ཆིང20.16དང་། སྒྲིག་བཀོད་མཐུན་སྦྱོར་ཁུལ་གྱི་ཁྱབ་ཁོངས་རྒྱ་ཁྱོན་སྤྱི་ཆིང27.33དང་། ནུབ་མཚོ་ཁྲོམ་གཞུང་གི་ལོ་རྒྱུས་རིག་གནས་སྲང་ཁུལ་ཀྱི་ལྟེ་བའི་སྲུང་སྐྱོང་ཁྱབ་ཁོངས་རྒྱ་ཁྱོན་སྤྱི་ཆིང9.34དང་། ཚོད་འཛིན་ཁུལ་གྱི་ཁྱབ་ཁོངས་འཛུགས་སྐྲུན་བྱེད་པའི་རྒྱ་ཁྱོན་སྤྱི་ཆིང19.34དང་། སྒྲིག་བཀོད་མཐུན་སྦྱོར་ཁུལ་གྱི་ཁྱབ་ཁོངས་རྒྱ་ཁྱོན་སྤྱི་ཆིང14.54་བཅས་ཡིན།     

མ་རྡུལ་ལམ་དང་ནུབ་མཚོ་ཁྲོམ་གཞུང་གི་ལོ་རྒྱུས་རིག་གནས་སྲང་ཁུལ་གཉིས་ནི་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་གནས་ཤིང་། དེ་ནི་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་འཇུག་དང་གསར་བཟོ་རྟེན་གཞི་ཡིན་པས། ཆེས་དམིགས་བསལ་གྱི་གསར་བརྗེ་རིག་གནས་ཐོན་ཁུངས་དང་“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་སའི་གནས་ཡུལ་ཡིན་པ་དང་། “ཀྲུང་གོའི་མ་རྡུལ་མཁར”ཞེས་པའི་ཆོ་ལོ་བསྩལ་ཡོད་ཅིང་། སྲང་ཁུལ་འཆར་འགོད་ཁྱབ་ཁོངས་ནང་དུ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ12ཡོད་ཅིང་། དེ་དག་ནི་རྒྱལ་ཡོངས་མི་དམངས་ལ་དབང་བའི་བསམ་པའི་རྒྱུ་ནོར་ཆེན་པོ་ཞིག་ཡིན།     

རྗེས་མར། མདའ་བཞི་རྫོང་གིས་མཆན་ལན་གྱི་བླང་བྱ་གཞིར་བཟུང་སྟེ། ལོ་རྒྱུས་རིག་གནས་ཀྱི་སྲང་ཁུལ་དང་དེ་བཞིན་སྲང་ཁུལ་ནང་གི་ལོ་རྒྱུས་འཛུགས་སྐྲུན་ལ་སྒོ་བྱང་འགེལ་བ་དང་མཇལ་འབྲི་ཚགས་སྒྲིག་བྱེད་པ། སྲུང་སྐྱོང་བེད་སྤྱོད་བཅས་ཀྱི་བྱ་བ་སྔར་བས་ལེགས་པར་བསྒྲུབ་པ་བརྒྱུད། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱས་ཏེ། ཐུན་མོང་མ་ཡིན་པའི་གསར་བརྗེ་རིག་གནས་ཐོན་ཁུངས་འདོན་སྤེལ་གང་ལེགས་དང་། ཉམས་མྱོང་བརྒྱུད་སྒྲོག་དང་རྒྱ་ཆེར་སྤེལ་ཐུབ་པའི་རྣམ་པ་ཆགས་སུ་བཅུག་སྟེ། མདའ་བཞི་རྫོང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་དཔེ་མཚོན་དང་གྲོང་ཁྱེར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་མིང་བྱང་གསར་པ་ཞིག་བསྐྲུན་ཐུབ་པར་གདོན་མི་ཟ།     



མཉམ་སྤྱོད།