དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་གསར་བརྗེ་གནས་སྐོར་ཐོན་ཁུངས་སྔོག་འདོན་བྱས་ཏེ་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པར་བསྐྱོད་མགོ་བརྩམས་པ།

2025-09-25 09:23:40   |   130

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་བཞི་རྫོང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འབྱུང་གནས་ཡིན་པའི་ཐད་ནས། ཐུན་མོང་མ་ཡིན་པའི་གསར་བརྗེ་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། གསར་བརྗེ་ཐོན་ཁུངས་དེ་དག་ལས221རྟེན་གཞི་ཡི་བཟོ་གྲྭ་ཁུལ18ལ་སོ་སོའི་ཁྱད་ཆོས་མངོན་པར་ལྡན་ལ། གནས་ཤུལ་རྙིང་བ་དེ་དག་གིས་སྐབས་དེའི་དཀའ་སྡུག་དང་རླབས་ཆེན་གྱི་ལོ་རྒྱུས་གསལ་བོར་མཚོན་ཐུབ་ལ། མཚོ་སྔོན་པོའི་འགྲམ་དུ་གནས་པའི་འཕུར་མདའ་རྐྱང་བཀོལ་མཁའ་དམག་སྒར་གཞི་བཅུ་གཉིས་པའི་ཤུལ་རྙིང་དེ་ཡང་རྒྱལ་སྲུང་སློབ་གསོ་དང་གསར་བརྗེ་སློབ་གསོ་ཞིབ་སློབ་བྱེད་སའི་གནས་ཡུལ་གལ་ཆེན་ཞིག་ཡིན།   

གསར་བརྗེ་ཞིབ་སློབ་ཀྱི་མ་ལག་བཙུགས་པ། མཚོ་སྔོན་མ་རྡུལ་མཁར་དྲན་གསོ་ཁང་དང221རྟེན་གཞི་གནས་ཡུལ་རྙིང་པ་སོགས་གསར་བརྗེ་གནས་རྙིང་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། “རི་བོ་གཉིས”ཀྱི་ལག་ལེན་སློབ་གསོའི་རྟེན་གཞི་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ཉམས་ལེན་ཁང་སོགས་སློབ་ཁྲིད་དང་ཞིབ་སློབ་ས་ཚིགས་བཙུགས་ཡོད་པར་མ་ཟད། ད་དུང་རྫོང་ཁོངས་ཀྱི་རང་ས་གནས་ཀྱི་སློབ་གསོའི་གཡུལ་ས29ཞིབ་སློབ་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་ཀྱི་ཁྲོད་དུ་བཞག་སྟེ། “ས་ཁུལ་གཅིག་དང་གནས་ཡུལ་གཉིས། རྟེན་མཛོད་ཁང་གསུམ། དེང་རབས་ཅན་བཞི་དང་ས་ཚིགས་མང་པའི”གསར་བརྗེ་ཞིབ་སློབ་མ་ལག་བཙུགས་ཡོད།   

ཞིབ་འཇུག་དང་སློབ་སྦྱོང་གི་རྣམ་པ་གསར་སྐྲུན་བྱས་པ། “གསར་བརྗེ་ཞིབ་སློབ་དང་ལྗང་མདོག་སྐྱེ་ཁམས།” “གསར་བརྗེ་ཞིབ་སློབ་དང་མི་རིགས་མཐུན་སྒྲིལ”སོགས་མཉམ་འདུས་རྣམ་པའི་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་སྣ་ཚོགས་གསར་དུ་བཏོན་ནས། ཞིབ་འཇུག་སློབ་སྦྱོང་སྒར་སའི་འཛུགས་སྐྲུན་ལ་བརྟེན་ནས“གསར་བརྗེ་སློབ་གསོ་དང་འཚོ་བའི་ཉམས་ལེན”གྱི་ཞིབ་འཇུག་སློབ་སྦྱོང་འགྲུལ་སྐྱོད་དང་། གསར་བརྗེ་འགྲུལ་བཞུད་དང་སྐྱེ་ཁམས་འགྲུལ་བཞུད། ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་འགྲུལ་བཞུད་སོགས་གཙོ་ཐིག་ཡིན་པའི་གཞོན་ནུ་ལོ་ཆུང་གི་ཞིབ་སློབ་སྤུས་ལེགས་ལྟ་སྐོར་སློབ་ཚན་གྱི་ལམ་ཐིག་རིམ་བཞིན་ཆགས་བཞིན་ཡོད།    

མཉམ་ལས་སྤེལ་རེས་ལ་ཤུགས་བརྒྱབ་པ། ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དང་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་ལས་དོན་གཏིང་ཟབ་ཏུ་བཏང་སྟེ། “ལིན་དབྱི་དང་མདའ་བཞིའི”ཏང་གི་སློབ་གྲྭའི་མཉམ་འབྲེལ་ཐུན་མོང་འཛུགས་སྐྲུན་སྟེགས་བུ་བཙུགས་ནས་དགེ་རྒན་གྲགས་ཅན་གྱི་ཐོན་ཁུངས་དང་སྤུས་ལེགས་སློབ་ཁྲིད། སློབ་ཁྲིད་རྟེན་གཞི། དྲ་རྒྱའི་སྟེགས་བུ་སོགས་སྒོ་འབྱེད་མཉམ་སྤྱོད་བྱས་ཡོད།     

མདའ་བཞིའི་གསར་བརྗེ་གནས་སྐོར་འཕེལ་རྒྱས་བྱུང་བ་དེས་མི་སྔར་ལས་མང་པོ་ཞིག་ལ་སྐབས་དེའི་དཀའ་སྡུག་དང་གཟི་བརྗིད་ཀྱི་ལོ་ཟླར་རྒྱུས་ལོན་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་དུ་བཅུག་ཡོད་པ་མ་ཟད། ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཡང་བསྣན་ཡོད། མ་འོངས་པར་མདའ་བཞི་རྫོང་གིས་མུ་མཐུད་དུ་གསར་བརྗེའི་གནས་སྐོར་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། གནས་སྐོར་ཆ་སྒྲིག་གི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཇེ་ཚང་དུ་གཏོང་བ་དང་གནས་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་ནས་གསར་བརྗེའི་གནས་སྐོར་གྱི་མིང་བྱང་དེ་སྔར་ལས་འོད་དུ་འཚེར་ཞིང་སྐད་གྲགས་ཆགས་པར་འབད་བརྩོན་བྱ་རྒྱུ་ཡིན།    



མཉམ་སྤྱོད།