དེ་རིང་ནི2025ལོའི་ཟླ09པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་གི་དམངས་ཀྱིས་གོང་རིམ་ལ་ཐབས་འདོན་ཇུས་འབུལ་བྱེད་པ་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་སྲིད་ཇུས་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

2025-09-26 09:06:51   |   137

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་ལས་ཤེས་གསལ་ལྟར་ན། ད་ལོའི་ཚུན་ལ། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་ལ་དམ་པོར་དམིགས་ནས“ང་ཡིས་མདའ་བཞིའི་འཕེལ་རྒྱས་ཐད་ལ་བསམ་ཚུལ་ཞིག་བརྗོད”ཅེས་པའི་ཐབས་འདོན་ཇུས་འབུལ་བྱེད་སྒོ་སྤེལ་ཏེ། དམངས་ཀྱི་འདོད་བློ་དང་བསམ་ཚུལ། བློ་གྲོས་སོགས་ཁྱབ་རྒྱ་ཆེ་བའི་སྒོ་ནས་བསྡུ་ལེན་བྱས་ཏེ། བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དཀའ་ངལ་དང་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ཡོད།

མདའ་བཞི་རྫོང་གིས་དམངས་ཀྱི་འདོད་བློ་རྒྱ་ཁྱབ་སྒོས་བསྡུ་ལེན་བྱས་ཏེ་དམངས་ཚིས་དངོས་དོན་ལས་ཕྱོད་ཆེན་པོས་ལེགས་འགྲུབ་བྱུང་ཡོད་པ་དང་། “དམངས་ཀྱི་དགོས་མཁོར་རྒྱུས་ལོན་དང་དམངས་ལ་ཐབས་ཤེས་འདྲི་བའི”སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱས་ཏེ། དྲ་ཐོག་གི་སྟེགས་བུ་དང་གཞི་རིམ་དུ་བཅར་འདྲི་བྱེད་དུ་འགྲོ་བ། གྲོས་མོལ་དང་བསམ་ཚུལ་བརྗེ་རེས་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་སློབ་གསོ་དང་སྨན་བཅོས། འགྲིམ་འགྲུལ། སྐྱེ་ཁམས། མཁར་གྲོང་འཛུགས་སྐྲུན་སོགས་ཀྱི་དམངས་ཚིས་ཁྱབ་ཁོངས་ཀྱི་བསམ་འཆར་ལ་རྣ་བ་གཏད་དེ་ཉན་ཞིང་། ཁག་བགོས་ནས་སྐུལ་འདེད་གཏོང་བ་དང་དུས་བཀག་ལྡོག་སྐྱེལ་བྱེད་པ། ཕན་ནུས་ཆེ་བའི་སྒོ་ནས་བྱ་བའི་ལམ་སྲོལ་དོན་འཁྱོལ་བྱས་ཡོད། ད་ལོའི་ཚུན་ལ་རིམ་རྩིས་བྱས་ན་བསམ་འཆར་དང་གྲོས་གཞི493བསྡུ་ལེན་བྱས་པ་དང་། དེའི་ཁྲོད་ཀྱི་ཁག་དང་པོའི་དོན་ཚན342ཡི་དོན་ཚན249ལེགས་འགྲུབ་བྱས་ཟིན། ཁག་གཉིས་པའི་དོན་ཚན59ཡི་དོན་ཚན47ལེགས་འགྲུབ་བྱས་ཟིན། ཁག་གསུམ་པའི་དོན་ཚན92ཡོད་པའི་ཁྲོད་ཀྱི་དོན་ཚན65ལེགས་གྲུབ་བྱས་ཟིན། དེ་མིན་ད་དུང“དམངས་ཀྱི་འབོད་སྐུལ་ང་ཡིས་ལག་ལེན་བྱེད”ཅེས་པའི་རྩ་དོན་ལྟར། དོན་དངོས་དངོས་ཡོད་ཀྱི་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་ཡོད།

མདའ་བཞི་རྫོང་གིས་རྨང་གཞི་སྟོབས་ཆེར་གཏོང་བར་དམིགས་ཏེ་དམངས་ཚིས་བདེ་ཐོབ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད་དེ། སློབ་གསོ་དང་སྨན་བཅོས་ཐད་ལ་མ་དངུལ་སྒོར་ཁྲི689བཏང་ནས་བྱིས་གཉོར་ཁང་སྒྱུར་བཀོད་དང་སྒྲ་མེད་རང་སྦྱོང་ཁང་འཛུགས་སྐྲུན།  སློབ་གསོ་དར་སྤེལ་གྱི་ཐེབས་རྩ་འཛུགས་པ་བཅས་ལ་སྐུལ་འདེད་བཏང་སྟེ། སྨན་བཅོས་ཆེད་མཁས་པ7ནང་འདྲེན་བྱས་ཏེ་རིག་ཚན་འཛུགས་སྐྱོང་དང་གཞི་རིམ་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་ནུས་པར་ཤུགས་བརྒྱབ་པ་དང་། རྫོང་སྨན་ཁང་ཁྲག་བརྟོལ་ཆེད་ལས་ཚན་ཁག་མི་འགྱང་བར་བེད་སྤྱོད་བྱས་ཆོག་པ་རེད།

  རྨང་གཞིའི་སྒྲིག་བཀོད་དང་སྐྱེ་ཁམས་སྲུང་སྐྱོང་གི་ཕྱོགས་ལ་མ་དངུལ་སྒོར་ཁྲི833.26ལྷག་བཏང་ནས་གྲོང་གསེབ་གཞུང་ལམ་བདག་སྐྱོང་དང་། དམངས་ཕན་ཟམ་པ་འཛུགས་སྐྲུན། ཆུ་བེད་སྒྲིག་བཀོད་སྒྱུར་བཅོས། ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་བཅས་བྱས་ནས་མ་ལག་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཐད་ལ་ཞིང་འབྲོག་པའི་ནུས་རྩལ་གསོ་སྦྱོང་མི་ཐེངས230སྤེལ་བ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི23953ལྷག་ལ་སླེབས་ཡོད། སྡེ་བ་རིམ་པའི་བདེ་སྐྱིད་ཟ་ཁང33ལ་སྒྱུར་བཀོད་མཐོར་འདེགས་དང་ཚན་ལྡན་འཁོར་སྐྱོད་བྱེད་དུ་བཅུག་སྟེ་དམངས་ཚིས་འགན་སྲུང་གི་ཚད་ཐིག་སྲ་བརྟན་དུ་བཏང་ཡོད།

མདའ་བཞི་རྫོང་གིས་ཚད་ལྡན་ངང་ཁྱི་གསོ་བ་དང་རླངས་འཁོར་གང་འདོད་དུ་འཇོག་པ། སློབ་གྲྭའི་བཟའ་བཏུང་བདེ་འཇགས་བཅོས་སྐྱོང་བྱེད་པ་ནས་བཙོག་ཆུ་ཐག་གཅོད་དང་གད་སྙིགས་རིགས་དབྱེ་བགར་བ་སྟེ། མང་ཚོགས་ཉེ་འགྲམ་གྱི“དོན་དག་ཕྲ་མོ”དག་ཕན་ནུས་ཆེན་པོས་ཐག་གཅོད་ལེགས་པོ་བྱས་ཏེ། མཁར་གྲོང་གི་ཁོར་ཡུག་དང་འཚོ་བའི་སྒྲིག་ལམ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། ད་དུང“གནད་ལ་འཁེལ་བའི་སྒོ་ནས་ཐབས་ཤེས་འདྲི་རྟོགས་བྱེད་པའི”ཐབས་ལམ་རྒྱུན་ཆེད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། “དྲ་ཐོག་དང་ཡུལ་དངོས”མཉམ་འགུལ་ལ་སྐུལ་འདེད་གཏོང་བ། སྡེ་ཚན་གྱི་མཐུན་སྦྱོར་དང་ལས་སྒྲུབ་ཡོང་བསྒྲགས་བྱ་རྒྱུར་ཤུགས་བསྣན་ཏེ། མང་ཚོགས་ཀྱི“ཐབས་ཤེས་ལེགས་པོ”དེ་སྲིད་གཞུང་གི་དམངས་ཕན་གྲུབ་འབྲས་དངོས་ལ་བསྒྱུར་ཅིང་། དམངས་ཀྱི་བསམ་ཚུལ་ལ་ཉན་པ་དང་དམངས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ། དམངས་ཚིས་འགན་སྲུང་བྱེད་པ་བཅས་ཀྱི་ཁྲོད་དུ་ལས་བྱེད་པའི་དངོས་སྒྲུབ་སྤྱོད་ཚུལ་དང་འགན་འཁྲིའི་འདུ་ཤེས་མཚོན་པར་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་ནུས་པས་མང་ཚོགས་ཀྱི་རེ་སྒུག་ལ་ལག་ལེན་དངོས་ཀྱི་སྟེང་ནས་བྱས་རྗེས་འཇོག་རྒྱུ་རེད།



མཉམ་སྤྱོད།