དེ་རིང་ནི2025ལོའི་ཟླ10པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོའི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པ།

2025-10-11 11:02:16   |   240

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། འཁོར་སྐར་རྒྱང་ཚོར་རྟོག་འཇལ་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོའི་མཚོ་སྔོན་པོའི(མཚོ་ཆུང་ནོར་བུ་དང་མཚོ་རྣ་ལུང)ཆར་ཆུ་འཛོམས་པའི་དུས་ཀྱི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ4657.92ཡིན་ལ། ལོ་འཁོར་སྔོན་མ་དང་ལོ་བཅུའི་དུས་མཉམ་ཀྱི་ཆ་སྙོམས་སྙོམས་ཐང་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ7.84དང་སྤྱི་ལེ་གྲུ་བཞི་མ233.74རྒྱ་བསྐྱེད་ཡོད། རྟོག་འཇལ་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པའི་རྣམ་པ་མངོན་ཡོད་པ་དང་། 2025ལོ་དང་ལོ་འཁོར་སྔོན་མའི་ཆར་ཆུ་ཉུང་བའི་དུས་ཚིགས(ཟླ4པ)དང་བསྡུར་ན་ད་ལོའི་ཆར་ཆུ་འཛོམས་པའི་དུས་ཀྱི་རྒྱ་ཁྱོན་སོ་སོར་སྤྱི་ལེ་གྲུ་བཞི་མ55.82དང་སྤྱི་ལེ་གྲུ་བཞི་མ60.52རྒྱ་བསྐྱེད་ཡོད་པ་རེད།

མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་ཚྭ་མཚོ་ཆེ་ཤོས་དེ་ཡིན་པ་དང་དེའི་ཆུ་གནས་འགྱུར་ལྡོག་གིས་མཚོ་བོད་མཐོ་སྒང་བྱང་ཤར་གྱི་སྐྱེ་ཁམས་བདེ་འཇགས་དང་ས་ཁོངས་ཀྱི་གནམ་གཤིས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། ཆེད་མཁས་པས་དབྱེ་ཞིབ་བྱས་པར་གཞིགས་ན། 2025ལོའི་ཟླ8པར་ཆར་ཆུ་མང་པ་ནི་མཚོ་སྔོན་པོའི་རྒྱ་ཁྱོན་ལོ་འཁོར་འདིར་མུ་མཐུད་དུ་རྒྱ་བསྐྱེད་པའི་ཐད་ཀའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། སྡོམ་རྩིས་བྱས་པ་ལྟར་ན། 2025ལོའི་ཟླ5པ་ནས་ཟླ8པའི་བར། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆར་ཆུས་ཧའོ་སྨི298.3ཟིན་པ་དེ་སོ་སོར་ལོ་སྔོན་མའི་དུས་མཉམ་དང2015ལོའི་དུས་མཉམ་ལས་ཧའོ་སྨི40.4དང་ཧའོ་སྨི36.5མང་དུ་ཕྱིན་ཡོད། དེའི་ནང་ཟླ་བ་བརྒྱད་པར་ཟླ་བ་གཅིག་གི་ཆར་ཆུས་ཧའོ་སྨི143.8ཟིན་ཞིང་། མཚོ་ཆུ་རྒྱས་ཚད་ལ་བྱས་རྗེས་མངོན་གསལ་ཕུལ་ཡོད། ད་ལོའི་རྩྭ་ཆུ་འཛོམས་དགོས་པའི་གནད་འགག་གི་དུས་སྐབས་སུ་ཆར་ཆུ་འབབ་ཚད་ཧ་ཅང་མང་མོད། 2025ལོའི་ཟླ1པ་ནས་ཟླ9པའི་བར་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆར་ཆུ་འབབ་ཚད་ཁྱོན་ཡོངས་ཧའོ་སྨི333.6ཡིན་པ་དང་། ལོ་སྔོན་མའི་དུས་མཉམ་ལས་ཧའོ་སྨི103.6ཇེ་ཉུང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག2025ལོའི་ཆར་ཆུ་མང་དུས་ཀྱི་ཆར་ཆུ་ཧའོ་སྨི13.9ལས་མེད་པ་དེ2024ལོའི་དུས་མཉམ་ལས་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་ཡོད། ཆེད་མཁས་པས་ཆར་ཆུ་མང་བའི་དུས་སུ་ཆར་ཆུ་འབབ་ཚད་ཉུང་བ་དེས། མིག་སྔའི་མཚོ་སྔོན་པོའི་རྒྱ་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་པའི་མྱུར་ཚད་ཇེ་དལ་དུ་འགྲོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅེས་བསྟན།

སྔོན་དཔགས་བྱས་པ་ལྟར་ན། ད་ལོའི་ཟླ10པར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བར་ཆར་ཆུ་ཅུང་མང་བ་དང་དྲོད་ཚད་ཅུང་མཐོ་བ་དེས་མཚོ་སྔོན་པོར་མཚོ་དར་མ་ཆག་སྔོན་གྱི་རྒྱ་ཁྱོན་ཇེ་ཆེར་འགྲོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡིས“མཁའ་དབྱིངས་དང་ས་གཞི”གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རྟོག་འཇལ་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། འཁོར་སྐར་རྒྱང་ཚོར་སོགས་ལག་རྩལ་བེད་སྤྱོད་བྱ་རྒྱུར་ཤུགས་བརྒྱབ་སྟེ། མཚོ་སྔོན་པོའི་རྒྱ་ཁྱོན་འགྱུར་ལྡོག་ལ་དུས་ཐོག་དང་འགུལ་རྣམ་རྟོག་འཇལ། ཞིབ་གཙིགས་དཔྱད་དཔོག་མངོན་འགྱུར་བཅས་བྱ་རྒྱུ་རེད།



མཉམ་སྤྱོད།