དེ་རིང་ནི2025ལོའི་ཟླ10པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ལོ་ངོ་བཞི་བཅུའི་རིང་མཐོ་འཁྱགས་ཐན་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

2025-10-14 10:52:59   |   170

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་ལས་ཟླ10པའི་ཚེས10ཉིན་ཤེས་གསལ་ལྟར་ན། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་མི་རབས་ནས་མི་རབས་བར་བྱེ་ས་བཅོས་སྐྱོང་བྱེད་ཅེས་པའི་སྙིང་སྟོབས་དར་སྤེལ་སྒོས་ལོ་ངོ་བཞི་བཅུའི་རིང་། རིམ་རྩིས་བྱས་ན་བྱེ་ས་མུའུ་ཁྲི56ལྷག་བཅོས་སྐྱོང་སླར་གསོ་བྱས་ཏེ་བྱེ་སའི་རྒྱ་ཁྱོན་མུའུ་ཁྲི92.6ཇེ་ཆུང་དུ་བཏང་ཡོད་པ་དང་། ད་ལྟ་ནགས་ཚལ་དང་རྩྭ་ཤིང་ཁེབས་ཚད40%ལས་བརྒལ་ཡོད་པ་རེད། སྔོན་གྱི“བྱེ་བསྐྱོད་མི་འབྲོ”ནས་ད་ལྟའི“ལྗང་བསྐྱོད་བྱེ་འགོག”གི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅིང་། དེ་ནི་མཐོ་མཁྱགས་ཐན་ཁུལ་གྱི་བྱེ་ས་བཅོས་སྐྱོང་གི་དཔེ་མཚོན་གསོན་པོ་ཞིག་ཏུ་གྱུར་ཡོད།     

མདའ་བཞི་རྫོང་ནི་མཚོ་སྔོན་པོའི་བྱང་ཤར་ཕྱོགས་སུ་གནས་ཡོད་པ་དང་། དེ་ནི་མཚོ་བོད་ས་མཐོའི་བྱང་ཤར་མཐའ་མཚམས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་རགས་གལ་ཆེན་ཞིག་ཡིན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་ལ་རང་བྱུང་དང་མིས་བཟོས་རྒྱུ་རྐྱེན་གྱིས་འདི་གའི་རྩྭ་ཐང་ལ་གནོད་འཚེ་ཚབས་ཆེན་ཐེབས་པས། སྐབས་ཤིག་ལ་བྱེ་སར་གྱུར་པའི་ས་གཞིའི་རྒྱ་ཁྱོན་མུའུ་ཁྲི148.6ལ་སླེབས་ཤིང་། སྐོར་སྐྱོད་བྱེ་སྒང་མཚོ་སྔོན་པོའི་འགྲམ་དུ་ཐོན་པ་དང་སྐྱེ་ཁམས་ཀྱི་གནས་བབ་ཛ་དྲག་ཏུ་གྱུར།   

གྲང་ངར་གྱིས་གཙེས་བའི་ཁོར་ཡུག་འདིའི་ཁྲོད་ནས་མདའ་བཞི་རྫོང་གིས“ལག་རྩལ་འཚམ་སྒྲིག་དང་རྣམ་པ་ལེགས་སྒྱུར”གྱི་བཅོས་སྐྱོང་ཐབས་ལམ་འཚོལ་ཞིབ་བྱས་ཏེ། བྱེ་འགོག་རྩྭ་གསོ་དང་བྱེ་ཚེར་འཚོ་བཅུད། སྡོང་འཛུགས་ནགས་སྐྲུན་བཅས་བྱས་ཏེ། བྱེ་འགོག་བྱེ་བཅོས་དང་ཝུའུ་ལིའུ་སོག་མའི་ནགས་འཛུགས་བྱས་པ་དང་། ཀྲང་ཙི་གསོམ་ཤིང་སྣོད་ཆས་ཀྱི་མྱུ་གུ་ནང་འདྲེན་དང་ཆུ་འདྲེན་བྱས་ཏེ། སྡོང་འཛུགས་ནགས་སྐྲུན་གྱི་གསོན་ཚད85%ལས་བརྒལ། རིམ་རྩིས་བྱས་ན་སྒོར་དུང་ཕྱུར2.2བཏང་ནས“བྱང་གསུམ”གྱི་འགོག་སྲུང་ནགས་ཚལ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གཞི་ཁག11ལག་བསྟར་དངོས་འབེབས་བྱས་ཏེ། ས་མུའུ་ཁྲི140བཅོས་སྐྱོང་ལེགས་འགྲུབ་བྱུང་ཡོད་པ་དང་། “འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོབ། སྲ་བརྟན”བཅས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ། ཕྱུགས་འཚོ་སྐྱོང་དང་ས་རྒོད་སློག་པ་གཏན་འགོག་དང་མི་མེད་གནམ་གྲུ་སྤྱད་ནས་ལྟ་ཞིབ་ཚད་ལེན་བྱས་ཏེ། བཅོས་སྐྱོང་གྲུབ་འབྲས་ཕྱིར་མི་ལྡོག་པ་དང་སྐོར་སྐྱོད་བྱེ་འབུར་མེད་པར་འགྱུར་བར་འགན་ལེན་བྱས་ཡོད། 

མདའ་བཞི་རྫོང་གིས་བྱེ་འགོག་བྱེ་བཅོས་དང་དམངས་ཚིས་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་ཀྱི་ཁེ་སྤོགས་འདོན་སྤེལ་བྱས་པ་དང་། སྲིད་ཇུས་ཀྱིས་སྐུལ་འདེད་བཏང་སྟེ་བྱེ་ཁུལ་བཅོས་སྐྱོང་དེ་ཞིང་ཆེན་རིམ་པའི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་ཁྲོད་བཅུག་ནས་མ་དངུལ་སྒོར་ཁྲི3390ལྷག་ཙམ་བཏང་བ་དང་། རིག་གནས་གནས་སྐོར་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས“སྨོན་ལམ་མཐོན་པོ་དང་བྱེ་མ་ལ་བདུན”“ཁིས་ཐོག་བྱེ་འགོག་བྱེ་བཅོས་དང་སྒར་གཞི་བཅུ་གཉིས་པའི་གྲུ་ཁ”སོགས་ས་ཁུལ་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་བཏང་སྟེ། ད་ལོའི་ལོ་སྟོད་དུ་རྫོང་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི64.56སྣེ་ལེན་བྱས་པ་དང་གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར2.2ལྷག་ལ་སླེབས། དེ་མིན་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་བཏང་སྟེ་བོད་ལུག་དང་འབྲུ་རིགས་སོགས་གསོ་སྤེལ་རྟེན་གཞི59སྐྲུན་ནས་རོང་འབྲོག་པའི་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཡོད། ལོ་སྟོད་དུ་རྫོང་ཡོངས་ཀྱི་རོང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9018སླེབས་ཤིང་དུས་མཚུངས་ལས6.7%འཕར་བས། “བྱེ་འགོག་བྱེ་བཅོས་དམིགས་འབེན་མངོན་འགྱུར་བྱུང་ཡོད།

ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་དཀའ་སྡུག་གི་བརྒྱུད་རིམ་ཁྲོད། མདའ་བཞི་རྫོང་གིས“དཀའ་ངལ་ལ་མི་སྐྲག་པར་མདུན་དུ་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འགྲུབ་འབྲས་ལེན”པའི་ཁིས་ཐོག་བྱེ་འགོག་གི་སྙིང་སྟོབས་ཁུར་དུ་བཞེས་པ་དང་། དེ་ནི་ད་ལྟ་མདའ་བཞི་རྫོང་གིས་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་སྐྱེད་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད། གཡུར་དུ་ཟ་བའི་གྲུབ་འབྲས་འདི་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད།མདའ་བཞི་རྫོང་གིས་སྒོར་ཁྲི900བཏང་ནས་ཁིས་ཐོག“རི་གཉིས”གཞུང་ལུགས་ཀྱི་སློབ་གསོའི་ལག་ལེན་རྟེན་གཞི་བསྐྲུན་ཡོད་པ་དང་། “གསར་བརྗེ+སྐྱེ་ཁམས་ཀྱི་ཞིབ་སློབ་མ་ལག་གསར་གཏོད་བྱས་ཏེ། གསར་བརྗེ་སློབ་ཁྲིད་བྱ་ཡུལ་དང་བྱེ་འགོག་ལག་བསྟར་བརྒྱུད་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་བྱེ་འགོག་དང་བྱེ་བཅོས་ཀྱི་ཏང་གི་སློབ་ཚན་ཐོག་མ་སྟེ།《ལྗང་མདོག་བསྐྲུན་པའི་ལོ་ཟླ》ཞེས་པ་གསར་སྒྲིག་བྱས་ཏེ། མི་རབས་གསུམ་གྱི་བྱེ་འགོག་འབད་འཐབ་ཀྱི་ལོ་རྒྱུས་བརྩེ་བ་ཟབ་མོས་བརྗོད་དེ། མཚོ་སྔོན་པོའི་འགྲམ་ངོགས་ཀྱི“སའེ་ཧན་པའི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྟོབས་ཤུགས་རྒྱུན་མཐུད་ངང་གཅིག་སྒྲིལ་བྱས་ཡོད།




མཉམ་སྤྱོད།